ཉིང་སྐྱུར་བརྟག་དཔྱད་ཇི་ལྟར་བྱེད་དགོས།
2022.04.18 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 31

གཅིག ཉིང་སྐྱུར་བརྟག་དཔྱད་མ་བྱས་སྔོན་ལ། ངེས་པར་མཁོ་བའི་དངོས་པོ་སྟེ། ཐོབ་ཐང་དཔང་ཡིག་དང་ཁ་པར་འཛིན་པ། ཁ་ཐུམ་རྒྱག་པ། ད་དུང་དུག་སེལ་གཙང་ཤོག་དང་ཁ་ཐུམ་ལྷག་མ་གྲ་སྒྲིག་བྱེད་དགོས།

གཉིས། ཉིང་སྐྱུར་བརྟག་དཔྱད་མ་བྱས་སྔོན་གྱི་དུས་ཚོད་གཉིས་ཀྱི་ནང་ཟ་མ་མི་བཟའ་བ་དང་། དུས་ཚོད་ཕྱེད་ཀའི་ནང་ཆུ་མི་འཐུང་བ་དང་དུ་བ་མི་འཐེན་པ་བཅས་བྱེད་དགོས།

གསུམ། གྲལ་སྒྲིག་པའི་སྐབས་སུ། བཀོད་སྒྲིག་ལ་ཉན་པ་དང་སྒྲིག་ལམ་སྲུང་བ།

ཉིང་སྐྱུར་བརྟག་དཔྱད་བྱེད་སྐབས་ལས་བཟོ་བའི་སྣེ་སྟོན་ལྟར་དུ་གྲལ་སྒྲིག་པ་དང་བཤེར་རིས་གྲ་སྒྲིག་བྱེད་པ། བཤེར་རིས་བཤར་བ་དང་ཐོ་འགོད། བརྟག་དཔྱད་སོགས་གོ་རིམ་ལྡན་པར་བྱེད་དགོས།

བཞི། གྲལ་སྒྲིག་པའི་སྐབས་སུ། མི་དང་མིའི་སྔ་གཞུག་དང་གཡས་གཡོན་དུ་མུས་གཉིས་ཀྱི་བར་ཐག་འཇོག་པ། ཕན་ཚུན་ཁ་བརྡ་མི་བྱེད་པ་དང་ཁ་པར་མི་རྒྱག་པ་བཅས་བྱེད་དགོས།

ལྔ། ཉིང་སྐྱུར་བརྟག་དཔྱད་བྱེད་ལ་ཉེ་སྐབས།  མཆིལ་མ་མིད་པ་དང་ལུ་བ་སོགས་མི་བྱེད་པ། གཞན་སྣ་བར་གཤགས་བཅོས་ཀྱི་ལོ་རྒྱུས་དང་། སྣ་དཀྱིལ་འཁྱོག་པ་དང་ཁྲག་ནད། མིད་པའི་ནད་སོགས་ཡོད་ན་སྔོན་ལ་བརྟག་དཔྱད་མི་སྣར་བཤད་དགོས།

དྲུག། ཉིང་སྐྱུར་བརྟག་དཔྱད་བྱེད་སྐབས། ལག་པས་སྒྲོག་ཙེ་དང་བརྟག་དཔྱད་མཁན་གྱི་ལྭ་བ་སོགས་ལ་མི་རེག་པ་དང་། ཁ་པར་སོགས་སྒེར་གྱི་དངོས་པོ་སྒྲོག་ཙེ་སྟེང་མི་འཇོག་པ་བཅས་བྱེད་དགོས།

བདུན། ཉིང་སྐྱུར་བརྟག་དཔྱད་བྱེད་སྐབས། སྨན་པས་དུག་སེལ་བྱས་ཚར་རྗེས་ད་གཟོད་མགྱོགས་པར་མར་ཙོག་པའམ་མར་སྒུར་བ། སྨན་པའི་ཁ་ལ་ཉན་པ་དང་མི་འགུལ་བ། མགོ་ལྟག་པར་དགྱེ་བ་དང་ལྷོད་ལ་འབབ་པ་བཅས་བྱེད་དགོས།

བརྒྱད། ཉིང་སྐྱུར་བརྟག་དཔྱད་བྱེད་སྐབས། མི་གཞན་པར་ཁ་གཏད་ནས་ཧབ་སྦྲིད་མི་རྒྱག་པར། གཙང་ཤོག་དང་ལག་ཕྱིས། ལྭ་བ་སོགས་ཀྱི་ཁ་སྣ་འགེབ་པ་བཅས་བྱེད་དགོས།

དགུ། ཉིང་སྐྱུར་བརྟག་དཔྱད་བྱས་ཚར་རྗེས། མྱུར་དུ་ཁ་ཐུམ་བརྒྱབ་སྟེ་གནས་དེ་ནས་ཁ་འབྲལ་བ། ཁྱིམ་ལ་ཐོན་རྗེས་ལག་པ་བཀྲུ་བ་དང་དུག་སེལ་བྱེད་པ་སོགས་བྱེད་དགོས་སོ།།

རྩོམ་སྒྲིག་པ། འབྲུག་མོ།