རིམས་ནད་སྔོན་འགོག་སྐབས་ཀྱི་ཁྲིམས་འགལ་ལུགས་འགལ་གྱི་བྱ་སྤྱོད་ཉེར་གསུམ་དང་ཁྲིམས་འགལ་མཇུག་འབྲས།
2022.03.16 ཁུངས། འོད་ཟེར་ཉིན་རེའི་ཚགས་པར། ཀློག་གྲངས། 18

གཅིག སྤྱི་པའི་འགྲིམ་འགྲུལ་ཡོ་བྱད་ལ་བསྡད་ནས་སྡོད་ཁུལ་དང་། སྒོ་རྩིས་ཚོང་ཁང་། སྔོ་ཚོད་ཚོང་ར། གསོལ་མགྲོན་ཁང་སོགས་སྤྱི་པའི་འདུ་གནས་སུ་འགྲོ་སྐབས་དོ་དམ་པའི་ཁ་ཏ་སློབ་སྟོན་ལ་གཞོགས་འདེགས་མི་བྱེད་པ་དང་ཁ་ཐུམ་མི་རྒྱག་མཁན་ལ།《བདེ་འཇགས་དོ་དམ་གྱི་ཆད་པ་གཅོད་ཕྱོགས་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས》(གཤམ་དུ་བསྡུས་མིང་ལ《བདེ་འཇགས་དོ་དམ་གྱི་ཆད་པ་གཅོད་ཕྱོགས་སྐོར་གྱི་བཅའ་ཁྲིམས》ཞེས་བརྗོད་རྒྱུ)ཀྱི་དོན་ཚན་ཉེར་གསུམ་པའི་གཏན་འབེབས་ལས་འགལ་ནས་ཐ་ཚིག་སྒྲོག་པའམ་ཡང་ན་སྒོར200མན་གྱི་དངུལ་ཆད་གཅོད་རྒྱུ་དང་། ཉེས་ཚབས་ཅུང་ཆེ་བའི་རིགས་ལ་ཉིན་ལྔའི་ཡན་ནས་ཉིན་བཅུའི་མན་བཀག་ཉར་གྱི་ཆད་པ་གཅོད་རྒྱུ་དང་སྒོར་ལྔ་བརྒྱའི་མན་གྱི་དངུལ་ཆད་བཅད་ཆོག པྲོག་གསར་ནད་དུག་མཆེད་པའམ་ཡང་ན་ཁྱབ་ཏུ་འཇུག་པའི་ཉེན་ཁ་ཚབས་ཆེན་ཡོད་མཁན་ལ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས》(གཤམ་དུ་བསྡུས་མིང་ལ《ཉེས་ཁྲིམས》ཞེས་བརྗོད་རྒྱུ)ཀྱི་དོན་ཚན་སུམ་བརྒྱ་སུམ་ཅུ་དང་འགལ་ནས་འགོས་ནད་འགོག་བཅོས་ལ་འགོག་རྐྱེན་བཟོས་པའི་བྱས་ཉེས་སུ་བརྩིས་ཆོག

གཉིས། སྡོད་ཁུལ་དང་། སྒོ་རྩིས་ཚོང་ཁང་། སྔོ་ཚོད་ཚོང་ར། གསོལ་མགྲོན་ཁང་སོགས་འབྲེལ་ཡོད་ས་ཆར་འགྲོ་སྐབས་བདེ་ཐང་ཆ་འཕྲིན་ལ་ཞིབ་བཤེར་བྱ་རྒྱུར་གཞོགས་འདེགས་མི་བྱེད་པ་དང་། ཐོབ་ཐང་ཐོ་འགོད་ཀྱི་གཏན་འབེབས་ལ་གཞོགས་འདེགས་མི་བྱེད་པའི་རིགས་ལ《བདེ་འཇགས་དོ་དམ་གྱི་ཆད་གཅོད་བཅའ་ཁྲིམས》ཀྱི་དོན་ཚན་ལྔ་བཅུ་དང་འགལ་ནས་ཐ་ཚིག་སྒྲོག་པའམ་ཡང་ན་སྒོར200མན་གྱི་དངུལ་ཆད་གཅོད་རྒྱུ་དང་། ཉེས་པ་ཚབས་ཆེ་བའི་རིགས་ལ་ཉིན་ལྔའི་ཡན་ནས་ཉིན་བཅུ་མན་བཀག་ཉར་གྱི་ཆད་པ་གཅོད་རྒྱུ་དང་སྒོར་ལྔ་བརྒྱའི་མན་གྱི་དངུལ་ཆད་བཅད་ཆོག པྲོག་གསར་ནད་དུག་མཆེད་པའམ་ཡང་ན་ཁྱབ་ཏུ་འཇུག་པའི་ཉེན་ཁ་ཚབས་ཆེན་ཡོད་ཚེ།《ཉེས་ཁྲིམས》ཀྱི་དོན་ཚན་སུམ་བརྒྱ་སུམ་ཅུ་དང་འགལ་ནས་འགོས་ནད་འགོག་བཅོས་ལ་གནོད་པའི་བྱས་ཉེས་སུ་བརྩིས་ཆོག

གསུམ། རིམས་ནད་སྔོན་འགོག་ཚོད་འཛིན་འགག་གནད་བརྒྱུད་པའི་རླངས་འཁོར་དང་མི་སྣས་སྒྲིག་ལམ་མི་བརྩི་བའམ་ཡང་ན་བྱེད་ཐབས་གཞན་དག་སྤྱད་ནས་གཞོགས་འདེགས་མི་བྱེད་པ་དང་ཐོ་འགོད་དང་ལེན་མི་བྱེད་པའི་རིགས་ལ《བདེ་འཇགས་དོ་དམ་གྱི་ཆད་པ་གཅོད་ཕྱོགས་སྐོར་གྱི་བཅའ་ཁྲིམས》ཀྱི་དོན་ཚན་ལྔ་བཅུ་པའི་གཏན་འབེབས་ལས་འགལ་ནས་ཐ་ཚིག་སྒྲོག་པའམ་ཡང་ན་སྒོར་ཉིས་བརྒྱའི་མན་གྱི་དངུལ་ཆད་གཅོད་རྒྱུ། ཉེས་ཚབས་ཆེ་བའི་རིགས་ལ་ཉིན་ལྔ་ཡན་ནས་ཉིན་བཅུ་མན་གྱི་བཀག་ཉར་ཆད་པ་གཅོད་རྒྱུ་དང་སྒོར་ལྔ་བརྒྱའི་མན་གྱི་དངུལ་ཆད་བཅད་ཆོག པྲོག་གསར་ནད་དུག་མཆེད་པའམ་ཡང་ན་ཁྱབ་ཏུ་འཇུག་པའི་ཉེན་ཁ་ཚབས་ཆེན་ཡོད་ཚེ།《ཉེས་ཁྲིམས》ཀྱི་དོན་ཚན་སུམ་བརྒྱ་སུམ་ཅུ་དང་འགལ་ནས་འགོས་ནད་འགོག་བཅོས་ལ་གནོད་པའི་བྱས་ཉེས་སུ་བརྩིས་ཆོག

