རྒྱལ་ཁབ་སྐྲན་ནད་ནད་ཐོག་གསོ་རིག་ཞིབ་འཇུག་ལྟེ་གནས་ཀྱིས་མཚོ་སྔོན་དུ་ཡན་ལག་ལྟེ་གནས་བཙུགས།
2021.10.08 ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ཀློག་གྲངས། 9

ཉེ་ལམ།  རྒྱལ་ཁབ་སྐྲན་ནད་ནད་ཐོག་གསོ་རིག་ཞིབ་འཇུག་ལྟེ་གནས་ཀྱིས་མཚོ་སྔོན་དུ་ཡན་ལག་ལྟེ་གནས་བཙུགས་ནས་མཚོ་སྔོན་སློབ་ཆེན་ཁོང་གཏོགས་སྨན་ཁང་དུ་སྒོ་བྱང་བཀལ།     འདི་ནི་རང་ཞིང་གི་སྐྲན་ནད་ནད་ཐོག་གསོ་རིག་ཞིབ་འཇུག་ལྟེ་གནས་ཐོག་མ་ཡིན།

རྒྱལ་ཁབ་སྐྲན་ནད་ནད་ཐོག་གསོ་རིག་ཞིབ་འཇུག་ལྟེ་གནས་ནི་ནད་ཐོག་ཞིབ་འཇུག་དང་གྲུབ་འབྲས་གཞན་སྒྱུར་གྱི་རྒྱལ་ཁབ་ཀྱི་ཚན་རྩལ་གསར་གཏོད་རྟེན་གཞི་ཞིག་ཡིན་པ་དང་།    སྨན་བཅོས་སྒྲིག་གཞི་གཙོ་བོར་བྱེད་པ་དང་མཐུན་སྦྱོར་དྲ་རྒྱ་འདེགས་སྐྱོར་དུ་བྱས་ཏེ། ནད་ཐོག་ཞིབ་འཇུག་དང་།    མཐུན་སྦྱོར་གསར་གཏོད།    རིག་གཞུང་སྤེལ་རེས།    ཤེས་ལྡན་མི་སྣ་གསོ་སྐྱོང་།    ཁྱབ་སྤེལ་བེད་སྤྱོད་བཅས་ཀྱི་ལག་རྩལ་གསར་གཏོད་དང་གྲུབ་འབྲས་གཞན་སྒྱུར་བཅས་ཀྱི་བྱ་བ་སྤེལ་རྒྱུ་རེད།    རྒྱལ་ཁབ་སྐྲན་ནད་ནད་ཐོག་གསོ་རིག་ཞིབ་འཇུག་ལྟེ་གནས་ཀྱི་ཡན་ལག་ལྟེ་གནས་མཚོ་སྔོན་དུ་བཙུགས་པ་དེས་རྒྱལ་ཁབ་ལྟེ་གནས་དང་དེ་བཞིན་ཞིང་ཆེན་སོ་སོའི་ཡན་ལག་ལྟེ་གནས་དང་མཉམ་ལས་བྱས་ཏེ་ཐོན་ཁུངས་སྔར་ལས་ཧྲིལ་བསྡུས་བྱས་ཏེ་ནད་ཐོག་སྨན་བཅོས་ཀྱི་ནད་དཔེ་གཞི་གྲངས་མཉམ་སྤྱོད་ཐུབ་པ་མངོན་འགྱུར་དང་།  མཚོ་སྔོན་ཞིང་ཆེན་གྱི་སྐྲན་ནད་ཁྱབ་ཁོངས་ཀྱི་ཐོད་བརྒལ་དང་གསར་གཏོད་བྱེད་ཚད་ཇེ་མགྱོགས་སུ་གཏང་རྒྱུ་རེད།

རྒྱལ་ཁབ་སྐྲན་ནད་ནད་ཐོག་གསོ་རིག་ཞིབ་འཇུག་ལྟེ་གནས་མཚོ་སྔོན་ཡན་ལག་ལྟེ་གནས་བཙུགས་རྗེས། རྒྱལ་ཁབ་ལྟེ་གནས་ཀྱི་མཛུབ་ཁྲིད་དང་།    དོ་དམ།    རྒྱབ་སྐྱོར་བཅས་ཀྱི་འོག་ཏུ། རྒྱལ་ཁབ་ལྟེ་གནས་དང་མཉམ་དུ་ནད་ཐོག་སྨན་བཅོས་ཞིབ་འཇུག་དང་།    རིག་གཞུང་སྤེལ་རེས།    ཤེས་ལྡན་མི་སྣ་གསོ་སྐྱོང་།    གྲུབ་འབྲས་གཞན་སྒྱུར།    ཁྱབ་གདལ་བེད་སྤྱོད་བཅས་བྱ་རྒྱུ་རེད།     ཁྱབ་འགྱེད་དང་སྐུལ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ་རྒྱལ་ཁབ་ཀྱི་དྲ་བ་དང་སྦྲེལ་མཐུད་ཀྱིས་གཞི་རིམ་གྱི་སྨན་བཅོས་སྒྲིག་གཞིར་ཁྱབ་འགྱེད་བྱེད་པའི་འགན་འཁྲི་གལ་ཆེན་ཁུར་ནས་གཞི་རིམ་མང་ཚོགས་ལ་བདེ་སྐྱིད་བསྐྲུན་དགོས།  “དྲ་སྦྲེལ”སོགས་རྒྱང་བསྟེན་སྨན་བཅོས་དང་སྒུལ་བདེའི་སྨན་བཅོས་ལག་རྩལ་སྤྱད་དེ་སྔོན་ཐོན་གྱི་ནད་བརྟག་སྨན་བཅོས་ལག་རྩལ་དང་ཚད་ལྡན་ཅན་གྱི་ནད་བརྟག་སྨན་བཅོས་ཕྱོགས་སྟོན་སྤེལ་རེས་གསོ་སྦྱོང་དང་ཁྱབ་གདལ་བཏང་སྟེ། རིམས་ནད་ཀྱི་ནད་བརྟག་སྨན་བཅོས་ལག་རྩལ་དང་ཞབས་ཞུའི་ནུས་པ་ཆེ་རུ་གཏང་དགོས།།

རྩོམ་སྒྲིག་པ། འབྲུག་མོ།