མཚོ་སྔོན་ཞིང་ཆེན་གྱི་པྲོག་གསར་གློ་ཚད་ནད་དུག་གི་འགོག་ཁབ་རྒྱག་ཐེངས་ས་ཡ་བདུན་དང་འབུམ་དགུ་ལས་བརྒལ།
2021.09.02 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 19

མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་ནས་བསྒྲགས་པའི་གནས་ཚུལ་ལྟར་ན། རང་ཞིང་གིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ལྟར། པྲོག་གསར་གློ་ཚད་རིམས་ནད་འགོག་བཅོས་ཚོད་འཛིན་བྱེད་ཐབས་ཤུགས་དྲག་དང་འགོག་བཅོས་ཚོད་འཛིན་འགན་འཁྲི་གཟབ་ནན། འགོག་བཅོས་ཚོད་འཛིན་རྟགས་ཚད་ཇེ་བརྟན་དུ་གཏོང་བ་བཅས་བྱས་ནས། ཞིང་ཆེན་ཡོངས་ཀྱི་པྲོག་གསར་གློ་ཚད་རིམས་ནད་འགོག་ཁབ་རྒྱག་ཐེངས་ས་ཡ་བདུན་དང་འབུམ་དགུ་ལས་བརྒལ་ཞིང་ཁྱོན་བསྡོམས་ཉིང་བསྐྱུར་ཚད་ལེན་ཁང་བརྒྱ་དང་ཉེར་བཞི་འཛུགས་སྐྲུན་ལེགས་འགྲུབ་བྱས་པ་དང་། རིམས་ནད་འགོག་བཅོས་བདེ་འཇགས་ཀྱི་འགོག་རགས་མགྱོགས་མྱུར་ངང་སྲ་བརྟན་དུ་བཏང་།

ཤེས་གསལ་བྱུང་བ་ལྟར་ན། རང་ཞིང་གིས་ཁྱོན་ཡོངས་ནས་འགོག་བཅོས་ཚོད་འཛིན་བྱེད་ཐབས་གཟབ་ནན་དང་ཞིབ་ཚགས་སུ་བཏང་བ་དང་། སོ་སོར་རིག་གནས་ཡུལ་སྐོར་ལས་རིགས་དང་རིགས་སོ་སོའི་ཞབས་ཞུ་ལས་རིགས། དཔལ་འབྱོར་གླིང་ཁུལ། གཞུང་སྒྲུབ་མི་སྣ། དེ་མིན་འཛུགས་སྐྲུན་ལས་བཟོ་བ་སོགས་གཙོ་གནད་མི་ཚོགས་ལ་དམིགས་ནས། སྐྱེ་དངོས་བདེ་འཇགས་ཚོད་ལྟ་ཁང་འཛུགས་སྐྲུན་དང་སྤུས་ཚད་ཚོད་འཛིན་བྱ་བའི་འགོག་བཅོས་ཚོད་འཛིན་བྱེད་ཐབས་ལག་བསྟར་གཏན་འབེབ་བྱས་ཤིང་། སྐྱོན་ཆ་འགོག་པ་དང་ཞན་ཆ་ཁ་གསབ་ཀྱིས་རིམས་ནད་བརྒྱུད་སྒྲོག་གི་ཉེན་ཁ་ཇེ་ཆུང་དུ་བཏང་། 《མཚོ་སྔོན་ཞིང་ཆེན་གྱི་པྲོག་གསར་གློ་ཚད་རིམས་ནད་ནད་དུག་གི་ཐོག་མའི་གདགས་གཤིས་མི་སྣའི་ཐག་གཅོད་གོ་རིམ(ཚོད་ལྟ)》དང《མཚོ་སྔོན་ཞིང་ཆེན་གྱི་པྲོག་གསར་གློ་ཚད་རིམས་ནད་འཕྲལ་བསྟུན་ཐག་གཅོད་གོ་རིམ》སྒྲིག་བཟོ་འཐུས་ཚང་དུ་བཏང་སྟེ། ཁྱོན་ཡོངས་ནས་འཕྲལ་བསྟུན་ཐག་གཅོད་བྱ་བ་ཚད་ལྡན་དུ་བཏང་། ལྟ་སྐུལ་མཛུབ་སྟོན་ཞིབ་བཤེར་ཤུགས་དྲག་ཏུ་གཏོང་བ་དང་། ལྟ་སྐུལ་མཛུབ་སྟོན་ཚན་ཆུང་བརྒྱད་གྲོང་ཁྱེར་དང་ཁུལ་སོ་སོར་སོང་ནས་རིམས་ནད་འགོག་བཅོས་ཚོད་འཛིན་དང་། པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་ཁབ་རྒྱག་པའི་བྱ་བར་ལྟ་སྐུལ་མཛུབ་སྟོན་བྱས་པ་དང་། དེའི་གནད་དོན་ཐག་གཅོད་མཐུན་སྦྱོར་བྱས་ཏེ། གནད་དོན་འཚོལ་ཞིབ་དང་ཐག་གཅོད་བྱས། འགོག་ཁབ་རྒྱག་པའི་ཞབས་ཞུ་ཇེ་ལེགས་སུ་གཏོང་བ་དང་། “ཉིན་རེར་བཀོད་གཏོང་དང་གཟའ་རེར་ཡོངས་བསྒྲགས། ཟླ་རེར་དཔྱད་འཇོག”བྱེད་པའི་སྒྲིག་སྲོལ་ལག་བསྟར་དང་། མི་སྣ་རྩ་འཛུགས་ལ་ཤུགས་བསྣོན་དང་འགོག་ཁབ་རྒྱག་པའི་ཞབས་ཞུ་ཇེ་ལེགས་སུ་བཏང་ནས། དུས་ཐོག་ཏུ་མཐུན་སྦྱོར་སྐུལ་འདེད་དང་སྨན་བཅོས་འགན་སྲུང་ཤུགས་དྲག་ཏུ་བཏང་ཞིང་། ལོ་སྟོད་ཀྱི་འགོག་ཁབ་རྒྱག་པའི་ལས་འགན་སྔོན་ལ་ཚད་བརྒལ་གྱིས་ལེགས་འགྲུབ་བྱས། དུས་མཚུངས་སུ་འགོག་ཁབ་རྒྱག་ས་ཁ་བསྣོན་དང་འཁོར་བསྐྱོད་འགོག་ཁབ་རྒྱག་པའི་དཔུང་ཁག་འཛུགས་སྐྲུན། དུས་བསྲིང་འགོག་ཁབ་རྒྱག་པ། དུས་ཆེན་དང་ངལ་གསོའི་དུས་སྐབས་སུ་རྒྱག་པ། དུས་བཅད་འགོག་ཁབ་རྒྱག་པ་སོགས་བྱས་ནས། འགོག་ཁབ་རྒྱག་པའི་ལས་ཁུངས་ཁྱབ་ཚུལ་བཀོད་སྒྲིག་ལ་ལུགས་མཐུན་སྒོས་སྙོམས་སྒྲིག་དང་། འགོག་ཁབ་རྒྱག་པའི་ཁྱབ་ཁོངས་གཏན་འཇགས་རྒྱ་བསྐྱེད་དུ་བཏང་།

