མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཟས་རིགས་སྨན་རྫས་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་རྒྱ་བསྐྱེད་གྲོས་ཚོགས་ཟི་ལིང་དུ་བསྡུས།
2022.01.18 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 19

ཟླ་དང་པོའི་ཚེས་བཅུ་བཞི་ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཟས་རིགས་སྨན་རྫས་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་རྒྱསའཛོམས་གྲོས་ཚོགས་ཟི་ལིང་དུ་བསྡུས། ཚོགས་ཐོག་ནས་ཉིས་སྟོང་ཉེར་གཅིག་ལོའི་ཞིང་ཆེན་ཡོངས་ཀྱི་ཟས་རིགས་སྨན་རྫས་བདེ་འཇགས་བྱ་བར་སྤྱི་བསྡོམས་བྱས་པ་དང་། ཉིས་སྟོང་ཉེར་གཉིས་ལོའི་ལས་འགན་གཙོ་བོ་བཀོད་སྒྲིག་བྱས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ལིས་ཅེ་ཞང་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད་པ་དང་། ཧྲིན་ཀྲང་གཞོན་པ་ལིའུ་ཐོ་ཡིས་གྲོས་ཚོགས་ལ་འགོ་འཛིན་བྱས་པར་མ་ཟད་གཏམ་བཤད།

ཚོགས་ཐོག་ནས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཟས་རིགས་སྨན་རྫས་བདེ་འཇགས་བྱ་བར་བླང་བྱ་གལ་ཆེན་རབ་དང་རིམ་པ་བཏོན། ས་གནས་སོ་སོ་དང་ལས་ཁུངས་སོ་སོས་ཟས་རིགས་ནི་དམངས་ཀྱི་གཞི་རྩ་ཡིན་པའི་རྒྱལ་ཁབ་ཀྱི་ལས་དོན་ཆེན་པོ་ཡིད་ལ་དམ་པོར་བཅངས་ཏེ། ཟས་རིགས་སྨན་རྫས་བདེ་འཇགས་བྱ་བ་བཟང་བོར་བསྒྲུབ་པའི་འགན་འཁྲིའི་བསམ་པ་དང་འགན་འཁུར་བསམ་པ་ཇེ་དྲག་ཏུ་གཏོང་དགོས། ས་གནས་སོ་སོ་དང་ལས་ཁུངས་སོ་སོས་བསམ་བློའི་ངོས་ཟིན་སྔར་ལས་མཐོར་འདེགས་སུ་གཏོང་བ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཟས་རིགས་སྨན་རྫས་བདེ་འཇགས་བྱ་བའི་སྐོར་གྱི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་དང་དངོས་འབེབས་བཟང་པོ་བྱས་ཏེ། ཟས་རིགས་སྨན་རྫས་བདེ་འཇགས་ལྟ་སྐུལ་དོ་དམ་གྱི་ལས་འགན་གཙོ་བོ་གསལ་བོར་ཤེས་པར་བྱེད་པ་དང་། ཁོངས་གཏོགས་ས་གནས་ཀྱི་དོ་དམ་འགན་འཁྲི་དང་སྡེ་ཁག་གི་ལྟ་སྐུལ་དོ་དམ་འགན་འཁྲི། ཁེ་ལས་ཀྱི་གཙོ་གཞིའི་འགན་འཁྲི་བཅས་དང་ལེན་བཟང་བོ་བྱེད་དགོས་ལ། བློ་ཐག་རྦད་ཆོད་སྒོས་མི་དམངས་མང་ཚོགས་ཀྱི་ཟས་རིགས་བདེ་འཇགས་དང་སྨན་རྫས་བདེ་འཇགས་འགན་སྲུང་བྱེད་དགོས།།

རྩོམ་སྒྲིག་པ། འབྲུག་མོ།