བཞི། ཉིང་སྐྱུར་བཤེར་འཇལ་གྱི་ཁྱབ་ཁོངས་སུ་བཅུག་པའི་མི་ཚོགས། གཅིག་གྱུར་རྩ་འཛུགས་ཀྱི་ཉིང་སྐྱུར་ཞིབ་དཔྱད་ནང་ཞུགས་མེད་པའི་རིགས།《གློ་བུར་དུ་ཐོན་པའི་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་གྱི་འཕྲལ་སྡོམ་སྲོལ་ཡིག》གི་དོན་ཚན་ང་གཅིག་པ་དང་འགལ་ནས་འབྲེལ་ཡོད་ཚན་པ་དང་མི་སྒེར་གྱིས་བརྟག་དཔྱད་དང་། མ་དཔེ་འཚོལ་བསྡུ། ལག་རྩལ་དབྱེ་ཞིབ། ཞིབ་དཔྱད་བཅས་ལ་གཞོགས་འདེགས་མི་བྱེད་པ་དང་།《བདེ་འཇགས་དོ་དམ་གྱི་ཆད་གཅོད་བཅའ་ཁྲིམས》ཀྱི་དོན་ཚན་ལྔ་བཅུ་པར་འགལ་ནས་བདེ་འཇགས་དོ་དམ་ལས་འགལ་བའི་བྱ་སྤྱོད་ཀྱི་ཚད་ལ་སླེབས་ཚེ་སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་ཆད་པ་གཅོད་རྒྱུ་དང་། ཉེས་གསོག་གི་དོགས་པ་ཡོད་པའི་རིགས་ལ《ཉེས་ཁྲིམས》ཀྱི་དོན་ཚན་སུམ་བརྒྱ་སུམ་ཅུ་པར་གཞིགས་ནས་འགོས་ནད་འགོག་བཅོས་ལ་འགོག་རྐྱེན་བཟོས་པའི་དོགས་ཡོད་ཀྱི་ཉེས་དོན་འགན་འཁྲིས་བདའ་འདེད་གཏོང་དགོས།

ལྔ། བཀག་སྡོམ་དང་བཀག་སྡོམ་བྱས་པའི་གཞིས་ཁུལ་གྱི་སྡོད་དམངས་ཀྱིས་བཀག་སྡོམ་དོ་དམ་ལ་རམ་འདེགས་མི་བྱེད་པ་དང་།《བདེ་ཐང་དོ་དམ་བྱ་བའི་མཛུབ་སྟོན》གྱི་གཏན་འབེབས་དང་འགལ་ནས་རང་འདོད་ཀྱིས་ཕྱི་རོལ་ཏུ་འཛོམས་པའམ་མཉམ་རུབ་བྱས་ན།《བདེ་འཇགས་དོ་དམ་གྱི་ཆད་པ་གཅོད་ཕྱོགས་སྐོར་གྱི་བཅའ་ཁྲིམས》ཀྱི་དོན་ཚན་ལྔ་བཅུ་པ་དང་འགལ་བས། ཐ་ཚིག་སྒྲོག་པའམ་ཡང་ན་སྒོར་ཉིས་བརྒྱའི་མན་གྱི་ཆད་པ་གཅོད་དགོས། ཉེས་ཚབས་ཆེ་བའི་རིགས་ལ་ཉིན་ལྔའི་ཡན་ནས་ཉིན་བཅུའི་མན་བཀག་ཉར་གྱི་ཆད་པ་གཅོད་རྒྱུ་དང་སྒོར་ལྔ་བརྒྱའི་མན་གྱི་དངུལ་ཆད་བཅད་ཆོག པྲོག་གསར་ནད་དུག་མཆེད་པའམ་ཡང་ན་ཁྱབ་ཏུ་འཇུག་པའི་ཉེན་ཁ་ཚབས་ཆེན་ཡོད་པའི་རིགས་ལ《ཉེས་ཁྲིམས》ཀྱི་དོན་ཚན་སུམ་བརྒྱ་སུམ་ཅུ་དང་འགལ་ནས་འགོས་ནད་འགོག་བཅོས་ལ་གནོད་པའི་བྱས་ཉེས་སུ་བརྩིས་ཆོག ནད་གཞི་གཏན་འཁེལ་བྱེད་མཁན་དང་ནད་གཞི་ཡོད་མཁན་གྱིས་ནད་གཞི་སྦ་གསང་དང་འགྲོ་སྐྱོད་ཆ་འཕྲིན་སྦ་གསང་བྱས་ནས་མི་མང་འདུ་འཛོམས་བྱ་ཡུལ་དུ་འཛུལ་བའམ་ཡང་ན་སྤྱི་པའི་འགྲིམ་འགྲུལ་ཡོ་བྱད་ནང་བསྡད་དེ་པྲོག་གསར་ནད་དུག་གསར་པ་ཐོན་པ་ཡིན་ན《ཉེས་ཁྲིམས》ཀྱི་དོན་ཚན་བརྒྱ་དང་བཅུ་བཞི་པ་དང་བརྒྱ་དང་བཅོ་ལྔ་དང་འགལ་ནས་ཉེན་ཁའི་བྱ་ཐབས་སྤྱད་དེ་སྤྱི་པའི་བདེ་འཇགས་ལ་གནོད་འཚེ་གཏོང་བའི་ཉེས་གསོག་གི་དོགས་པ་བཟོས་པ་ཡིན།

