པྲོག་གསར་རིམས་འགོག་གི་སྣོན་ཁབ་སྐོར་གྱི་གནད་དོན་གསར་བ་འགའ།
2021.10.28 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 20

ཉེ་ཆར། ས་ཁུལ་མང་པོ་ཞིག་ནས་རིམས་འགོག་བྱ་བར་ཤུགས་བསྣན་ནས། པྲོག་གསར་རིམས་འགོག་གི་སྣོན་ཁབ་རྒྱག་པའི་མགོ་རྩོམ་བཞིན་ཡོད། སྔོན་དུ་བརྒྱབ་པའི་འགོག་ཁབ་གཉིས་ལས་ཐེངས་འདིའི་སྣོན་འགོག་རྒྱག་པའི་ཐད་ཚང་མར་ད་དུང་དོགས་གནད་དང་ནོར་འཁྲུལ་གྱི་བསམ་ཚུལ་མང་པོ་ཞིག་ཡོད་པས། འདི་ནས་མིག་སྔར་འབྱུང་བཞིན་པའི་གནད་དོན་གསར་བའི་སྐོར་ཚང་མར་ཕྱོགས་བསྡུས་སྒོས་གསལ་འགྲེལ་ཞིག་བྱེད་པར་བྱ།

གཅིག པྲོག་གསར་ནད་དུག་གི་ཁ་སྣོན་འགོག་ཁབ་དང་ཐེངས་གསུམ་པའི་འགོག་ཁབ་གཉིས་ལ་ཁྱད་པར་ཡོད་དམ།

དེ་གཉིས་ལ་ཁྱད་པར་ཡོད་དེ། པྲོག་གསར་ནད་དུག་གི་ཁ་སྣོན་འགོག་ཁབ་ནི་སྲུང་སྐྱོབ་ཀྱི་ནུས་པ་ཐོན་ཟིན་པར་དམིགས་པ་ཡིན་མོད། དུས་ཡུན་འགོར་བ་དང་བསྟུན་ནས་ལུས་སྟེང་གི་དུག་སྲིན་འགོག་རྫས་རིམ་བཞིན་ཇེ་ཞན་དུ་གྱུར་བས། རིམས་ནད་འགོག་སྲུང་སྲུང་འཛིན་བྱེད་པའི་མི་ལ་ཡང་བསྐྱར་འགོག་ཁབ་ཐེངས་གཅིག་རྒྱག་དགོས་པ་དེ་ཡིན།

ཐེངས་གསུམ་པའི་འགོག་ཁབ་ནི་འགོག་ཁབ་ཐེངས་གསུམ་ལ་རྒྱག་དགོས་པར་གོ་བ་ཡིན། གལ་ཏེ་པྲོག་གསར་འགོག་ཐེངས་དང་པོ་དང་གཉིས་པ་གཉིས་ཀ་བརྒྱབ་ཟིན་ནའང་། ད་དུང་འགོག་ཁབ་བརྒྱབ་ཚར་མེད་ན། སྲུང་སྐྱོབ་རང་བཞིན་གྱི་དུག་སྲིན་འགོག་རྫས་ཀྱི་ནུས་པ་ཆེན་པོ་ཐོན་མི་ཐུབ་པ་རེད།

གཉིས། རིམས་འགོག་སྣོན་ཁབ་དང་རྒྱུད་འགྱུར་ནད་དུག་གི“རབས་གཉིས་པའི་འགོག་ཁབ”གཉིས་ལས་ཐོག་མར་གང་ཞིག་རྒྱག་དགོས་པ་ཡིན།

རྒྱུད་འགྱུར་ནད་དུག་འགོག་པའི“རབས་གཉིས་པའི་འགོག་ཁབ”ད་དུང་ཆོག་མཆན་བཀོད་ནས་ཚོང་རར་ཐོན་མེད་ཅིང་། ཚོང་རར་ཐོན་རྗེས་སྔར་བཞིན་ཐོག་མར་རིམས་འགོག་སྣོན་ཁབ་རྒྱག་དགོས།