རང་ཞིང་གིས་མུ་མཐུད་དུ་གཙོ་གནད་མི་ཚོགས་དོ་དམ་ཚོད་འཛིན་ལ་ཤུགས་བསྣོན་དང་། ཕྱི་རྒྱལ་གྱི་མི་མཚོ་སྔོན་དུ་ཐོན་པའི་ཐོ་འགོད་གྲ་སྒྲིག་དང་མཐུན་སྦྱོར་ཞིབ་བཤེར་ཡོངས་བསྒྲགས་སྒྲིག་སྲོལ་གཟབ་ནན་སྒོས་ལག་བསྟར་བྱས་ཤིང་། ཁྱོན་ཡོངས་ནས་མི་སྣ་དང་དངོས་རྫས། གཅིག་བསྡུས་ལོགས་བཀར་བྱེད་ས། གཏན་འཁེལ་སྨན་ཁང་སོགས་ཀྱི་གྲ་སྒྲིག་བྱ་བ་ལེགས་པོར་སྒྲུབ་ནས། མཉམ་འཛོམས་རང་བཞིན་གྱི་རིམས་ནད་ཐག་གཅོད་ནུས་པ་མཐོར་འདེགས་སུ་བཏང་། མུ་མཐུད་དུ་ཚོད་ལྟ་ཁང་འཛུགས་སྐྲུན་ལ་སྐུལ་འདེད་བྱས། གྲོང་ཁྱེར་བཅུ་གསུམ་དུ་ལྟ་སྐུལ་ཚད་ལེན་མནའ་འབྲེལ་རྟེན་གཞི་འཛུགས་སྐྲུན་འཁོར་རྒྱུག་བྱས་པ་དང་། བསྡོམས་པས་ཉིང་བསྐྱུར་ཚད་ལེན་ཚོད་ལྟ་ཁང་བརྒྱ་དང་ཉེར་བཞི་འཛུགས་སྐྲུན་ལེགས་འགྲུབ་བྱུང་། །

རྩོམ་སྒྲིག་པ། འབྲུག་མོ།