དྲུག བདེ་ཐང་ཨང་རྟགས་དེ་ཨང་རྟགས་སེར་པོ་དང་དམར་པོ་ཡིན་པའི་མི་སྣས་གཏན་འབེབས་ལྟར་ཁྱིམ་སྡོད་བདེ་ཐང་ལྟ་ཞིབ་ཚད་ལེན་མི་བྱེད་པའམ་ཡང་ན་གཅིག་སྡུད་སྒོས་ལོགས་སུ་བཞག་ནས་ལྟ་ཞིབ་མི་བྱེད་པའི་རིགས་ལ།《བདེ་འཇགས་དོ་དམ་གྱི་ཆད་པ་གཅོད་ཕྱོགས་སྐོར་གྱི་བཅའ་ཁྲིམས》ཀྱི་དོན་ཚན་ལྔ་བཅུ་དང་འགལ་བས། ཐ་ཚིག་སྒྲོག་པའམ་ཡང་ན་སྒོར་ཉིས་བརྒྱའི་མན་གྱི་དངུལ་ཆད་གཅོད་དགོས། ཉེས་ཚབས་ཆེ་རིགས་ལ་ཉིན་ལྔའི་ཡན་ནས་ཉིན་བཅུ་མན་བཀག་ཉར་གྱི་ཆད་པ་གཅོད་རྒྱུ་དང་སྒོར་ལྔ་བརྒྱ་མན་གྱི་དངུལ་ཆད་བཅད་ཆོག པྲོག་གསར་ནད་དུག་མཆེད་པའམ་ཡང་ན་ཁྱབ་ཏུ་འཇུག་པའི་ཉེན་ཁ་ཚབས་ཆེན་ཡོད་ཚེ།《ཉེས་ཁྲིམས》ཀྱི་དོན་ཚན་སུམ་བརྒྱ་སུམ་ཅུ་དང་འགལ་ནས་འགོས་ནད་འགོག་བཅོས་ལ་གནོད་པའི་བྱས་ཉེས་སུ་བརྩིས་ཆོག

བདུན། རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་པའི་སྐབས་སུ། སྡོད་དམངས་གཏན་འབེབས་ལས་འགལ་ཏེ་ཕྱི་རུ་སོང་ནས་ཤོ་རྩེད་པ་དང་། བཟའ་བཏུང་། རོལ་རྩེད་སོགས་འདུ་འཛོམས་ཀྱི་བྱེད་སྒོར་ཞུགས་པར། བཀག་སྡོམ་བསླབ་བྱ་བྱས་ཀྱང་ཕན་འབྲས་མ་ཐོན་ན།《བདེ་འཇགས་དོ་དམ་གྱི་ཆད་པ་གཅོད་ཕྱོགས་སྐོར་གྱི་བཅའ་ཁྲིམས་》ལས་འགལ་བའི་དོགས་གཞི་བཟོས་ཡོད། དོན་ཚན་ལྔ་བཅུ་པ། ཐ་ཚིག་སྒྲོག་པའམ་ཡང་ན་སྒོར་ཉིས་བརྒྱའི་མན་གྱི་དངུལ་ཆད་གཅོད་རྒྱུ། ཉེས་ཚབས་ཆེ་བའི་རིགས་ལ་ཉིན་ལྔའི་ཡན་ནས་ཉིན་བཅུའི་མན་གྱི་བཀག་ཉར་གྱི་ཆད་པ་གཅོད་རྒྱུ་དང་སྒོར་ལྔ་བརྒྱའི་མན་གྱི་དངུལ་ཆད་ཀྱང་བཅད་ཆོག པྲོག་གསར་ནད་དུག་འགོ་བའམ་ཡང་ན་འགོ་བའི་ཉེན་ཁ་ཚབས་ཆེན་ཡོད་པའི་རིགས་ལ《ཉེས་ཁྲིམས》ཀྱི་དོན་ཚན་སུམ་བརྒྱ་སུམ་ཅུ་དང་འགལ་ནས་འགོས་ནད་འགོག་བཅོས་ལ་གནོད་པའི་བྱས་ཉེས་ལ་བརྩིས་ཆོག གཏན་འཁེལ་ནད་པ་དང་ནད་གཞི་ཡོད་མཁན་གྱིས་ནད་གཞི་སྦ་གསང་དང་འགྲུལ་བཞུད་ཆ་འཕྲིན་སྦ་གསང་བྱས་ནས་མི་མང་འདུ་འཛོམས་བྱ་ཡུལ་དུ་འགྲོ་བའམ་ཡང་ན་སྤྱི་པའི་འགྲིམ་འགྲུལ་ཡོ་བྱད་ནང་བསྡད་དེ་པྲོག་དབྱིབས་ནད་དུག་འགོས་པ་ཡིན་ན《ཉེས་ཁྲིམས》ཀྱི་དོན་ཚན་བརྒྱ་དང་བཅུ་བཞི་པ། བརྒྱ་དང་བཅོ་ལྔ་དང་འགལ་ནས་ཉེན་ཁའི་བྱ་ཐབས་སྤྱད་དེ་སྤྱི་པའི་བདེ་འཇགས་ལ་གནོད་འཚེ་བཏང་བའི་བྱས་ཉེས་ལ་བརྩིས་ཆོག

བརྒྱད། རིམས་ནད་སྔོན་འགོག་ཚོད་འཛིན་སྐབས་སུ་ཁྱིམ་ཚང་གི་སྡོད་གནས་སུ་ཟུར་ཁྲིད་འཛིན་གྲྭ་བསྡུ་བ་དང་། མིག་མངས་དང་ཤོག་ཕཱའེ་རྩེད་ས། ཤོ་ཁང་སོགས་འཛུགས་པ། ཁྲིམས་འགལ་ངང་ཆམ་རིམས་དང་ཚ་འཇོམས་སྨན་རྫས་འཚོང་བ་སོགས་བྱས་ཚེ།《བདེ་འཇགས་དོ་དམ་གྱི་ཆད་གཅོད་བཅའ་ཁྲིམས》ཀྱི་དོན་ཚན་ལྔ་བཅུ་དང་འགལ་བ་ཡིན་པས། ཐ་ཚིག་སྒྲོག་པའམ་ཡང་ན་སྒོར་ཉིས་བརྒྱའི་མན་གྱི་དངུལ་ཆད་གཅོད་རྒྱུ། ཉེས་ཚབས་ཆེ་བའི་རིགས་ལ་ཉིན་ལྔའི་ཡན་ནས་ཉིན་བཅུའི་མན་གྱི་བཀག་ཉར་གྱི་ཆད་པ་གཅོད་རྒྱུ་དང་སྒོར་ལྔ་བརྒྱའི་མན་གྱི་དངུལ་ཆད་ཀྱང་བཅད་ཆོག པྲོག་དབྱིབས་ནད་དུག་འགོ་བའམ་ཡང་ན་འགོ་བའི་ཉེན་ཁ་ཚབས་ཆེན་ཡོད་པའི་རིགས་ལ།《ཉེས་ཁྲིམས》ཀྱི་དོན་ཚན་སུམ་བརྒྱ་སུམ་ཅུ་དང་འགལ་ནས་འགོས་ནད་འགོག་བཅོས་ལ་གནོད་པའི་བྱས་ཉེས་ལ་བརྩིས་ཆོག

