ཟླ་བརྒྱད་པའི་ཚེས་དགུའི་ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཉམ་འབྲེལ་སྔོན་འགོག་ཚོད་འཛིན་ནང་རྐྱེན་གྱི་པྲོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བའི་གྲོས་ཚོགས་དང་། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་པྲོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་ཀྱི་དགོངས་དོན། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་དང་། ཞིང་ཆེན་པྲོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་གྲོས་ཚོགས་ཐེངས13པའི་དགོངས་དོན་ལག་ལེན་དོན་འཁྱོལ་བྱ་ཆེད། བསྟུད་མར་ཉིན་འགའི་རིང་། ཞིང་ཆེན་ཡོངས་ཀྱི་འཕྲོད་བསྟེན་བདེ་ཐང་མ་ལག་གིས་ཧུར་ཐག་དང་ཞིབ་ཚགས་ཀྱི་བྱ་བ་དང་འགན་འཁྲིས་ཁྱོན་ཡོངས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བ་དམ་འཛིན་བྱས་ཏེ། “འགོག་སྲུང་དང་བརྟན་སྲུང”དོན་འཁྱོལ་བྱ་རྒྱུ་རེད།
ཞིང་ཆེན་ཡོངས་ཀྱི་འཕྲོད་བསྟེན་བདེ་ཐང་མ་ལག་གིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་སྟོབས་ཤུགས་དང་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱས་ཏེ། བརྟན་སྲུང་ལ་འགན་འཁྲི་ཡོད་པ་དང་། འགན་འཁྲི་བརྟན་སྲུང་བྱས་ཏེ། འགན་འཁྲི་ལག་བསྟར་བྱེད་པ་དང་། སྟོབས་ཤུགས་ཡོད་རྒུས་གྲངས་འཛིན་ཆེན་མོའི་བརྡ་འཕྲིན་ཞིབ་བཤེར་རྗེས་སྙེགས་རྩད་ཞིབ་བྱས་ཏེ། མི་འགུལ་བསྐྱོད་ལ་དབྱེ་ཞིབ་བརྡར་གཅོད་བྱས་ནས། མི་གཅིག་ཀྱང་མི་ཤོར་བར་བྱེད་དགོས། རིགས་སོ་སོའི་གཙོ་གནད་ར་བ་དང་ཞིང་ཆེན་བར་གྱི་འགྲིམ་འགྲུལ་འགག་སྒོ་དོ་དམ་གཟབ་ནན་དང་། དྲོད་གྲངས་ཚད་འཇལ་ཞིབ་བཤེར་ཚད་ལེན། དེ་མིན་ཚན་རིག་སྒོས་ཁ་ཐུམ་རྒྱག་པ། “རྩ་གཉིས་ཨང་བཤེར་གཉིས”ཀྱི་ཞིབ་བཤེར་དང་ཉིང་སྐྱུར་ཚད་ལེན་ཞིབ་བཤེར་སྙན་ཞུ་སོགས་ཚོད་འཛིན་བྱེད་ཐབས་དོན་འཁྱོལ་བྱེད་དགོས། སྨན་བཅོས་འཕྲོད་བསྟེན་སྡེ་ཁག་སོ་སོས་ཐོག་དང་པོའི་ཉིང་སྐྱུར་ཚད་ལེན་གྱི་གདགས་གཤིས་མི་སྣའི་བརྡ་འཕྲིན་སྙན་ཞུའི་བྱ་བར་མཐོང་ཆེན་དང་། གོ་རིམ་ཚད་ལྡན། ལས་བགོས་གསལ་བོ། འགན་འཁྲི་མིའི་སྟེང་དུ་དོན་འཁྱོལ་ཡོང་བར་བྱེད་དགོས། རིམ་པ་སོ་སོའི་འཕྲོད་བསྟེན་བདེ་ཐང་སྡེ་ཁག་དང་སྨན་བཅོས་འཕྲོད་བསྟེན་སྡེ་ཁག་གིས། ཧུར་ཐག་གིས་ཕྱོགས་མང་པོའི་ཐོན་ཁུངས་བསྡུ་སྒྲིག་དང་། དུས་ཐོག་ཏུ་རྩད་ཞིབ་གནད་དོན་ལེགས་བཅོས་བྱས་ནས། སྨན་ཁང་དུ་འགོས་ནད་བྱུང་བའི་སྔོན་འགོག་ཚོད་འཛིན་ཉེན་ཁ་དང་བྱ་བའི་སྐྱོན་ཆ་མེད་པར་གཏོང་བར་ཁག་ཐེག་བྱས། །
རྩོམ་སྒྲིག་པ། འབྲུག་མོ།