ཁོང་ཁྲོ་ལངས་ན་ལུས་པོར་གནོད།
2021.09.24 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 18

གཅིག ཀླད་པའི་ཕྲ་ཕུང་རྒས་མགྱོགས་པ།

ཁོང་ཁྲོ་ལངས་ན་ཀླད་པའི་ཕྲ་ཕུང་རྒས་ཚད་མགྱོགས་པ་དང་། ཀླད་པའི་བྱེད་ནུས་ཇེ་ཞན་དུ་འགྲོ་བར་མ་ཟད། ད་དུང་ཀླད་པའི་ནང་གི་ཁྲག་གི་རྒྱུག་ཚད་ཇེ་མགྱོགས་སུ་གྱུར་ནས་ཁྲག་རྩའི་གནོན་ཤུགས་ཀྱང་ཇེ་ཆེར་འགྲོ་བ་རེད། སྐབས་དེར་ཁྲག་རྒྱུན་ཁྲོད་དུག་རྒྱུ་འདུས་ཚད་ཧ་ཅང་མང་བ་དང་། གསོ་རླུང་ཉུང་བས། ཁོང་ཁྲོ་ལངས་པའམ་དྲན་པ་མང་བར་གྱུར་ནས་ཀླད་པའི་ནང་དུ་གསོ་རླུང་དཀོན་པའི་སྣང་ཚུལ་ཐོན་པ་རེད།

སྐབས་དེར་མར་བཙོག་ནས་ངལ་གསོས་ན་ཁོང་ཁྲོ་ལངས་པའམ་ངར་ལངས་ཚད་ཇེ་ཉུང་དུ་འགྲོ་བར་ཕན་པ་ཡོད།

གཉིས། གསོ་རླུང་གིས་མི་འདང་བ། ཁོང་ཁྲོ་ལངས་ཐེངས་རེར་སྙིང་གཡུག་ཚད་མགྱོགས་པ་དང་། སྙིང་ཁ་ཟུམ་ནས་ཁྲག་ཤེད་ཇེ་མཐོར་འགྲོ་བཞིན་ཡོད་པས། ཁྲག་མང་པོ་ཀླད་པ་དང་ངོ་གདོང་གི་ཕྱོགས་སུ་བཞུར་བ་དང་། སྙིང་ཁམས་ཀྱི་ཁྲག་གི་འདུས་ཚད་མར་བབས་ནས་ཁྲག་རྒྱུན་ཇེ་ཉུང་དུ་སོང་སྟེ་གསོ་རླུང་གིས་མི་འདང་བར་གྱུར་འགྲོ། དེ་བས་སྙིང་ཁམས་ཀྱིས་དབྱང་རླུང་འདང་ངེས་འདོན་སྤྲོད་བྱེད་པར་ནུས་ཤུགས་མང་དུ་འདོན་དགོས།

ཁོང་ཁྲོ་ལངས་པ་ཇེ་ཉུང་དུ་བཏང་ནས་ཡོད་ཚད་འཛུམ་གྱིས་བསུ་དགོས། ཁོང་ཁྲོ་ལངས་པའི་སྐབས་སུ་སྤྲོ་སྣང་ཡོད་པའི་དོན་ལ་ཕྱིར་དྲན་བྱས་ན་ཁྲག་རྒྱུན་སྙོམས་པོར་སོང་ནས་སྙིང་གི་འཕར་ལྡིང་སླར་གསོ་འབྱུང་བར་ཕན་པ་ཡོད།

གསུམ། མཆིན་པར་གནོད་པ་ཐེབས་པ། ཁོང་ཁྲོ་ལངས་པའི་སྐབས་སུ་ལུས་ཁམས་ནས་ཐོན་པའི་ཟགས་ཐོན་དངོས་པོ་སྟེ་ཨེར་ཁྲ་ཧྥུན་ཨན(儿茶酚胺)གྱིས་དབང་རྩའི་མ་ལག་ལ་འགྱུར་བ་བཏང་ནས། ཁྲག་གི་ནང་འདུས་པའི་མངར་ཆ་ཇེ་མཐོར་འགྲོ་བ་དང་། ཚིལ་སྣའི་དབྱེ་ཕྲལ་མང་བ། ཁྲག་རྒྱུན་དང་མཆིན་པའི་ནང་གི་དུག་རྒྱུ་ཇེ་མང་དུ་འགྲོ་བ་རེད།

ཆུ་ཡིས་ལུས་སྟེང་གི་ཚིལ་སྣའི་སྐྱུར་དབྱེ་འབྱེད་བྱེད་ཐུབ་པས། ཁོང་ཁྲོ་ལངས་པའི་སྐབས་སུ་མྱུར་མོར་ཆུ་འཐུང་དགོས།

བཞི། ཨོལ་གོང་གཤེར་རྨེན་གྱི་ནད་བསྐྱེད་པ། ཁོང་ཁྲོ་ལངས་ཚེ་ལུས་སྟེང་གི་ཟགས་ཐོན་མ་ལག་ལ་འགྱུར་བ་བཏང་ནས། ཨོལ་གོང་གཤེར་རྨེན་ཟགས་ཐོན་གྱི་སྐུལ་རྒྱུ་ཇེ་མང་དུ་འགྲོ་བ་རེད། ཨོལ་གོང་གཤེར་རྨེན་ནི་ལུས་སྟེང་གི་རྙིང་ཚབ་གསར་འབྱེད་བྱེད་པའི་དབང་བོ་གལ་ཆེན་ཞིག་ཡིན་པས་ན། ཁྱོད་རང་ཁོང་ཁྲོ་ལངས་ནས་ལུས་སྟེང་གི་ཁྲག་དྲོན་མོར་འགྱུར་བའི་སྐབས་སུ། ཨོལ་གོང་གཤེར་རྨེན་ལ་ཕོག་ཐུག་བཏང་ནས་ཡུན་རིང་འགོར་ན་ཨོལ་གོང་གཤེར་རྨེན་གྱི་ནད་བསྐྱེད་པ་རེད།

