མཚོ་སྔོན་ཞིང་ཆེན་གྱིས་པྲོག་གསར་ནད་དུག་ཉིང་སྐྱུར་བརྟག་དཔྱད་ཀྱི་སྤུས་ཚད་ཚོད་འཛིན་དང་སྐྱེ་དངོས་བདེ་འཇགས་གསོ་སྦྱོང་འཛིན་གྲྭ་བསྡུས།
2021.09.15 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 6

མཚོ་སྔོན་ཞིང་ཆེན་གྱི་པྲོག་གསར་ནད་དུག་ཉིང་སྐྱུར་བརྟག་དཔྱད་ལས་དོན་སྔར་བས་ཚད་ལྡན་དུ་གཏོང་ཆེད། ཉེ་ཆར་མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་ནད་ཐོག་སྨན་བཅོས་ཞིབ་བཤེར་ལྟེ་གནས་ལ་མངགས་བཅོལ་བྱས་ཏེ། ཟི་ལིང་གྲོང་ཁྱེར་དུ་མཚོ་སྔོན་ཞིང་ཆེན་གྱི་པྲོག་གསར་ནད་དུག་ཉིང་སྐྱུར་བརྟག་དཔྱད་སྤུས་ཚད་ཚོད་འཛིན་དང་སྐྱེ་དངོས་བདེ་འཇགས་གསོ་སྦྱོང་འཛིན་གྲྭ་བསྡུས།

རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་གྱི་བླང་བྱ་ལྟར། གསོ་སྦྱོང་འཛིན་གྲྭ་ལ་དྲ་ཐོག་དང་དྲ་ཕྱིའི་སློབ་ཁྲིད་བྱེད་ཐབས་སྤྱད་ཡོད། གསོ་སྦྱོང་འཛིན་གྲྭའི་སྟེང་མཚོ་སྔོན་ཞིང་ཆེན་གྱི་པྲོག་གསར་ནད་དུག་ཉིང་སྐྱུར་བརྟག་དཔྱད་ཁང་གི་སྤུས་ཚད་དཔྱད་དཔོག་གནས་ཚུལ་བརྡ་ཁྱབ་བཏང་བ་དང་། རྒྱལ་ཡོངས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན་དང“མཚོ་སྔོན་གྱི་མཁས་དབང”ཀྲའོ་ཧྲིན་ཞིའུ་ཡིས་ཚང་མར“རིམས་ནད་འགོག་བཅོས་ཀྱི་འགན་འཁྲི་དང་འགན་ཁུར”ཞེས་པའི་བརྗོད་དོན་གཙོ་བོའི་སྙན་ཞུ་ཕུལ་ལ། ཞིང་ཆེན་གནས་སྐབས་ཞིབ་བཤེར་ལྟེ་གནས་ཀྱིས་པྲོག་གསར་ནད་དུག་ཉིང་སྐྱུར་བརྟག་དཔྱད་ཀྱི་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་དང་། སྔོན་འགོག་ཚོད་འཛིན་ཇུས་གཞི། ཉིང་སྐྱུར་བརྟག་དཔྱད་ཀྱི་སྤུས་ཚད་ཚོད་འཛིན། སྐྱེ་དངོས་བདེ་འཇགས་དང་དེ་བཞིན་གཞི་ཁྱོན་ཆེ་བའི་མི་ཚོགས་ལ་ཉིང་སྐྱུར་བརྟག་དཔྱད་བྱེད་པ་བཅས་ཀྱི་ཐད་ཕྱོགས་ཡོངས་ནས་གསོ་སྦྱོང་བྱས་པ་རེད།

ཞིང་ཆེན་རིམ་པའི་སྨན་བཅོས་སྒྲིག་གཞིས་པྲོག་གསར་ནད་དུག་ཉིང་སྐྱུར་བརྟག་དཔྱད་ལས་ཁུངས་ཀྱི་ལས་བགོས་འགན་འཁུར་བློ་མཐུན་དང་། བརྟག་དཔྱད་ཚན་ཁག ཚོད་ལྟ་ཁང་གི་འགན་འཁུར་བ་བཅས་དང་། ཞིང་ཆེན་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་དང་ཕྱོགས་གསུམ་པའི་གསོ་རིག་བརྟག་དཔྱད་ལྟེ་གནས་ཀྱི་འགན་འཁུར་བ་ཚོགས་ར་གཙོ་བོའི་གསོ་སྦྱོང་ནང་ཞུགས་པ་དང་། འབྲེལ་ཡོད་མི་སྣ་སུམ་བརྒྱ་ལྷག་གྲོང་ཁྱེར(ཁུལ)དང་རྫོང་ཡན་ལག་ཚོགས་རའི་དྲ་ཐོག་གསོ་སྦྱོང་ནང་ཞུགས་པ་རེད།

ས་གནས་སོ་སོའི་སྨན་བཅོས་སྒྲིག་གཞིས་རིམ་པ་དབྱེ་ནས་མི་སྣ་ཡོངས་ལ་གསོ་སྦྱོང་བྱ་རྒྱུ་རེད། །

རྩོམ་སྒྲིག་པ། འབྲུག་མོ།