ཞིང་ཆེན་མང་པོ་ཞིག་གིས་པྲོག་གསར་གློ་ཚད་རིམས་ནད་ཀྱི་ཉིང་སྐྱུར་བརྟག་དཔྱད་ཚད་ལེན་གྱི་རིན་གོང་མར་ཕབ།
2021.09.22 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 4

ཉེ་ལམ། རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུའུ་ཡིས་ས་གནས་སོ་སོའི་སྨན་བཅོས་འགན་སྲུང་སྡེ་ཁག་གི་གཞུང་གཉེར་སྨན་ཁང་གི་ཉིང་སྐྱུར་བརྟག་དཔྱད་ཚད་ལེན་གྱི་རིན་གོང་མར་ཕབ་པར་མཛུབ་སྟོན་བྱས། ཟླ་དགུ་བའི་ཚེས་བཅུ་དྲུག་ཉིན་བར་དུ། ཀོང་ཏུང་དང་ཧུའུ་པེ། ཧྲང་ཧེ། ཐེན་ཅིན། ཧི་པེ་སོགས་ཞིང་ཆེན་སུམ་ཅུ་ཡིས་གཞུང་གཉེར་སྨན་ཁང་གི་ཉིང་སྐྱུར་བརྟག་དཔྱད་ཚད་ལེན་གྱི་རིན་གོང་མར་ཕབ་པ་དང་། ཞིང་ཆེན་མང་ཆེ་བ་ཞིག་གིས་ཉིང་སྐྱུར་བརྟག་དཔྱད་ཚད་ལེན་གྱི་རིན་གོང་དེ་མི་རེར་སྒོར་དྲུག་ཅུ་དང་ཡང་ན་དེའི་མན་ལ་ཕབ་པ་དང་། མི་བཅུ་ཡི་སྡེབ་བཤེར་རིན་གོང་དེ་མི་རེར་སྒོར་བཅོ་ལྔ་དང་ཡང་ན་དེའི་མན་ལ་ཕབ་ཡོད།  །

རྩོམ་སྒྲིག་པ། འབྲུག་མོ།