མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ཡུལ་སྐོར་སྡེ་ཁག་གིས་རིམས་ནད་འགོག་སྡོམ་རིམ་པར་ཤུགས་སྣོན་བྱས།
2021.08.10 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 11

རྒྱལ་ཡོངས་ཀྱི་རིག་གནས་དང་ཡུལ་སྐོར་ལས་རིགས་ཀྱི་རིམས་ནད་འགོག་སྡོམ་བྱ་བའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་ཉེ་སྔོན་ཚོགས་པ་དང་། མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ཡུལ་སྐོར་ཚོང་རའི་རིམས་ནད་འགོག་སྡོམ་ལ་དམིགས་ཏེ། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན་གྱིས་ཆེད་དུ་རིམས་ནད་འགོག་སྡོམ་བྱ་བའི་ཆེད་དོན་གྲོས་ཚོགས་བསྡུས་ཏེ། རིམས་ནད་འགོག་སྡོམ་བྱ་བར་ཡང་བསྐྱར་སྐུལ་སློང་དང་བཀོད་སྒྲིག་བྱས། རིགས་སྣ་ཚོགས་ཀྱི་འདུ་འཛོམས་རང་བཞིན་གྱི་བྱ་འགུལ་སྤེལ་མཚམས་འཇོག་པ་དང་། དགོས་མེད་ཀྱི་བྱ་འགུལ་མི་སྤེལ་བ། དགོས་མེད་དུ་ཕྱི་རུ་མི་འགྲོ་བ། གནས་སྐོར་བའི་ཚོགས་པ་གཏོར་བ་དང་གྲོན་དངུལ་ཕྱིར་སྟེར་བ་སོགས་འབྲེལ་ཡོད་བྱ་བ་ཐག་གཅོད་བཟང་བོ་བྱས་ནས། རིག་གནས་ཡུལ་སྐོར་ཚོང་རའི་གཏན་འཇགས་འཁོར་རྒྱུག་ལ་འགན་སྲུང་བྱས།

མིག་སྔར་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་རིག་གནས་དང་ཡུལ་སྐོར་སྡེ་ཁག་གིས་ནན་ཏན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རིམས་འགོག་བྱ་བའི་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། རིམས་འགོག་བྱ་བ་དེ་མིག་སྔའི་བྱ་བ་གལ་ཆེན་དང་ཆབ་སྲིད་ཀྱི་ལས་འགན་གཙོ་བོར་བརྩིས་ཏེ་དམ་འཛིན་བྱེད་དགོས། ཁྱབ་ཁོངས་གཙོ་བོའི་ལས་རིམ་ཉམ་ཞན་གཙོར་བཟུང་སྟེ། རིམས་འགོག་བྱེད་ཐབས་སྣ་ཚོགས་དངོས་འབེབ་ནན་མོ་བྱེད་པ་དང་ཕྱོགས་ཡོངས་ནས་རིམས་འགོག་བྱ་བའི་ཁྲོད་གནས་སྲིད་པའི་ཞན་ཆ་དང་མི་འདང་ས་རྩད་ཞིབ་བྱས་ཏེ། མྱུར་མོར་བྱེད་ཐབས་ནུས་ལྡན་སྤྱད་དེ་མི་མངོན་པའི་རྐྱེན་ངན་སེལ་དགོས།

མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན་གྱི་ཐིན་ཀྲང་ཀྲང་ཉིང་གིས་བསྟན་དོན། རྩ་འཛུགས་མགོ་ཁྲིད་དང་གཅིག་གྱུར་མཐུན་སྦྱོར་ལ་ཤུགས་སྣོན་བྱས་ཤིང་། ཟོལ་མེད་ཀྱིས་རིག་གནས་དང་ཡུལ་སྐོར་ལས་རིགས་ཀྱི་རིམས་ནད་འགོག་སྲུང་བྱེད་ཐབས་དངོས་འབེབ་བྱེད་པ་དང་། མི་རུང་བ་བཅུ་དང་མི་དགོས་པ་བཅུ་ནན་སྲུང་བྱས་ཏེ། རིམས་ནད་འགོག་སྡོམ་བྱ་བ་དེ་མིག་སྔར་དང་ཕྱིན་ཆད་ཀྱི་ཆབ་སྲིད་ལས་འགན་དུ་དམ་འཛིན་བྱེད་དགོས་པ་དང་།  ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན་གྱིས་གྲུབ་པའི་བྱ་བའི་ལྟ་རྟོག་རྩ་འཛུགས་ཀྱིས་ཡང་བསྐྱར་ལྟ་རྟོག་བྱ་བ་སྤེལ་བ་དང་། གནད་དོན་རྙེད་ན་ཡུལ་དངོས་ནས་ཡོ་བསྲང་བྱས་ཏེ། དུས་ལྟར་གནད་དོན་དང་རྐྱེན་ངན་སེལ་རྒྱུ་ཡིན་ཟེར།།

རྩོམ་སྒྲིག་པ། འབྲུག་མོ།