ཐིན་ཅ་ཚའེ་ཡིས་རྒྱུན་རྣམ་ཅན་གྱི་རིམས་ནད་འགོག་སྡོམ་བྱ་བར་རྟོག་ཞིབ་བྱས།
2021.09.26 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 3

ཟླ་དགུ་པའི་ཚེས་ཉེར་གསུམ་ཉིན། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། ཞིང་ཆེན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཐིན་ཅ་ཚའེ་ཡིས་ཞིང་ཆེན་མི་དམངས་སྨན་ཁང་བཞི་བ་ནས་རྒྱུན་རྣམ་ཅན་གྱི་རིམས་ནད་འགོག་སྡོམ་བྱ་བར་རྟོག་ཞིབ་བྱེད་སྐབས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱུན་རྣམ་ཅན་གྱི་རིམས་ནད་འགོག་སྡོམ་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། ལྷོད་གཡེང་གི་བསམ་བློ་གཏན་འགོག་བྱེད་པ། ཚད་གཞི་ཆེས་ནན་མོས་རྒྱུན་རྣམ་ཅན་གྱི་རིམས་ནད་འགོག་སྡོམ་བྱེད་ཐབས་དམ་འཛིན་བྱས་ཏེ། སྟོབས་ཤུགས་ཡོད་རྒུས་འགོག་སྡོམ་གྱི་འགོག་ར་བརྟན་པོ་འཛུགས་དགོས་ཟེར།

ཐིན་ཅ་ཚའེ་ཡིས་ནན་གྱིས་བསྟན་དོན། ནམ་ཡང་རིམས་ནད་འགོག་སྡོམ་ནན་མོ་བྱེད་པ་དང་། རིམས་ནད་འགོག་སྡོམ་ཐད་ཀྱི་བྱ་བ་སྣ་ཚོགས་ཀྱི་རེ་བ་ལག་བསྟར་ནན་མོ་བྱས་ཏེ། རྒྱུན་རྣམ་ཅན་གྱི་རིམས་ནད་འགོག་སྡོམ་བྱ་བ་བཟང་བོར་བསྒྲུབ་དགོས། ས་གནས་ཏང་ཨུ་དང་སྲིད་གཞུང་གིས་ས་ཁུལ་ཁ་ཤས་ཀྱིས་འགོག་སྡོམ་ནན་མོ་མ་བྱས་པར་རིམས་ནད་མཆེད་པར་བྱས་པའི་ཐད་ཀྱི་ཉམས་མྱོང་བསླབ་བྱ་བསྡུ་ལེན་བྱེད་པ། ལྷོད་གཡེང་གི་བསམ་བློ་གཏན་འགོག་བྱེད་པ། ཀླད་པ་ནམ་ཡང་གསལ་བོ་བྱས་ཏེ། གཙོ་གཞི་འགན་འཁྲི་དང་ཁོངས་གཏོགས་ས་ཆའི་འགན་འཁྲི་ལག་བསྟར་བྱེད་དགོས། འཕྲོད་བསྟེན་བདེ་ཐང་དང་འགྲིམ་འགྲུལ་སྐྱེལ་འདྲེན། ཚོང་ར་ལྟ་སྐུལ་དོ་དམ་སོགས་མཉམ་འགོག་མཉམ་སྡོམ་རྐྱེན་སྲོལ་གྱི་ཁོངས་གཏོགས་ལས་ཁུངས་ཀྱིས་འགོག་སྡོམ་གྱི་བྱེད་ཐབས་སྣ་ཚོགས་ལག་བསྟར་བྱེད་པ་དམ་འཛིན་བྱེད་པ་དང་། མངོན་ཞིབ་ལྐོག་བཤེར་སོགས་ཀྱི་བྱེད་ཐབས་བརྒྱུད་དེ་ཡུལ་གནས་གཙོ་བོ་དང་སྡེ་ཁག་གཙོ་བོ། དུས་རིམ་གཙོ་བོའི་བྱ་བ་ལག་བསྟར་གནས་ཚུལ་ཐད་ཀྱི་ལྟ་སྐུལ་ཞིབ་བཤེར་བྱེད་པ། མི་འདང་ས་འཚོལ་བ། དུས་ཐོག་ཏུ་ཉེན་ཁ་མེད་པར་བྱེད་པ། འགན་འཁྲི་ལག་བསྟར་བྱེད་པར་སྐུལ་འདེད་བཏང་སྟེ། ས་སྲུང་འགན་ཡོད་དང་ས་སྲུང་འགན་ལེན་བྱེད་དགོས། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ལྟ་སྐུལ་འགན་སྲུང་ལག་བསྟར་དང་འཐུས་ཚང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ནུས་པ་འདོན་སྤེལ་བྱེད་པ་དང་། རིམས་ནད་འགོག་སྡོམ་གྱི་སྒྲིག་ལམ་ཇེ་དམ་དུ་གཏོང་བ། འགོག་སྡོམ་བྱ་བའི་ཁྲོད་གནས་པའི་གནད་དོན་སྔ་མོ་ནས་རྙེད་པར་བྱེད་པ་དང་སྔ་མོ་ནས་གསལ་འདེབས་བྱེད་པ། སྔ་མོ་ནས་དག་བཅོས་བྱེད་པ། འགོག་སྡོམ་བྱ་བའི་ཐད་ནས་འགལ་འཛོལ་བྱུང་བའི་མིའི་འགན་འཁྲི་རྩད་གཅོད་ནན་མོ་བྱེད་པ། འགན་ནུས་སྡེ་ཁག་གི་འགན་འཁྲི་ལག་བསྟར་ནན་མོ་བྱེད་པར་སྐུལ་འདེད་བཏང་ནས། རིམས་ནད་འགོག་སྡོམ་གྱི་གྲུབ་འབྲས་རྒྱུན་མཐུད་ངང་སྲ་བརྟན་དུ་གཏོང་དགོས་ཟེར།།

རྩོམ་སྒྲིག་པ། འབྲུག་མོ།