མཚོ་སྔོན་ཞིང་ཆེན་གྱི་ལུས་རྩལ་པ་བརྒྱ་དང་དོན་ལྔ་རྒྱལ་ཡོངས་ཀྱི་དབང་བོ་སྐྱོན་ཅན་ལུས་རྩལ་འགྲན་ཚོགས་དང་སྐབས་བརྒྱད་པའི་དམིགས་བསལ་ཨོ་རྩལ་འགྲན་ཚོགས་ནང་ཞུགས།
2021.10.19 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 5

རྒྱལ་ཡོངས་སྐབས་བཅུ་གཅིག་པའི་དབང་བོ་སྐྱོན་ཅན་ལུས་རྩལ་འགྲན་ཚོགས་དང་སྐབས་བརྒྱད་པའི་དམིགས་བསལ་ཨོ་རྩལ་འགྲན་ཚོགས་ཀྱི་གཅིག་བསྡུས་འགྲན་བསྡུར་དེ་ཟླ་བཅུ་བའི་ཚེས་བཅུ་ཉིན་ནས་ཟླ་བཅུ་བའི་ཚེས་ཉེར་བརྒྱད་ཉིན་བར་ཧྲན་ཞི་ཞིང་ཆེན་དུ་སྤེལ་བ་དང་། རང་ཞིང་གི་དབང་བོ་སྐྱོན་ཅན་ལུས་རྩལ་པ་བརྒྱ་དང་དོན་ལྔ་བོ་ཚང་མས་གྲ་སྒྲིག་ལེགས་པོ་བྱས་ནས། ཟླ་བཅུ་བའི་ཚེས་བཅོ་བརྒྱད་ཉིན་ནས་བཟུང་བསྟུད་མར་ཧྲན་ཞི་ཞིང་ཆེན་དུ་བསྐྱོད་དེ་འགྲན་བསྡུར་ནང་ཞུགས་པ་རེད།

མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་། ཞིང་ཆེན་མི་དམངས་སྲིད་གཞུང་གིས་དབང་བོ་སྐྱོན་ཅན་གྱི་ལས་དོན་འཕེལ་རྒྱས་ལ་མཐོང་ཆེན་བྱེད་བཞིན་ཡོད་ཅིང་། ཞིང་ཆེན་ཏང་ཨུས་ཐེངས་མང་པོར་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་བཅོས་བསྒྱུར་བྱེད་ཐབས་ལ་ཞིབ་འཇུག་བྱས་པ་དང་། ཞིང་ཆེན་མི་དམངས་སྲིད་གཞུང་གིས་དབང་བོ་སྐྱོན་ཅན་སྔོན་འགོག་དང་། དབང་བོ་སྐྱོན་ཅན་ཁམས་གསོ་ཞབས་ཞུ་སོགས་ཀྱི་བྱ་བར་ཞིབ་འཇུག་བཀོད་སྒྲིག་བྱས། དབང་བོ་སྐྱོན་ཅན་གྱིས་ལུས་རྩལ་ཁམས་གསོ་སྦྱོང་བརྡར་བྱེད་པ་བརྒྱུད། ལུས་ཕུང་སྦྱོང་བརྡར་དང་། སྤྱི་ཚོགས་ཀྱི་འཚོ་བའི་ནུས་ཤུགས་མཐོར་འདེགས་སུ་བཏང་བའི་དུས་མཚུངས་སུ། རྒྱལ་ཁབ་ཕྱི་ནང་གི་འགྲན་བསྡུར་ཁྲོད་ཞུགས་ཏེ་གྲུབ་འབྲས་ལེགས་པོ་བླངས། རིམས་ནད་རྒྱུན་རྣམ་ཅན་གྱི་འོག་ཏུ་སྐབས་འདིའི་དབང་བོ་སྐྱོན་ཅན་ལུས་རྩལ་གྱི་གཟབ་རྒྱས་ཚོགས་འདུ་བསྡུས་པ་དང་། བསྡོམས་པས་རྣམ་གྲངས་ཆེ་གྲས་ཞེ་གསུམ་དང་ཡན་ལག་རྣམ་གྲངས་ཞེ་བདུན་སྒྲིག་བཀོད་བྱས་ཡོད་ཅིང་། རྒྱལ་ཡོངས་ཀྱི་འགྲན་ཞུགས་པ་བཞི་སྟོང་ལྷག་འགྲན་བསྡུར་ཁྲོད་ཞུགས། མཚོ་སྔོན་ཞིང་ཆེན་གྱི་འཐུས་ཚབ་ཚོགས་པས་བསྡོམས་པས་མི་བརྒྱ་དང་དོན་ལྔ་རྩ་འཛུགས་བྱས་ཡོད།།

རྩོམ་སྒྲིག་པ། འབྲུག་མོ།