མཚོ་སྔོན་ཞིང་ཆེན་གྱི་དབང་བོ་སྐྱོན་ཅན་གྱི་ཁམས་གསོའི་ཞབས་ཞུའི་ཆུ་ཚད་ཇེ་མཐོར་སོང་།  
2021.10.08 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 6

ཉེ་ལམ། གསར་འགོད་པས་ཞིང་ཆེན་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ནས་ཤེས་གསལ་བྱུང་བ་ལྟར་ན། ད་ལོ་ནས་བཟུང་མཚོ་སྔོན་ཞིང་ཆེན་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་གནད་འཁེལ་ཁམས་གསོ་དང་། དབང་བོ་སྐྱོན་ཅན་གྱི་བྱིས་པའི་ཁམས་གསོ། ཞོར་འདེགས་ཡོ་བྱད་སྡེབ་སྒྲིག་སོགས་ཀྱི་གཙོ་གནད་བྱ་བར་སྐུལ་འདེད་བཏང་། ད་ལྟའི་བར་ཞིང་ཆེན་ཡོངས་སུ་མི་ཐེངས་ཁྲི་གསུམ་དང་སྟོང་ལྔ་བདུན་བརྒྱ་གྱ་དྲུག་ལ་གནད་འཁེལ་ཁམས་གསོའི་ཞབས་ཞུ་ལག་བསྟར་བྱས་ཤིང་། ཁམས་གསོའི་ཞབས་ཞུ་བྱེད་ཚད་བརྒྱ་ཆའི92.31སླེབས་པ་དང་། མི་ཁྲི་གཅིག་དང་སྟོང་བརྒྱད་ལྷག་ལ་ཞོར་འདེགས་ཡོ་ཆས་སྡེབ་སྒྲིག་བྱས་ནས། ཡོ་ཆས་སྡེབ་སྒྲིག་བྱས་ཚད་བརྒྱ་ཆའི96.7ལ་སླེབས་པས། དུས་ཚིགས་གཅིག་གི་སྔོན་ལ་ལོ་ཧྲིལ་བོའི་ཁམས་གསོའི་བྱ་བའི་དམིགས་འབེན་མངོན་འགྱུར་བྱུང་།

ཞིང་ཆེན་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་“ལོ་ལྔའི་འཆར་འགོད་བཅུ་བཞི་བའི”དུས་སྐབས་ཀྱི་དབང་བོ་སྐྱོན་ཅན་གྱི་ཁམས་གསོའི་བྱ་བའི་མཛུབ་སྟོན་བསམ་བློ་དང་། ལས་འགན་དམིགས་འབེན་ཁོང་དུ་ཆུད་པར་བྱས་ཏེ། མུ་མཐུད་དུ་རང་ཞིང་གི་དབང་བོ་སྐྱོན་ཅན་གྱི་ཁམས་གསོའི་ལས་དོན་བདེ་འཇགས་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བཏང་། 《རྒྱལ་ཡོངས་དབང་བོ་སྐྱོན་ཅན་ཁམས་གསོའི་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་སྐོར་གྱི་བརྡ་སྦྱོར》པར་འགྲེམ་བྱས་ཏེ། རིམ་པ་སོ་སོའི་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཆབ་སྲིད་ཀྱི་ལངས་ཕྱོགས་མཐོན་པོས། གྲོས་ཚོགས་ཀྱི་དགོངས་དོན་དེ་རིམ་པ་འདིའི་དབང་བོ་སྐྱོན་ཅན་ལས་དོན་གྱི“ལོ་ལྔའི་འཆར་འགོད་བཅུ་བཞི་བའི”འཆར་འགོད་ཁྲོད་བཅུག་ནས། ཁམས་གསོའི་ཞབས་ཞུའི་བྱེད་ཐབས་ལག་བསྟར་དང་། སྤྱི་བའི་ཞབས་ཞུ་ཆ་སྙོམས་ཅན་དང་། འཕྲོད་བསྟེན་བདེ་ཐང་སོགས་ཆེད་དོན་འཆར་འགོད་ཁྲོད་ལག་བསྟར་དང་། རིམ་པ་སོ་སོའི་ཏང་ཨུ་དང་། སྲིད་གཞུང་གི་བྱ་བའི་སྤྱི་ཡོངས་ཁྲོད་བླངས་ནས། དམིགས་འབེན་གྱི་ཁ་ཕྱོགས་འབུར་ཐོན་དང་། གཅིག་གྱུར་བཀོད་སྒྲིག  གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་སྟེ། བྱ་བའི་འདུས་ཤུགས་གྲུབ་པར་བྱས་ནས། དབང་བོ་སྐྱོན་ཅན་ལ་སྤུས་ཚད་མཐོ་བའི་བདེ་ཐང་ཞབས་ཞུ་མཁོ་འདོན་བྱེད་དགོས་པའི་བླང་བྱ་བཏོན། །

རྩོམ་སྒྲིག་པ། འབྲུག་མོ།