དགུ གཅིག་བསྡུས་ལོགས་བཀར་མཇུག་སྒྲིལ་རྗེས། གཏན་འབེབས་ལྟར་བདེ་ཐང་ལྟ་ཞིབ་ཚད་ལེན་དང་དོ་དམ་དང་ལེན་མི་བྱེད་པ་དང་བཀག་སྡོམ་བསླབ་བྱ་བྱས་ཀྱང་ཕན་འབྲས་མ་ཐོན་ན།《བདེ་འཇགས་དོ་དམ་གྱི་ཆད་གཅོད་སྐོར་གྱི་བཅའ་ཁྲིམས》དོན་ཚན་ལྔ་བཅུ་པ་དང་འགལ་ཡོད་པས། ཐ་ཚིག་སྒྲོག་པའམ་ཡང་ན་སྒོར་ཉིས་བརྒྱའི་མན་གྱི་དངུལ་ཆད་གཅོད་རྒྱུ། ཉེས་ཚབས་ཆེ་བའི་རིགས་ལ་ཉིན་ལྔའི་ཡན་ནས་ཉིན་བཅུ་མན་གྱི་བཀག་ཉར་གྱི་ཆད་པ་གཅོད་རྒྱུ་དང་སྒོར་ལྔ་བརྒྱའི་མན་གྱི་དངུལ་ཆད་ཀྱང་བཅད་ཆོག པྲོག་གསར་ནད་དུག་འགོ་བའམ་ཡང་ན་འགོ་བའི་ཉེན་ཁ་ཚབས་ཆེན་ཡོད་པའི་རིགས།《ཉེས་ཁྲིམས》ཀྱི་དོན་ཚན་སུམ་བརྒྱ་སུམ་ཅུ་དང་འགལ་ནས་འགོས་ནད་འགོག་བཅོས་ལ་གནོད་པའི་བྱས་ཉེས་གྲུབ་སྲིད།

བཅུ། ནད་གཞི་སྦ་གསང་དང་ལམ་ཐིག་ཆ་འཕྲིན་སྦ་གསང(ལྷག་པར་དུ་གཙོ་གནད་ས་ཁུལ་དུ་གནས་སྡོད་བྱས་པའི་ལོ་རྒྱུས)བྱེད་པ། ནད་གཞི་སྦ་གསང་དང་ནད་རྟགས་གཏན་འཁེལ་གྱི་ནད་དཔེའམ་ཡང་ན་ནད་རྟགས་འདྲ་བའི་ནད་པ་དང་འབྲེལ་འདྲིས་དམ་ཟབ་བྱས་མྱོང་བའི་རིགས་ལ།《བདེ་འཇགས་དོ་དམ་གྱི་ཆད་གཅོད་བཅའ་ཁྲིམས》ཀྱི་དོན་ཚན་ལྔ་བཅུ་དང་འགལ་ནས་ཐ་ཚིག་སྒྲོག་པའམ་ཡང་ན་སྒོར་ཉིས་བརྒྱའི་མན་གྱི་དངུལ་ཆད་གཅོད་རྒྱུ། ཉེས་ཚབས་ཆེ་བའི་རིགས་ལ་ཉིན་ལྔའི་ཡན་ནས་ཉིན་བཅུའི་མན་གྱི་བཀག་ཉར་གྱི་ཆད་པ་གཅོད་རྒྱུ་དང་སྒོར་ལྔ་བརྒྱའི་མན་གྱི་དངུལ་ཆད་ཀྱང་བཅད་ཆོག པྲོག་གསར་ནད་དུག་འགོ་བའམ་ཡང་ན་འགོ་བའི་ཉེན་ཁ་ཚབས་ཆེན་ཡོད་པའི་རིགས་ལ།《ཉེས་ཁྲིམས》ཀྱི་དོན་ཚན་སུམ་བརྒྱ་སུམ་ཅུ་དང་འགལ་ནས་འགོས་ནད་འགོག་བཅོས་ལ་གནོད་པའི་བྱས་ཉེས་ལ་བརྩིས་ཆོག གཏན་འཁེལ་ནད་པ་དང་ནད་གཞི་ཡོད་མཁན་

གྱིས་ནད་གཞི་སྦ་གསང་དང་འགྲུད་བཞུད་ཆ་འཕྲིན་སྦ་གསང་བྱས་ནས་མི་མང་འདུ་འཛོམས་བྱ་ཡུལ་དུ་འགྲོ་བའམ་ཡང་ན་སྤྱི་པའི་འགྲིམ་འགྲུལ་ཡོ་བྱད་ནང་བསྡད་དེ་པྲོག་དབྱིབས་ནད་དུག་འགོས་པ་ཡིན་ན《ཉེས་ཁྲིམས》ཀྱི་དོན་ཚན་བརྒྱ་དང་བཅུ་བཞི་པ། བརྒྱ་དང་བཅོ་ལྔ་དང་འགལ་ནས་ཉེན་ཁའི་བྱ་ཐབས་སྤྱད་དེ་སྤྱི་པའི་བདེ་འཇགས་ལ་གནོད་འཚེ་བཏང་བའི་བྱས་ཉེས་ལ་བརྩིས་ཆོག

བཅུ་གཅིག པྲོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་པའི་སྐབས་སུ་འགོས་ནད་འགོག་བཅོས་བྱེད་མཁན་སྲིད་གཞུང་གི་འཕྲོད་བསྟེན་སྲིད་འཛིན་སྡེ་ཁག་གི་ལས་བྱེད་མི་སྣས་འགན་འཁྲི་ལག་བསྟར་དོན་འཁྱོལ་མ་བྱས་པར་པྲོག་གསར་གློ་ཚད་འགོ་བའམ་ཁྱབ་པའི་གནས་ཚུལ་ཐོན་ཚེ། ཉེས་ཚབས་ཆེ་བའི་རིགས་ལ《ཉེས་ཁྲིམས》ཀྱི་དོན་ཚན་བཞི་བརྒྱ་དགུ་དང་འགལ་ནས་འགོས་ནད་འགོག་བཅོས་ཀྱི་འགན་འཛོལ་བྱས་ཉེས་ལ་བརྩིས་ཆོག

