ཟླ་བཅུ་གཉིས་པའི་ཚེས་བཅུ་གསུམ་ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པ་ནས་ཤེས་གསལ་བྱུང་བ་ལྟར་ན། སྔར་ལས་ལྷག་པའི་སྒོ་ནས་མཚོ་སྔོན་གྱི་འཕྲལ་བསྟུན་མྱུར་སྐྱོབ་མ་ལག་འཐུས་ཚང་དུ་གཏོང་བ་དང་། གློ་བུར་རྐྱེན་ལམ་དུ་འགྲོ་བའི་ནད་པ་མྱུར་སྐྱོབ་བྱེད་ཚད་མཐོ་རུ་གཏོང་ཆེད། ཉེ་ཆར། ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པས་ཞིང་ཆེན་ནང་ཁུལ་གྱི་གནམ་གྲུ་ཐང་དང་། རླངས་འཁོར་འབབ་ཚིགས། མཐོ་རིམ་སློབ་གྲྭ གྲོང་ཁྱེར་སྡོད་དམངས་ཞབས་ཞུ་ལྟེ་གནས་སོགས་སྡེ་ཁག་དགུ་རུ་གཅིག་བསྡུས་སྒོས་ལུས་ཕྱིའི་འདར་སེལ་འཕྲུལ་ཆས(AED)ཉེར་ལྔ་བཀོལ་ནས། རང་ཞིང་གི་སྤྱི་བའི་གནས་སུ་ལུས་ཕྱིའི་འདར་སེལ་འཕྲུལ་ཆས་མེད་པའི་སྟོང་ཆ་བསྐངས།
མཚོ་སྔོན་ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པས་ལུས་ཕྱིའི་འདར་སེལ་འཕྲུལ་ཆས(AED)སྒྲིག་བཀོད་བྱ་བར་མཐོང་ཆེན་བྱས་ཤིང་། དེ་རྒྱ་གྲམ་དམར་པོ་ཚོགས་པའི་ལས་དོན་འཕེལ་རྒྱས་ཀྱི“ལོ་ལྔའི་འཆར་འགོད་བཅུ་བཞི་བའི”འཆར་འགོད་ནང་དོན་གྱི་གྲས་སུ་བཞག་ཅིང་། “ལོ་ལྔའི་འཆར་འགོད་བཅུ་བཞི་བའི”དུས་སྐབས་སུ། ལོ་རེར་འཕྲུལ་ཆས་ཉེར་ལྔ་སྡེབ་སྒྲིག་བྱེད་པའི་གཞི་ཁྱོན་གྱིས། ཁྱོན་བསྡོམས་པས་འཕྲུལ་ཆས་བརྒྱ་ཙམ་གཏོང་བའི་ལས་འགན་ལེགས་འགྲུབ་བྱས། དེ་བས། ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པའི་ཏང་ཙུའུ་ཡིས་བྱ་བ་དེ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་དམངས་ཀྱི་ཆེད་དུ་དོན་དངོས་སྒྲུབ་པའི་གཙོ་གནད་བྱ་བའི་ནང་དོན་དུ་བྱས་ནས། སྒྲིག་ཆས་ཉོ་སྒྲུབ་ཀྱི་མ་དངུལ་བསྡུ་རུབ་བྱས་ཏེ། སྲིད་གཞུང་གི་སུས་འཇོན་དེ་འགུག་གི་རྣམ་པས་ལུས་ཕྱིའི་འདར་སེལ་འཕྲུལ་ཆས་ཉེར་ལྔ་ཉོ་སྒྲུབ་བྱས། ལུས་ཕྱིའི་འདར་སེལ་འཕྲུལ་ཆས(AED)བཀོལ་བར་མཐུན་སྦྱོར་བྱ་ཆེད། ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པས་གློ་སྙིང་སླར་གསོ་དང་ལུས་ཕྱིའི་འདར་སེལ་འཕྲུལ་ཆས(AED)དཔང་ཡིག་ལེན་པར་སྐུལ་འདེད་བཏང་བ་དང་། ཁྱོན་བསྡོམས་པས་མི་ཉིས་བརྒྱ་དང་སོ་ལྔ་ཡིས་དཔང་ཡིག་བླངས་པའི་དུས་མཚུངས་སུ། མུ་མཐུད་དུ་ལུས་ཕྱིའི་འདར་སེལ་འཕྲུལ་ཆས(AED)བེད་སྤྱོད་དྲིལ་སྒྲོག་གི་ཤུགས་ཚད་ཆེ་རུ་བཏང་བ་དང་། སྤྱི་ཚོགས་ཀྱི་ཤེས་ཚད་མཐོར་འདེགས་སུ་བཏང་ནས། མི་སྔར་ལས་མང་པོས་ལུས་ཕྱིའི་འདར་སེལ་འཕྲུལ་ཆས(AED)བེད་སྤྱོད་བྱེད་ཐབས་ཁོང་དུ་ཆུད་པ་དང་། སྒྲིག་ཆས་ཀྱི་ཕན་ཁེ་ཆེན་པོ་འདོན་སྤེལ་བྱེད་པར་སྐུལ་འདེད་བཏང་། །
རྩོམ་སྒྲིག་པ། འབྲུག་མོ།