ཁོང་ཁྲོ་ལངས་པའི་སྐབས་སུ་སེམས་ཁམས་ལྷོད་པོ་ཡོང་ཆེད། འདུག་ས་ཞིག་བཙལ་ནས་མིག་གཉིས་བཙུམས་པ་དང་། དབུགས་དལ་མོར་ལེན་པ། མགོ་བོ་སྔོན་ལ་སྒུར་ནས་མ་ནེ་བྲང་ཁར་གཏད་རྗེས། དལ་མོར་ཡར་དགྱེས་ནས་དབུགས་ལེན་པར་འབད་ན་ལེགས།

ལྔ། གློ་བར་ནད་བསྐྱེད་པ། ཁོང་ཁྲོ་ལངས་ནས་འཚུབ་ཆ་ལངས་པའི་སྐབས་སུ། དུས་ཡུན་སྐར་མ་རེའི་ནང་གི་ཁྲག་རྒྱུན་གློ་བུར་ཇེ་མགྱོགས་སུ་འགྲོ་བཞིན་ཡོད་པས། དབྱང་རླུང་གི་དགོས་མཁོ་ཇེ་མང་དུ་འགྲོ་བ་དང་དབུགས་ལེན་ཚད་ཇེ་མགྱོགས་སུ་འགྲོ་བ་རེད། དུས་མཚུངས་སུ་སྐུལ་རྩིའི་ནུས་པས་དབང་རྩའི་མ་ལག་ལ་འགྱུར་བ་བཏང་ནས་དབུགས་ཆད་ལ་ཁད་དུ་འགྱུར་འགྲོ་བའི་སྣང་ཚུལ་ཐོན་གྱིན་ཡོད།

དེ་བས་སྐབས་དེར་སེམས་ལ་ཡར་མར་མི་དྲན་པར་བློ་རྩེ་གཅིག་སྒྲིམ་གྱིས་དབུགས་ཐེངས་མང་པོར་འབྱིན་རྔུབ་བྱེད་དགོས། དེ་ལྟར་དབུགས་འབྱིན་རྔུབ་བྱས་ན་གློ་བས་ངལ་གསོ་བྱེད་ཐུབ་པར་མ་ཟད། ད་དུང་གསོ་རླུང་མོད་པོར་གྱུར་ནས་ཀླད་པའི་གནས་བབ་ཇེ་ལེགས་སུ་འགྲོ་བ་དང་སེམས་ཁམས་ལྷོད་ལ་འབབ་པར་ཕན་ནུས་ཡོད། །

དྲུག ངོ་མདོག་མི་ལེགས་པ། ཁོང་ཁྲོ་ལངས་པའི་སྐབས་སུ་ཁྲག་གི་རྒྱུ་བ་མང་ཆེ་ཤོས་གདོང་གི་ཕྱོགས་སུ་འདུས་ཀྱིན་ཡོད་པས། སྐབས་དེར་ཁྲག་རྒྱུན་གསོ་རླུང་ཉུང་ཞིང་དུག་རྒྱུ་མང་པོ་བསྐྱེད་པ་རེད། དུག་རྒྱུས་གདོང་གི་བ་སྤུ་ལ་ཕོག་ཐུག་གཏོང་བ་དང་། བ་སྤུའི་བུ་གའི་ཉེ་འཁོར་དུ་ཚད་མི་འདྲ་བའི་ཚ་ནད་བྱུང་ནས་གདོང་གི་སྐྱི་པགས་ལ་གནད་དོན་མང་པོ་འབྱུང་གི་ཡོད།

གལ་ཏེ་ཁྱོད་རང་སེམས་ཁམས་མི་སྐྱིད་པའི་སྐབས་སུ་རྐང་པ་གཉིས་སོ་སོར་བར་ཐག་ཡོད་པའི་སྒོ་ནས་ཡར་ལངས་ཏེ་དབུགས་ལེན་པ་དང་། ལག་པ་གཉིས་མཉམ་པོར་ཡར་བཀྱགས་ན་ལུས་པོར་ཕན་པ་ཡོད།

བདུན། བད་ཀན་སྨུག་པོའི་ནད་འབྱུང་སླ་བ། ཁོང་ཁྲོ་ལངས་པའི་སྐབས་སུ་ཀླད་པའི་ཕྲ་ཕུང་ལ་འགྱུར་ལྡོག་འབྱུང་བ་དང་། ཚོར་བའི་དབང་རྩར་ངར་ལངས་ཤིང་ཐད་ཀར་སྙིང་དང་ཁྲག་རྩར་བྱེད་ནུས་ཐོན་ནས་ཕོ་རྒྱུའི་ནང་གི་ཁྲག་རྒྱུན་ཇེ་ཉུང་དང་། འགུལ་ཚད་དལ་བ། ཟ་མའི་ཡི་ག་ཇེ་ཞན་དུ་སོང་ནས་བད་ཀན་སྨུག་པོའི་ནད་འབྱུང་སྲིད་པར་མ་ཟད། ད་དུང་ཟ་མ་ཟ་འདོད་མེད་པའི་ཚོར་སྣང་སྟེར་སྲིད།  སྐབས་དེར་ཕོ་བ་འཕུར་མཉེད་བྱས་ན་མི་བདེ་བ་ཞི་ལྷོད་དུ་གཏོང་ཐུབ། །

རྩོམ་སྒྲིག་པ། འབྲུག་མོ།