བཅུ་གཉིས། སྡོད་དམངས་དང་ཁེ་ལས་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་དང་འབྲེལ་བ་ཡོད་པའི་དུག་སེལ་བྱ་བ་སྤེལ་བར་གཞོགས་འདེགས་མི་བྱེད་པ་དང་། བཀག་སྡོམ་བསླབ་བྱ་བྱས་ཀྱང་ཕན་འབྲས་མ་ཐོན་ན།《བདེ་འཇགས་དོ་དམ་གྱི་ཆད་གཅོད་སྐོར་གྱི་བཅའ་ཁྲིམས》དོན་ཚན་ལྔ་བཅུ་པར་འགལ་བ་ཡིན་པས། ཐ་ཚིག་སྒྲོག་པའམ་ཡང་ན་སྒོར་ཉིས་བརྒྱའི་མན་གྱི་དངུལ་ཆད་གཅོད་རྒྱུ། ཉེས་ཚབས་ཆེ་བའི་རིགས་ལ་ཉིན་ལྔའི་ཡན་ནས་ཉིན་བཅུའི་མན་གྱི་བཀག་ཉར་གྱི་ཆད་པ་གཅོད་རྒྱུ་དང་སྒོར་ལྔ་བརྒྱའི་མན་གྱི་དངུལ་ཆད་ཀྱང་བཅད་ཆོག པྲོག་གསར་ནད་དུག་འགོ་བའམ་ཡང་ན་འགོ་བའི་ཉེན་ཁ་ཚབས་ཆེན་ཡོད་པའི་རིགས་ལ།《ཉེས་ཁྲིམས》ཀྱི་དོན་ཚན་སུམ་བརྒྱ་སུམ་ཅུ་དང་འགལ་ནས་འགོས་ནད་འགོག་བཅོས་ལ་གནོད་པའི་བྱས་ཉེས་ལ་བརྩིས་ཆོག དྲག་ཤུགས་དང་འཇིགས་སྐུལ་གྱི་བྱེད་ཐབས་ལ་བརྟེན་ནས་རྒྱལ་ཁབ་ལས་ཁུངས་ཀྱི་ལས་བྱེད་མི་སྣས(རྒྱལ་ཁབ་ལས་ཁུངས་ནང་དུ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གཞུང་དོན་སྒྲུབ་མཁན་ཚུད)ཁྲིམས་ལྟར་རིམས་ནད་ལ་བརྟག་དཔྱད་བྱེད་པའི་བྱ་བ་སྤེལ་བར་བཀག་འགོག་བྱས་ན། 《ཉེས་ཁྲིམས》ཀྱི་དོན་ཚན་ཉིས་བརྒྱ་དོན་བདུན་པ་དང་འགལ་ནས་གཞུང་དོན་ལ་བཀག་འགོག་བྱེད་པའི་བྱས་ཉེས་ལ་བརྩིས་ཆོག

བཅུ་གསུམ། རིམས་ནད་ཚོད་འཛིན་དང་སྤྱི་བདེ་སྡེ་ཁག་གིས་འགོས་ནད་མཆེད་པའི་རིག་པ་བརྟག་དཔྱད་བྱེད་པའི་ལས་ཀར་གཞོགས་འདེགས་མི་བྱེད་པའི་རིགས་ལ། བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས་ཀྱི་དོན་ཚན་ལྔ་བཅུ་བ་ལྟར་ཐ་ཚིག་སྒྲོག་པའམ་ཡང་ན་སྒོར་ཉིས་བརྒྱའི་མན་གྱི་དངུལ་ཆད་གཅོད་དགོས། གནས་ཚུལ་ཚབས་ཆེ་བའི་རིགས་ལ་ཉིན་ལྔའི་ཡན་ནས་ཉིན་བཅུའི་མན་གྱི་བཀག་ཉར་བྱེད་པ་དང་སྒོར་ལྔ་བརྒྱའི་མན་གྱི་ཆད་པ་གཅོད་པ། དོགས་ཡོད་སྒྲིག་འགལ་མི་སྣར་ཉེས་ཁྲིམས་ཁྲོད་ཀྱི་དོན་ཚན་སུམ་བརྒྱ་སུམ་བཅུ་བ་ལྟར། འགོས་ནད་འགོག་བཅོས་ལ་བཀག་འགོག་བྱེད་པའི་ནག་ཉེས་གྲུབ་སྲིད། དྲག་ཤུགས་དང་འཇིགས་སྐུལ་གྱི་བྱེད་ཐབས་ལ་བརྟེན་ནས་རྒྱལ་ཁབ་ལས་ཁུངས་ཀྱི་ལས་བྱེད་མི་སྣས(འདིའི་ནང་དུ་རྒྱལ་ཁབ་ལས་ཁུངས་ནང་དུ་རིམས་ནད་བྱུང་ཚུལ་སྔོན་འགོག་ཚོད་འཛིན་གྱི་གཞུང་དོན་སྒྲུབ་མཁན་ཚུད་ཡོད)ཁྲིམས་ལྟར་རིམས་ནད་བྱུང་ཚུལ་ལ་བརྟག་དཔྱད་བྱེད་པའི་ལས་དོན་སྤེལ་བར་བཀག་འགོག་བྱས་ན། ཉེས་ཁྲིམས་ཀྱི་དོན་ཚན་ཉིས་བརྒྱ་དོན་བདུན་པ་ལྟར། གཞུང་དོན་ལ་བཀག་འགོག་བྱེད་པའི་ནག་ཉེས་སུ་བརྩིས་ཆོག

