ཟླ་གཉིས་པའི་ཚེས་ཉེར་བརྒྱད་ཉིན། ཉིས་སྟོང་ཉེར་གཉིས་ལོའི་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སྨན་རྫས་ལྟ་སྐུལ་དོ་དམ་ལས་དོན་དང་སྨན་རྫས་བདེ་འཇགས་ཀྱི་ཆེད་དོན་བཅོས་སྐྱོང་འགུལ་སྐྱོད་ཀྱི་སྐུལ་སློང་བཀོད་སྒྲིག་གྲོས་ཚོགས་ཟི་ལིང་དུ་བསྡུས།
གྲོས་ཚོགས་ལས་བསྟན་དོན། ཉིས་སྟོང་ཉེར་གཅིག་ལོར། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འགོ་ཁྲིད་བརྟན་པོ་དང་། ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུའུ་དང་ས་ཁུལ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གི་རྒྱབ་སྐྱོར་ཆེན་པོའི་འོག་ཏུ། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སྨན་རྫས་ལྟ་སྐུལ་དོ་དམ་མ་ལག་གིས་ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བྱས་ཤིང་། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་དང་སྐབས་བཅུ་དགུ་པའི་སྐབས་རིམ་བྱུང་གི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དངོས་འབེབས་བྱས་ཏེ། ཆེས་ནན་མོ་བཞི་ཡི་བླང་བྱ་སྲོག་ཤིང་དུ་བྱས་ནས། འཕེལ་རིམ་གསར་བར་རྐང་བཙུགས་པ་དང། འཕེལ་རྒྱས་ཀྱི་གཞུང་ལུགས་གསར་བ་ལག་བསྟར། འཕེལ་རྒྱས་ཀྱི་རྣམ་པ་གསར་བ་བཙུགས་ཏེ། ཆབ་སྲིད་ཀྱི་ལངས་གནས་དོན་དངོས་ཀྱིས་མཐོ་རུ་བཏང་བ་དང་། ཡུན་རིང་མཐའ་འཁྱོལ་གྱིས་མི་དམངས་ཀྱི་བདེ་ཐང་ཨང་དང་པོར་བཞག་ནས། སྨན་རྫས་བདེ་འཇགས་ལས་དོན་གྱི་འགན་འཁྲི་ཁུར་སེམས་ཇེ་དྲག་ཏུ་བཏང་སྟེ། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སྨན་རྫས་བདེ་འཇགས་ཀྱི་བཅོས་སྐྱོང་ཆུ་ཚད་མུ་མཐུད་དུ་མཐོ་རུ་གཏོང་བར་སྐུལ་འདེད་བཏང་།
གྲོས་ཚོགས་ལས་ཉིས་སྟོང་ཉེར་གཉིས་ལོའི་སྨན་རྫས་ལྟ་སྐུལ་དོ་དམ་གྱི་ལས་དོན་གལ་ཆེན་ཁག་ནན་ཏན་གྱིས་ལེགས་པོར་སྒྲུབ་པར་བླང་བྱ་བཏོན། རིམས་ནད་འགོག་སྡོམ་ལ་ནུས་ཤུགས་ཡོད་རྒུས་ཞབས་ཞུ་དང་འགན་སྲུང་བྱེད་པ་དང་། སྨན་རྫས་བདེ་འཇགས་ཀྱི་བརྟན་འཇགས་རྣམ་པ་སྲུང་འཛིན་བྱེད་པ། སྨན་རྫས་བདེ་འཇགས་ཀྱི་ཆེད་དོན་བཅོས་སྐྱོང་གཏིང་ཟབ་ཏུ་སྤེལ་ནས། ཁྲིམས་ལྟར་ལྟ་སྐུལ་དོ་དམ་བྱེད་པའི་ཆུ་ཚད་མཐོ་རུ་གཏོང་དགོས། སྨན་རྫས་བདེ་འཇགས་ཀྱི་ལྟ་སྐུལ་དོ་དམ་ནུས་པའི་འཛུགས་སྐྲུན་ཕྱོགས་ཡོངས་ནས་ཤུགས་དྲག་ཏུ་བཏང་ནས། སྨན་རྫས་ཐོན་ལས་ཀྱི་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་ཤུགས་འདོན་རོགས་བྱེད་དགོས། ཆེས་ནན་མོ་བཞི་ཡི་བླང་བྱ་ལག་བསྟར་དང་དངོས་འབེབས་ཟབ་མོ་བྱས་ཏེ། མགོ་ཁུངས་ནས་ནན་འཛིན་བྱེད་པ་དང་། བརྒྱུད་རིམ་ནན་སྡོམ་བྱེད་པ། ཉེན་ཁ་འགོག་པ་བཅས་ཤུགས་དྲག་ཏུ་གཏོང་བ་དང་། བདེ་འཇགས་ཚད་མཐའ་བརྟན་སྲུང་དང་། འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཤུགས་ཆེ་རུ་བཏང་ནས། སྨན་རྫས་ལྟ་སྐུལ་དོ་དམ་ལས་དོན་གྱིས་འཕེལ་རྒྱས་གསར་བ་ལེན་པར་སྐུལ་འདེད་དང་། ཁྱད་འཕགས་གྲུབ་འབྲས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་བྱེད་དགོས།
ཡིག་སྒྱུར་བ། འབྲུག་མོ།