མིག་སྔའི་ཕྱོགས་མང་པོའི་གཞི་གྲངས་ལས་མངོན་པ་ལྟར་ན།  རྒྱུད་འགྱུར་ནད་དུག་འགོག་པའི་སྨན་ཁབ་ལ་སྔར་བཞིན་ཕན་ནུས་ལྡན་པ་རེད། གལ་ཏེ་རྗེས་ཕྱོགས་སུ་རྒྱུད་འགྱུར་ནད་དུག་འགོག་པའི“རབས་གཉིས་པའི་འགོག་ཁབ”ཚོང་རར་ཐོན་ནའང་མང་ཚོགས་རྣམས་ཀྱིས་སྔོན་ལ་རིམས་འགོག་སྣོན་ཁབ་བརྒྱབ་ན་བཟང་།

གསུམ། འགོག་སྨན་གང་ཞིག་ཡིན་རུང་རིམས་འགོག་སྣོན་ཁབ་རྒྱག་དགོས་སམ།

རྒྱག་མི་དགོས་ཏེ། གཤེར་རྨེན་ནད་དུག་གི་འགོག་སྨན་ལ་རིགས་གཅིག་པའི་རིམས་འགོག་སྣོན་ཁབ་རྒྱག་མི་དགོས་པ་ཡིན།

མིག་སྔར་རྒྱལ་ནང་དུ་ཚོང་རར་བཀྲམ་པའི་ཐེན་ཅིན་ཁང་ཞི་ནོ་ཀུང་སིས་ཐོན་སྐྱེད་བྱས་པའི་རིགས་ལྔ་པའི་གཤེར་རྨེན་ནད་དུག་གི་འགོག་སྨན་དེ་ཐེངས་གཅིག་མ་གཏོགས་རྒྱག་མི་དགོས།

བཞི། འོས་འཚམ་གྱི་རིམས་འགོག་སྣོན་ཁབ་ཇི་ལྟར་བདམས་དགོས་པ་ཡིན་ནམ།

1. རིགས་གཅིག་པའི་དུག་འཇོམས་འགོག་སྨན་བཀོལ་ནས་རིམས་འགོག་སྨན་ཁབ་ཐེངས་དང་པོ་གཉིས་པ་གཉིས་ཀ་བརྒྱབ་པའི་མི་རྣམས་ལ་མཚོན་ན། སྤྱིར་བཏང་དུ་དུག་འཇོམས་འགོག་སྨན་གྱི་རིམས་འགོག་སྣོན་ཁབ་ཐེངས་གཅིག་རྒྱག་དགོས་པ་ཡིན།

2. རིམས་འགོག་སྨན་ཁབ་ཐེངས་དང་པོ་དང་གཉིས་པ་རྒྱག་སྐབས། རིགས་མི་གཅིག་པའི་དུག་འཇོམས་འགོག་སྨན་བཀོལ་བའི་མི་རྣམས་ཀྱིས་རྩ་དོན་ལྟར་ན་ཐོག་མར་ཐེངས་གཉིས་པར་བརྒྱབ་པའི་དུག་འཇོམས་འགོག་སྨན་དང་རིགས་གཅིག་པའི་རིམས་འགོག་སྣོན་ཁབ་ཐེངས་གཅིག་རྒྱག་དགོས།

3. གལ་ཏེ་ཐེངས་གཉིས་པར་བརྒྱབ་པའི་འགོག་ཁབ་དང་རིགས་གཅིག་མཚུངས་ཅན་གྱི་སྨན་རྫས་མཁོ་འདོན་བྱེད་མི་ཐུབ་པའི་གནས་ཚུལ་བྱུང་ན། ཐེངས་དང་པོར་བརྒྱབ་པའི་དུག་འཇོམས་འགོག་སྨན་དང་རིགས་གཅིག་པའི་རིམས་འགོག་སྣོན་ཁབ་ཐེངས་གཅིག་རྒྱག་དགོས།

ལྔ། དུས་ཡུན་ག་ཙམ་འགོར་རྗེས་རིམས་འགོག་ནུས་པ་ཇེ་བརྟན་དུ་གཏོང་ཐུབ་པ་ཡིན།

རིམས་འགོག་ནུས་པ་ཇེ་བརྟན་དུ་གཏོང་བ་དང་རིམས་འགོག་སྨན་ཁབ་ཐེངས་དང་པོ་དང་ཐེངས་གཉིས་པའི་བར་དུ་ཆེས་ཉུང་ནའང་དུས་ཡུན་ཟླ་དྲུག་ཙམ་འགོར་དགོས་པ་ཡིན།  རིམས་འགོག་སྨན་ཁབ་ཐེངས་དང་པོ་དང་གཉིས་པ་གཉིས་ཀ་བརྒྱབ་ཚར་ནས་ཆེས་ཉུང་ནའང་ཟླ་ངོ་དྲུག་ཙམ་འགོར་རྗེས། ད་གཟོད་རིམས་འགོག་ནུས་པ་ཇེ་བརྟན་དུ་གཏོང་དགོས་པ་ཡིན།

