ཞིང་ཆེན་ཡོངས་ཀྱི་པྲོག་གསར་གློ་ཚད་རིམས་ནད་དང་སྟོན་དགུན་དུས་ཚིགས་ཀྱི་འགོས་ནད་འགོག་བཅོས་བྱ་བའི་བརྙན་འཕྲིན་གྲོས་ཚོགས་བསྡུས།
2021.09.26 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 9

ཟླ་དགུ་བའི་ཚེས་ཉེར་བཞི་ཉིན། ཞིང་ཆེན་ཡོངས་ཀྱི་པྲོག་གསར་གློ་ཚད་རིམས་ནད་དང་སྟོན་དགུན་དུས་ཚིགས་ཀྱི་འགོས་ནད་འགོག་བཅོས་བྱ་བའི་བརྙན་འཕྲིན་གྲོས་ཚོགས་བསྡུས་ཏེ། རྒྱལ་ཡོངས་ཀྱི་པྲོག་གསར་གློ་ཚད་རིམས་ནད་དང་སྟོན་དགུན་དུས་ཚིགས་སུ་འགོས་ནད་འགོག་བཅོས་བྱ་བའི་བརྙན་འཕྲིན་གྲོས་ཚོགས་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་རེ་བ་ལག་བསྟར་དང་དངོས་འབེབས་བཟང་བོ་བྱས་ཤིང་། ཉེ་བའི་དུས་སྐབས་ཤིག་ལ་པྲོག་གསར་གློ་ཚད་རིམས་ནད་འགོག་སྲུང་དང་འགོག་སྨན་རྒྱབ་པ་དང་དེ་མིན་སྟོན་དགུན་དུས་ཚིགས་སུ་འགོས་ནད་འགོག་བཅོས་བྱས་པའི་བྱ་བའི་གནས་ཚུལ་ཁྱབ་སྒྲོག་བྱས་པ་དང་། གོ་རིམ་རྗེས་མའི་བྱ་བ་གཙོ་བོ་བཀོད་སྒྲིག་བྱས། ཧྲིན་ཀྲང་གཞོན་པ་ཁོང་ཡུང་གྲོས་ཚོགས་ལ་ཞུགས་ནས་གཏམ་བཤད།

ཚོགས་ཐོག་ནས་བསྟན་དོན། ས་གནས་སོ་སོ་དང་ལས་ཁུངས་སོ་སོས་བློ་ཐག་རྦད་ཆོད་སྒོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་རེ་བ་ཁྱོན་ཡོངས་ནས་དངོས་འབེབས་བྱས་ཏེ། ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་སུ་གཏོང་བ་དང་ཚད་མཐའི་འདུ་ཤེས་ཇེ་དྲག་ཏུ་གཏོང་དགོས་ལ། གནད་དོན་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། འགོག་བཅོས་ཚོད་འཛིན་ཐད་ཀྱི་མི་འདང་སར་ཡང་བསྐྱར་ཞིབ་བཤེར་དང་འགོག་བཅོས་ཚོད་འཛིན་ནུས་པ་ཡར་བསྐྱར་ཇེ་ཆེར་གཏོང་བ། འགོག་བཅོས་ཚོད་འཛིན་རེ་བ་ཡར་བསྐྱར་དངོས་འབེབས་བྱས་ནས། ཉེན་ཁ་སྣ་ཚོགས་ཁྱོན་ཡོངས་ནས་གཙང་སེལ་བྱེད་དགོས་པར་མ་ཟད། རྒྱུན་མཐུད་སྒོས་རིམས་ནད་འགོག་བཅོས་ཚོད་འཛིན་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་ནས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ལ་བདེ་ཐང་རྨང་གཞི་བརྟན་པོ་ཞིག་འདིང་དགོས་ཟེར།།

རྩོམ་སྒྲིག་པ། འབྲུག་མོ།