བཅུ་བཞི། རིམས་ནད་སྐབས་སུ་དངོས་པོ་གསོག་ཉར་བྱེད་པ་དང་། དངོས་ཟོག་གི་རིན་གོང་སྤར་བ། ལུགས་དང་མི་མཐུན་པའི་ཁེ་ཕན་རེག་པ་སོགས་ལ། ཁྲོམ་རའི་ལྟ་སྐུལ་དོ་དམ་སྡེ་ཁག་གིས་ཁྲིམས་ལུགས་ཁྲིམས་སྲོལ་ལྟར་ཐག་གཅོད་བྱེད་པ། ཁྲིམས་འགལ་གྱི་ཐོབ་ཆའི་གྲངས་འབོར་ཆེན་པོ་ཡོད་པའམ་བྱས་ཉེས་ཚབས་ཆེ་བའི་གནས་ཚུལ་གཞན་དག་ཡོད་པ།  ཚོང་རའི་སྒྲིག་ལམ་ལ་གཏོར་རླག་བྱེད་པ། རྒྱལ་ཁབ་ཀྱིས་རིམས་ནད་སྔོག་འགོག་བྱེད་པར་འགལ་བ་བཟོ་བ། གློ་བུར་དུ་བྱུང་བའི་འགོས་ནད་རིམས་ནད་སོགས་ལ་བཀག་འགོག་བྱེད་པ་སོགས་གནོད་འཚེའི་དུས་སྐབས་སུ་ཁྲོམ་རའི་ཚོང་གཉེར་དང་རིན་གོང་དོ་དམ་སོགས་ཀྱི་གཏན་འཁེལ། དངོས་པོ་གསོག་ཉར་བྱེད་པ། དངོས་ཟོག་གི་རིན་གོང་ཡར་སྤར་བ། ཁྲོམ་རའི་སྒྲིག་རིམ་ལ་གཏོར་རླག་ཚབས་ཆེན་བཟོ་བ། ཁྲིམས་འགལ་གྱི་ཐོབ་ཆའི་གྲངས་འབོར་ཆེན་པོ་ཡོད་པའམ་བྱས་ཉེས་ཚབས་ཆེ་བའི་གནས་ཚུལ་གཞན་དག་ཡོད་པ་སོགས་ལ་ཉེས་ཁྲིམས་ཀྱི་དོན་ཚན་ཉིས་བརྒྱ་ཉེར་ལྔ་ལྟར་ཁྲིམས་འགལ་གྱི་ཚོང་གཉེར་ནག་ཉེས་སུ་བརྩིས་ཆོག

བཅོ་ལྔ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གཏན་འབེབས་ལས་འགལ་ཏེ། ཁ་ཐུམ་དང་འགོག་སྲུང་ལྭ་བ་སོགས་གང་སར་གཡུགས་ན།  ཉེས་ཁྲིམས་ཀྱི་དོན་ཚན་སུམ་བརྒྱ་སོ་བརྒྱད་པ་ལྟར། འགོས་ནད་འགོག་བཅོས་བཅའ་ཁྲིམས་སོགས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གཏན་འབེབས་ལས་འགལ་ཏེ། པྲོག་དབྱིབས་ནད་དུག་གི་ནད་གཞི་འདུས་པའི་སྨན་བཅོས་འགོག་སྲུང་མཁོ་ཆས་དང་། ཡོ་བྱད། སྨན་བཅོས་དང་འཚོ་བའི་སྙིགས་རོ་བཅས་དང་། དེ་བཞིན་གནོད་ལྡན་དངོས་རྫས་གང་བྱུང་དུ་དབྱུག་པ། ཁོར་ཡུག་ལ་སྦགས་བཙོག་ཚབས་ཆེན་བཟོས་ནས་མི་ལ་རྨས་སྐྱོན་ཚབས་ཆེན་དང་ཤི་སྐྱོན་ནམ་གཞུང་སྒེར་གྱི་རྒྱུ་ནོར་ལ་གྱོང་གུན་ཆེན་པོ་བཟོས་ཚེ་ཉེས་ཁྲིམས་ཀྱི་དོན་ཚན་བརྒྱ་དང་བཅུ་བཞི་པ་དང་བརྒྱ་དང་བཅོ་ལྔ་པའི་གཏན་འཁེལ་བྱས་པ་ལྟར། ཉེན་ཁའི་བྱེད་ཐབས་ཐོག་ནས་སྤྱིའི་བདེ་དོན་ལ་གནོད་འཚེ་གཏོང་བའི་ནག་ཉེས་སུ་བརྩིས་ཆོག

བཅུ་དྲུག ལོགས་སུ་བཀར་ནས་སྨན་བཅོས་བྱེད་བཞིན་པའི་ནད་པ་དང་དོགས་ཡོད་ནད་པས་ལོགས་བཀར་སྨན་བཅོས་མི་བྱེད་པའམ་ཡང་ན་རང་འདོད་ལྟར་སྒོ་ཕྱིར་སོང་ན། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགོས་ནད་འགོག་བཅོས་བཅའ་ཁྲིམས》ཀྱི་དོན་ཚན་སོ་དགུ་པའི་ནང་གསེས་དོན་ཚན་དང་པོའི་གཏན་འབེབས་ལྟར། ལོག་བཀར་སྨན་བཅོས་བྱ་རྒྱུ་དང་ལེན་མ་བྱས་པའམ་ཡང་ན་ལོག་བཀར་བྱེད་ཡུན་མ་ལོན་པར་རང་དགར་སྒོ་ཕྱིར་སོང་ན།  སྤྱི་བདེ་ལས་ཁུངས་ཀྱིས་སྨན་བཅོས་ལས་ཁུངས་ལ་གཞོགས་འདེགས་བྱས་ནས་བཙན་ཤེད་ཀྱིས་ཟུར་འཇོག་སྨན་བཅོས་བྱ་ཐབས་སྤྱོད་དགོས།

བཅུ་བདུན། རིམས་ནད་སྐབས་སུ། བསམ་བཞིན་པྲོག་གསར་གློ་ཚད་ནད་དུག་མཆེད་དུ་བཅུག་ནས།  སྤྱིའི་བདེ་འཇགས་ལ་གནོད་འཚེ་བཏང་བར《ཉེས་ཁྲིམས》ཀྱི་དོན་ཚན་བརྒྱ་དང་བཅུ་བཞི་པ་དང་། བརྒྱ་དང་བཅོ་ལྔ་པའི་གཏན་འབེབས་ལྟར། ཉེན་ཁའི་བྱེད་ཐབས་ལ་བརྟེན་ནས་སྤྱིའི་བདེ་འཇགས་ལ་གནོད་འཚེ་བཏང་བའི་ནག་ཉེས་བསགས་པས། མཇུག་འབྲས་ཚབས་ཆེན་བཟོས་མེད་པའི་རིགས་ལ་དུས་བཀག་བཙོན་འཇུག་ལོ་གསུམ་ཡན་ནས་ལོ་བཅུའི་མན་བར་གྱི་ཉེས་ཆད་གཅོད་རྒྱུ་དང་། ངན་འབྲས་ཚབས་ཆེན་བཟོས་པའི་རིགས་ལ་དུས་བཀག་བཙོན་འཇུག་ལོ་བཅུ་ཡན་དང་། ཡང་ན་ཚེ་བཙོན་ནམ་སྲོག་ཁྲིམས་ཀྱི་ཉེས་ཆད་གཅོད་རྒྱུ།