དྲུག རིམས་འགོག་སྣོན་ཁབ་ཇི་ལྟར་རྩ་འཛུགས་བྱས་ནས་རྒྱག་དགོས་པ་ཡིན།

ཉེན་ཁའི་ལས་གནས་སུ་ཡོད་པའི་མི་ཚོགས་ལ། ལས་ཁུངས་སམ་ལས་རིགས་གཙོ་བྱས་པའི་ཐུན་མོང་གིས་རྩ་འཛུགས་བྱས་ནས་འགོག་སྨན་རྒྱག་དགོས། ལས་ཁུངས་སོ་སོས་སྔོན་ལ་རིམས་འགོག་སྨན་ཁབ་ཐེངས་དང་པོ་དང་གཉིས་པ་རྒྱག་སའི་གནས་དེར་འབྲེལ་གཏུག་བྱས་ནས་མཉམ་དུ་རྒྱག་དགོས། ཐོག་མར་པྲོག་གསར་གློ་ཚད་ཀྱི་ནད་དུག་འགོ་སླ་བའི་མི་ཚོགས་དང་སྤྱི་ཚོགས་ཀྱི་གཞི་རྩའི་འཁོར་སྐྱོད་ལ་འགན་སྲུང་བྱེད་པའི་གནད་འགག་ལས་གནས་སུ་ཡོད་པའི་མི་སྣར་འགོག་ཁབ་རྒྱག་དགོས། དེ་མིན་མི་ཚོགས་གཞན་རྣམས་པྲོག་གསར་ནད་དུག་གི་འགོག་ཁབ་རྒྱག་སའི་གནས་སུ་སོང་ནས་པྲོག་གསར་འགོག་ཁབ་རྒྱག་དགོས།

བདུན། རིམས་འགོག་སྣོན་ཁབ་བརྒྱབ་རྗེས་བདེ་ཐང་ཨང་བཤེར་ལ་འགྱུར་ལྡོག་འབྱུང་སྲིད་དམ།

ཧེ་ལུང་ཅང་ཞིང་ཆེན་ལ་མཚོན་ན། རིམས་འགོག་ནུས་པ་ཇེ་བརྟན་དུ་བཏང་ཟིན་པའི་མི་རྣམས་ཀྱི་བདེ་ཐང་ཨང་བཤེར་རིམ་འཕར་བྱུང་ཡོད་ཅིང་། དེ་ཉིད་རྗེས་སུ་མུ་མཐུད་དུ་རིམས་འགོག་སྣོན་ཁབ་རྒྱག་སྐབས་གཞི་འཛིན་ས་བྱེད་དགོས།

བརྒྱད། རིམས་འགོག་སྣོན་ཁབ་བརྒྱབ་རྗེས་ཀྱི་མི་ལེགས་པའི་ཚོར་རྐྱེན་དང་སྔོན་གྱི་ཐེངས་དང་པོ་དང་གཉིས་པའི་རིམས་འགོག་སྨན་ཁབ་ཀྱི་མི་ལེགས་པའི་ཚོར་རྐྱེན་གཉིས་ལ་མི་འདྲ་ས་ཅི་ཞིག་ཡོད་དམ།

ཉམས་མྱོང་ལྟར་ན། དེའི་གྲུབ་ཆ་དང་སྡེབ་ཁ་གཅིག་མཐུན་ཡིན་ན། རིམས་འགོག་སྣོན་ཁབ་ཀྱི་མི་ལེགས་པའི་ཚོར་རྐྱེན་དང་སྔོན་གྱི་ཐེངས་དང་པོ་དང་གཉིས་པའི་རིམས་འགོག་སྨན་ཁབ་ཀྱི་མི་ལེགས་པའི་ཚོར་རྐྱེན་གཉིས་ཧ་ལམ་འདྲ་མཚུངས་ཡིན། །

གོང་གི་ཤེས་བྱ་འདི《མཚོ་སྔོན་ཞིང་ཆེན་བདེ་ཐང་སློབ་གསོ་ཁང》གིས་འདོན་སྤྲོད་བྱས་པ་ཡིན། 

ཡིག་སྒྱུར་བ། འབྲུག་མོ།