མཚོ་སྔོན་ཞིང་ཆེན་གྱི་ཉིས་སྟོང་ཉེར་གཅིག་ལོའི་ཀྲུང་བོད་གསོ་རིག་རིག་གནས་དྲིལ་སྒྲོག་བྱ་འགུལ་སྤེལ།
2021.07.29 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 16

ཉེ་ལམ། མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་དང་མཚོ་ཤར་གྲོང་ཁྱེར་མི་དམངས་སྲིད་གཞུང་གཉིས་ཀྱིས་ལི་ཏུའུ་ཆུས་སུ་མཉམ་འབྲེལ་སྒོས་མཚོ་སྔོན་ཞིང་ཆེན་གྱི་ཉིས་སྟོང་ཉེར་གཅིག་ལོའི་ཀྲུང་བོད་གསོ་རིག་རིག་གནས་དྲིལ་སྒྲོག་བྱ་འགུལ་གྱི་རྨ་ཙོང་ཀྲུང་བོད་གསོ་རིག་རིག་གནས་བྱ་འགུལ་དང་། ཆི་ཧོང་སྨན་ཁབ་གསོ་སྦྱོང་ཚོགས་འདུ་བསྡུས་པ་དང་། ཐེངས་འདིའི་བྱ་འགུལ་གྱིས“ཀྲུང་བོད་གསོ་རིག་རིག་གནས་ཤུགས་ཆེན་པོས་བརྒྱུད་སྒྲོག་དང་། མི་དམངས་མང་ཚོགས་ཀྱི་བདེ་ཐང་སྤུས་ཚད་མཐོར་འདེགས་གཏོང་བ”བརྗོད་དོན་གཙོ་བོར་བཟུང་ཞིང་། དམིགས་ཡུལ་ནི་ཀྲུང་ལུགས་བོད་ལུགས་གསོ་རིག་རིག་གནས་ཀྱི་ཉིང་བཅུད་བརྒྱུད་སྒྲོག་དང་། ཀྲུང་བོད་གསོ་རིག་ཀྱི་བདེ་ཐང་འདུ་ཤེས་ཁྱབ་གདལ་དུ་གཏོང་བ། དེ་མིན་ཀྲུང་བོད་གསོ་རིག་བདེ་ཐང་ཞབས་ཞུ་རྒྱུན་བསྲིང་བྱེད་པ་བཅས་ཀྱི་ཐད་རྨང་གཞི་ངེས་ཅན་ཞིག་བཏིང་སྟེ། བདེ་ཐང་མཚོ་སྔོན་འཛུགས་སྐྲུན་ཁྲོད་ཀྱི་ཀྲུང་བོད་གསོ་རིག་ཐུན་མོང་མ་ཡིན་པའི་ནུས་པ་བཟང་པོ་འདོན་སྤེལ་ལེགས་པོ་བྱེད་རྒྱུ་དེ་རེད།

ཐེངས་འདིའི་བྱ་འགུལ་ཁྲོད་ཞིང་ཆེན་རིམ་པའི་ཀྲུང་བོད་གསོ་རིག་སྨན་ཁང་དང་། ཟི་ལིང་གྲོང་ཁྱེར། དེ་མིན་རྫོང་དང་ཆུས་ཀྱི་ཀྲུང་ལུགས་སྨན་ཁང་། མཚོ་ཤར་གྲོང་ཁྱེར་གྱི་རྫོང་དང་ཆུས་སོ་སོའི་ཀྲུང་བོད་ལུགས་གསོ་རིག་སྨན་ཁང་། ཞིང་ཆེན་ནང་ཁུལ་གྱི་ཀྲུང་བོད་ལུགས་གསོ་རིག་སྨན་ཁང་དང་། ཁེ་ལས་འཐུས་ཚབ་པ། ཅང་སུའུ་ཞིང་ཆེན་ཝུའུ་ཞི་གྲོང་ཁྱེར་གྱི་གསོ་རིག་ཆེད་མཁས་པ་སྐོར་ཞིག་གདན་དྲངས་ནས། ཀྲུང་ལུགས་སྨན་རྫས་འགྲེམ་སྟོན་དང་། ཀྲུང་བོད་ལུགས་གསོ་རིག་ལག་རྩལ་མྱོང་རོལ། ཀྲུང་བོད་གསོ་རིག་ཁམས་གསོའི་ལག་རྩལ་ཡུལ་དངོས་ཁྲིད་སྟོན་སོགས་དང་ བདེ་ཐང་སྨན་ཐོ་སྟེར་བ་དང་། དྲིལ་སྒྲོག་འགྲེམ་བྱང་སོགས་ཀྱི་རྣམ་པས་ཀྲུང་ལུགས་སྨན་རྫས་ཀྱི་ཤེས་བྱ་ཁྱབ་གདལ་དུ་བཏང་ནས། ཡུལ་དངོས་མང་ཚོགས་ལ་ཀྲུང་ལུགས་སྨན་རྫས་ཀྱི་བདེ་ཐང་ཁམས་གསོའི་ཤེས་བྱར་རྒྱུས་ལོན་བྱེད་དུ་བཅུག

རྩོམ་སྒྲིག་པ། འབྲུག་མོ།