བཅོ་བརྒྱད། ཚ་བ་རྒྱས་པ་དང་། སྐམ་ལུ་བྱེད་པ། ལུས་ཤུགས་མེད་པ། སྣོམ་ཚོར་ཉམས་ཞན་དུ་འགྲོ་བ།  སྣ་འཚུབ་པ། སྣ་ཆུ་བཞུར་བ། མིད་པ་ན་བ། མིག་འབྲས་སྐྱི་མོའི་གཉན་ཚད་འབྱུང་བ། ཤ་གྲིམ་ན་བ་དང་ཁོག་པ་བཤལ་བ་སོགས་ཀྱི་ནད་རྟགས་ཡོད་པའི་མི་སྣས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བླང་བྱ་ལྟར། ཚ་རྒྱས་སྒོ་བསྟེན་ཁང་དུ་སྨན་བཅོས་བྱེད་པར་མི་འགྲོ་བ་དང་། ཁ་ལ་སློབ་གསོ་བཏང་ཡང་ ཕན་འབྲས་མ་ཐོན་ན། 《བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས》སྐོར་ཀྱི་དོན་ཚན་ལྔ་བཅུ་པ་དང་འགལ་བས། ཐ་ཚིག་སྒྲོག་པའམ་ཡང་ན་སྒོར་ཉིས་བརྒྱ་མན་གྱི་དངུལ་ཆད་གཅོད་རྒྱུ་དང་། ཉེས་པ་ཚབས་ཆེ་བའི་རིགས་ལ་ཉིན་ལྔའི་ཡན་ནས་ཉིན་བཅུ་མན་བཀག་ཉར་གྱི་ཆད་པ་གཅོད་རྒྱུ་དང་སྒོར་ལྔ་བརྒྱ་མན་གྱི་དངུལ་ཆད་བཅད་ཆོག པྲོག་གསར་ནད་དུག་མཆེད་པའམ་ཡང་ན་མཆེད་པའི་ཉེན་ཁ་ཚབས་ཆེན་ཡོད་ཚེ། 《ཉེས་ཁྲིམས》ཀྱི་དོན་ཚན་སུམ་བརྒྱ་སུམ་ཅུ་དང་འགལ་ནས་འགོས་ནད་འགོག་བཅོས་ལ་གནོད་པའི་ནག་ཉེས་སུ་བརྩིས་ཆོག

བཅུ་དགུ། པྲོག་གསར་ནད་དུག་འགོས་ཡོད་པའི་ནད་པས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་མི་སྤྱོད་པར། ཤེས་བཞིན་དུ་པྲོག་གསར་ནད་དུག་ཕན་ཚུན་ལ་མཆེད་དུ་བཅུག་ནས་སྤྱིའི་བདེ་འཇགས་ལ་གནོད་འཚེ་བཏང་བར་《ཉེས་ཁྲིམས》ཀྱི་དོན་ཚན་བརྒྱ་དང་བཅུ་བཞི་པ་དང་བརྒྱ་དང་བཅོ་ལྔ་པའི་ནང་གསེས་དང་པོའི་གཏན་འབེབས་ལྟར་ཉེས་པ་གཏན་འཁེལ་བྱས་ནས་ཆད་པ་གཅོད་རྒྱུ།

ཉི་ཤུ། མིའི་ལུས་ཁམས་བདེ་ཐང་ཡོང་བར་འགན་སྲུང་བྱེད་པའི་རྒྱལ་ཁབ་ཀྱི་ཚད་གཞི་དང་ལས་རིགས་ཀྱི་ཚད་གཞི་དང་མི་མཐུན་པའི་སྨན་སྤྱོད་ཁ་ཐུམ་དང་། སྲུང་སྐྱོབ་མིག་ཤེལ། འགོག་སྲུང་ལྭ་བ་སོགས་སྨན་བཅོས་ལ་མཁོ་བའི་ཡོ་བྱད་ཐོན་སྐྱེད་བྱས་པར་ཁྲོམ་རའི་ལྟ་སྐུལ་དོ་དམ་སྡེ་ཁག་གིས་སྲིད་འཛིན་ཐག་གཅོད་བྱེད་པ། ཉེས་ཚབས་ཆེ་བའི་རིགས་ལ《ཉེས་ཁྲིམས》ཀྱི་དོན་ཚན་བརྒྱ་དང་ཞེ་ལྔ་པའི་གཏན་འབེབས་ལས་འགལ་ཏེ་ཚད་གཞི་དང་མི་མཐུན་པའི་སྨན་བཅོས་ཡོ་བྱད་ཐོན་སྐྱེད་དང་ཕྱིར་འཚོང་བྱས་པའི་བྱས་ཉེས་གཏན་འཁེལ་བྱས་ནས་ཁྲིམས་ལྟར་ཉེས་ཆད་ལྕི་མོ་གཅོད་རྒྱུ།

ཉེར་གཅིག རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་དང་འགལ་ནས་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པར་མཁོ་གལ་ཆེ་བའི་ཁ་ཐུམ་དང་ཡང་ན་དམངས་ཚིས་དངོས་རྫས་གཞན་དག་གི་རིན་གོང་སྤར་བྱས་ནས་ཚུལ་མིན་ཁེ་ཕན་རག་པ་དང་། ཁྲིམས་འགལ་གྱི་ཐོབ་བྱའི་གྲངས་འབོར་ཅུང་ཆེ་བའམ་ཡང་ན་བྱས་ཉེས་ཚབས་ཆེན་གཞན་དག་གིས་ཚོང་རའི་སྒྲིག་ལམ་ལ་གཏོར་བརླག་ཚབས་ཆེན་བཟོས་ན《ཉེས་ཁྲིམས》ཀྱི་དོན་ཚན་ཉིས་བརྒྱ་དང་ཉེར་ལྔ་པའི་གཏན་འབེབས་དང་འགལ་བའི་དོགས་གཞི་ཡོད་ཅིང་། ཚོང་རའི་སྒྲིག་ལམ་ལ་གཏོར་བརླག་ཚབས་ཆེན་བཟོས་པའི་ཁྲིམས་འགལ་གྱི་བདག་གཉེར་བྱ་སྤྱོད་གཞན་དག་ཡོད་ཚེ་ཁྲིམས་དང་མི་མཐུན་པའི་བདག་གཉེར་བྱས་ཉེས་གྲུབ་ཡོད།

