རྩ་འཛུགས་ཀྱི་རྩ་ཁྲིམས་ལ་གྲོས་འཆམ་བྱུང་བའི་ཉིན་མོར་དྲན་གསོ་ཞུ་ཆེད། གཅིག་སྟོང་དགུ་བརྒྱ་ཞེ་བརྒྱད་ལོའི་ཟླ་དྲུག་པར། རི་ནེ་ཝ་ནས་བསྡུས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐབས་དང་པོའི་འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་སྟེང་། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དངོས་སུ་བཙུགས་པར་མ་ཟད། ལོ་རེའི་ཟླ་བཞི་བའི་ཚེས་བདུན་ཉིན་ནི་འཛམ་གླིང་འཕྲོད་བསྟེན་ཉིན་མོ་ཡིན་པར་གཏན་འཁེལ་བྱས་པ་དང་། རྒྱལ་ཁབ་སོ་སོས་དྲན་གསོའི་བྱེད་སྒོ་སྣ་ཚོགས་སྤེལ་བར་གྲོས་གཞི་བཏོན་པ་རེད།
ཉིས་སྟོང་ཉེར་གཉིས་ལོའི་འཛམ་གླིང་འཕྲོད་བསྟེན་ཉིན་མོའི་བརྗོད་དོན་གཙོ་བོ་ནི། “ང་ཚོའི་སའི་གོ་ལ་དང་ང་ཚོའི་བདེ་ཐང”ཞེས་པ་དེ་ཡིན། དེའི་དམིགས་ཡུལ་ནི་འཛམ་གླིང་ཡོངས་ཀྱིས་མིའི་རིགས་དང་སའི་གོ་ལའི་བདེ་ཐང་སྲུང་འཛིན་བྱེད་པར་ཕན་པའི་ཁ་ཚ་དགོས་གཏུག་གི་བྱ་སྤྱོད་ལ་དོ་སྣང་བྱེད་དུ་འཇུག་རྒྱུ་མ་ཟད། འབད་བརྩོན་ཆེན་པོས་མིའི་བདེ་ཐང་གཙོ་ཡིན་པའི་སྤྱི་ཚོགས་ཤིག་བསྐྲུན་དགོས་པ་དེ་རེད།
ཡིག་སྒྱུར་བ་། འབྲུག་མོ།