འཛམ་གླིང་ཐོག་དྲག་སྐྱེད་བྱུང་བའི་བུད་མེད་ཨེ་ཙི་ནད་པ་ཐོག་མ་བྱུང་།
2022.02.22 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 9

ཨ་མེ་རི་ཁའི་ཞིབ་འཇུག་མི་སྣས་ཚེས་བཅོ་ལྔའི་ཉིན་ཁྱབ་བསྒྲགས་བྱས་པར།  ཁོ་ཚོས“ངོ་མཚར་བའི”ལྟེ་ཁྲག་བརྗེ་བའི་ཐོད་བརྒལ་རང་བཞིན་གྱི་སྨན་བཅོས་བྱེད་ཐབས་སྤྱད་པ་བརྒྱུད་དེ་ཨེ་ཙི་ནད་ཀྱི་ནད་དུག་ཕོག་པའི་བུད་མེད་ནད་པ་ཞིག་དྲག་སྐྱེད་བྱུང་བ་རེད། འདི་ནི་ལོ་རྒྱུས་ཐོག་གཞུང་རྐང་ཕྲ་ཕུང་སྤོ་འཇུག་དང་ལེན་བྱེད་པ་དང་ཨེ་ཙི་ནད་ཀྱི ཕྲ་ཕུང་འགོག་པའི་བུད་མེད་དང་པོ་ཡིན་ལ། ཤེས་ཟིན་པའི་ཨེ་ཙི་ནད་ཀྱི་བྱེད་ལས་རང་བཞིན་གྱི་སྨན་བཅོས་དྲག་སྐྱེད་བྱུང་བའི་ནད་དཔེ་ཨང་གསུམ་པ་ཡིན། དེ་སྔོན་སངས་དྲག་ཏུ་སོང་བའི་སྐྱེས་པ་གཉིས་ཀ་རྐང་མར་དང་གཞུང་རྐང་ཕྲ་ཕུང་སྤོ་འཇུག་བཅོས་ཐབས་བརྒྱུད་པ་རེད།

བུད་མེད་འདི་ད་ལོ་ལོ64ཡིན་པ་དང་། 2013ལོར ཨེ་ཙི་ནད་དུག་འགོས་པ་རེད། ལོ་བཞི་ཙམ་འགོར་རྗེས། མྱུར་བའི་རང་བཞིན་གྱི་རྒྱུངས་པའི་ཁྲག་རིལ་དཀར་པོའི་ནད་བྱུང་།  ཁོ་མོས་ཞལ་འདེབས་འབུལ་མཁན་གྱི་ལག་ནས་ལྟེ་ཁྲག་ཐོབ་པ་དང་། གཉེན་ཉེ་ཞིག་གིས་ད་དུང་གཤགས་བཅོས་བྱེད་སྐབས་ཁོ་མོར་ཁྲག་མཁོ་འདོན་བྱས་ནས་ཁོ་མོའི་རིམས་འགོག་མ་ལག་ལ་ཤུགས་བསྣོན་བྱས། གཤགས་བཅོས་བྱས་རྗེས་ཀྱི་ཟླ་བཅུ་བཞི་ཡི་ནང་དུ་ནད་པའི་ཁྲག་གི་ཁྲོད་དུ་ཨེ་ཙི་ནད་དུག་ཡང་བསྐྱར་བྱུང་བའི”སྣང་ཚུལ་བྱུང་མེད། །

རྩོམ་སྒྲིག་པ། འབྲུག་མོ།