ཉེར་གཉིས། རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་སྐབས། རིམས་ནད་བྱུང་ཚུལ་གྱི་ཆ་འཕྲིན་རྫུན་མ་བཟོས་ནས་དྲ་བ་སོགས་མི་ཚོགས་འདུ་སར་ཁྱབ་སྤེལ་བྱེད་པའམ་ཡང་ན་ཆ་འཕྲིན་རྫུན་མ་ཡིན་པ་ཤེས་བཞིན་དུ་ད་དུང་ཁྱབ་སྤེལ་བྱེད་རོགས་བྱས་ཚེ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཐོལ་བྱུང་དོན་རྐྱེན་འཕྲལ་བསྟུན་ཐག་གཅོད་བཅའ་ཁྲིམས》(གཤམ་དུ་བསྡུས་མིང་དུ《ཐོལ་བྱུང་དོན་རྐྱེན་འཕྲལ་བསྟུན་ཐག་གཅོད་བཅའ་ཁྲིམས》ཞེས་འབོད་རྒྱུ)ཀྱི་དོན་ཚན་རེ་ལྔ་པ་དང་འགལ་ཡོད་ཚེ། དེར་བཅོས་སྒྱུར་བཀའ་རྒྱ་དང་ཐ་ཚིག་སྒྲོག་རྒྱུ། མཇུག་འབྲས་ཚབས་ཆེན་བཟོས་པའི་རིགས་ལ་ཁྲིམས་ལྟར་གནས་སྐབས་བདག་གཉེར་མཚམས་འཇོག་བྱེད་པའམ་ཡང་ན་བདག་གཉེར་ཆོག་འཐུས་ལག་ཁྱེར་མེད་པར་བཟོ་དགོས། 《བདེ་འཇགས་དོ་དམ་གྱི་ཆད་གཅོད་བཅའ་ཁྲིམས》དང་འགལ་ཡོད་ཚེ། ཉིན་ལྔའི་ཡན་དང་ཉིན་བཅུའི་མན་གྱི་བཀག་ཉར་ཆད་པ་དང་སྒོར་ལྔ་བརྒྱའི་མན་གྱི་ཆད་པ་བཅད་ཆོག ཉེས་ཚབས་ཅུང་ཆུང་བའི་རིགས་ལ་ཉིན་ལྔའི་མན་གྱི་བཀག་ཉར་ཆད་པ་གཅོད་རྒྱུའམ་ཡང་ན་སྒོར་ལྔ་བརྒྱའི་མན་གྱི་ཆད་པ་གཅོད་རྒྱུ། སྤྱི་ཚོགས་ཀྱི་སྒྲིག་ལམ་ལ་གཏོར་བརླག་ཚབས་ཆེན་བཟོས་ན《ཉེས་ཁྲིམས》ཀྱི་དོན་ཚན་ཉིས་བརྒྱ་གོ་གཅིག་དང་འགལ་ནས་ཆ་འཕྲིན་རྫུན་མ་བཟོས་པའམ་ཡང་ན་བསམ་གཟས་ནས་བརྒྱུད་བསྒྲགས་བྱེད་པའི་ཉེས་གསོག་གི་དོགས་པ་བཟོས་ཡོད།

ཉེར་གསུམ། རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་སྐབས། ཟ་ཁང་དང་སྨན་རྫས་ཚོང་ཁང་དག་གིས་མུས་གཅིག་གི་བར་ཐག་འཛིན་པ་དང་། ཁ་ཐུམ་བརྒྱབ་ནས་ལུས་པོའི་དྲོད་ཚད་འཇལ་བ་སོགས་ཀྱི་བྱེད་ཐབས་སྤྱད་མེད་ཚེ《གློ་བུར་དུ་བྱུང་བའི་དོན་རྐྱེན་འཕྲལ་བསྟུན་ཐག་གཅོད་བཅའ་ཁྲིམས》ཀྱི་དོན་ཚན་ཞེ་དགུ་པའི་དོན་ཆུང་བཞི་པ། “རང་བྱུང་གནོད་འཚེ་དང་། དོན་རྐྱེན་ནམ་ཡང་ན་སྤྱི་པའི་འཕྲོད་བསྟེན་གྱི་དོན་རྐྱེན་བྱུང་རྗེས། གཅིག་གྱུར་གྱིས་འགོ་ཁྲིད་བྱེད་པའི་འགན་འཁྲི་སྒྲུབ་པའི་མི་དམངས་སྲིད་གཞུང་གིས་གཤམ་གསལ་གྱི་བབ་བསྟུན་ཐག་གཅོད་བྱེད་ཐབས་གཅིག་གམ་དུ་མ་སྤྱད་ཆོག་པ་སྟེ།(བཞི།)འབྲེལ་ཡོད་སྒྲིག་ཆས་དང་སྒྲིག་གཞི་བཀོལ་སྤྱོད་བྱེད་པར་བཀག་སྡོམ་དང་ཚོད་འཛིན་བྱེད་པ། འབྲེལ་ཡོད་བདག་གཉེར་ཁང་གི་སྒོ་རྒྱག་པའམ་བཀོལ་སྤྱོད་བྱེད་པར་ཚོད་འཛིན་བྱེད་པ། མི་ཚོགས་མང་བའི་བྱེད་སྒོ་སྤེལ་མཚམས་འཇོག་པའམ་ཡང་ན་གནོད་འཚེ་ཇེ་ཆེར་གཏོང་སྲིད་པའི་ཐོན་སྐྱེད་བདག་གཉེར་བྱེད་སྒོ་དང་དེ་བཞིན་སྲུང་སྐྱོང་བྱེད་ཐབས་གཞན་དག་བཀོལ་བ།  ཁྲོམ་རའི་ལྟ་སྐུལ་དོ་དམ་སྡེ་ཁག་གིས་བཅོས་སྒྱུར་བཀའ་རྒྱ་གཏོང་བ་དང་། སྲིད་གཞུང་གིས་གཏན་འབེབས་བྱས་པའི་དོ་དམ་སྒྲིག་ལམ་སླར་གསོ་དང་། སྲིད་གཞུང་གིས་གཏན་འབེབས་བྱས་པའི་བྱེད་ཐབས་མངོན་འགྱུར་བྱ་དགོས།།

རྩོམ་སྒྲིག་པ། འབྲུག་མོ།