གཅིག་གྱུར་བཀོད་སྒྲིག་བྱས་པའི་ཉིང་སྐྱུར་བརྟག་དཔྱད་ལ་མ་ཞུགས་ན་མཇུག་འབྲས་ཚབས་ཆེན་འབྱུང་བ་ཡིན།
2022.04.22 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 16

ཉེ་ལམ། རྒྱལ་ནང་གི་ས་ཆ་སོ་སོ་ནས་བསྟུད་མར་རིམས་ནད་མཆེད་པའི་གནས་ཚུལ་བྱུང་བས་རིམས་ནད་འགོག་སྡོམ་གྱི་གནོན་ཤུགས་ཇེ་ཆེར་གྱུར། ང་ཚོས་དེ་ལ་ཇི་ལྟར་འགོག་སྡོམ་ལེགས་པོ་བྱ་དགོས་སམ་ཞེ་ན།   ཆེས་གནད་འགག་ནི་རིམས་ནད་འབྱུང་ཁུངས་འདེད་པར་མཐུན་སྦྱོར་གང་ལེགས་བྱ་རྒྱུ་དེ་རེད། གལ་ཏེ་འགྲུལ་བཞུད་གསང་བ་དང་རིམས་འགོག་བྱ་བར་མཐུན་སྦྱོར་མ་བྱས་ན་བཅའ་ཁྲིམས་ཀྱི་འགན་འཁྲི་འཁུར་དགོས།  རྒྱ་ཆེའི་མང་ཚོགས་ཀྱིས་རིམས་ནད་འགོག་སྡོམ་སྐབས་ཀྱི་རྒྱུན་མཐོང་གི་ཁྲིམས་འགལ་སྒྲིག་འགལ་གྱི་གནད་དོན་གང་ཡིན་པ་ཤེས་རྒྱུ་དང་།  ཁྲིམས་འགལ་སྒྲིག་འགལ་གྱི་མཇུག་འབྲས་ཤེས་ནས།  རིམས་ནད་འགོག་སྡོམ་བྱ་བ་ཁྲིམས་ལུགས་ཁྲིམས་སྲོལ་ལྟར་ཕན་འབྲས་མཐོ་བའི་སྒོ་ནས་ཡར་སྐུལ་བྱེད་པར་གཤམ་གྱི་གནད་དོན་བཅོ་ལྔ་ཤེས་དགོས།

གཅིག ཉིང་སྐྱུར་བརྟག་དཔྱད་བྱ་ཡུལ་ལ་གཏོགས་མཁན་གཅིག་གྱུར་བཀོད་སྒྲིག་བྱས་པའི་ཉིང་སྐྱུར་བརྟག་དཔྱད་ལ་མ་ཞུགས་ན་མཇུག་འབྲས་ཅི་འབྱུང་ངམ།

ཡིད་རྟོན་ཤོར་བར་བརྩིས་ནས་སྤྱི་བའི་ཡིད་རྟོན་ཆ་འཕྲིན་ཕྱོགས་བསྡུས་ཞབས་ཕྱིའི་སྟེགས་བུར་འགོད་རྒྱུ་ཡིན་པས། རྗེས་ཕྱོགས་མི་སྒེར་གྱི་ཡིད་རྟོན་དངུལ་བུན་བསྐྱི་བ་དང་འཛད་སྤྱོད། ལས་གཉེར། ལས་འགན་ཁུར་བ་སོགས་ལ་ཤུགས་རྐྱེན་ཐེབས་སྲིད། དེ་མིན།  གནས་ཚུལ་ལྟར་ཐ་ཚིག་སྒྲོག་པ་དང་དངུལ་ཆད་གཅོད་པ།  བཀག་ཉར་སོགས་ཀྱི་བདེ་སྐྱོང་དོ་དམ་གྱི་ཆད་པ་གཅོད་རྒྱུ་དང་།  ཐ་ན་འགོས་ནད་འགོག་བཅོས་བཅའ་ཁྲིམས་ལ་གཏོར་བརླག་བཏང་བའི་བྱས་ཉེས་ལྟར་ཉེས་ཆད་གཅོད་ཀྱང་སྲིད།

གཉིས།  སྡོད་ཁུལ་དང་སྒོ་རྩིས་ཚོང་ར།  སྔོ་ཚོད་ཚོང་ར་སོགས་འབྲེལ་ཡོད་ཚོགས་ར་ལ་འགྲོ་འོང་བྱེད་སྐབས།  བདེ་ཐང་ཆ་འཕྲིན་ཞིབ་བཤེར་ལ་མཐུན་སྦྱོར་མ་བྱས་པ་དང་ཐོབ་ཐང་ཐོ་འགོད་ལ་མཐུན་སྦྱོར་མ་བྱས་ན་མཇུག་འབྲས་ཅི་འབྱུང་ངམ།

གནས་ཚུལ་ལྟར་ཐ་ཚིག་སྒྲོག་པ་དང་དངུལ་ཆད་བཅད་ཆོག གནས་ཚུལ་ཚབས་ཆེ་ན་བཀག་ཉར་བྱས་ཀྱང་ཆོག  པྲོག་གསར་ནད་དུག་འགོས་མཆེད་དམ་འགོས་མཆེད་ཀྱི་ཉེན་ཁ་ཚབས་ཆེན་བསླངས་ཚེ། འགོས་ནད་འགོག་བཅོས་བཅའ་ཁྲིམས་ལ་གཏོར་བརླག་བཏང་བའི་བྱས་ཉེས་ལྟར་གཏན་ཁེལ་གྱི་ཉེས་ཆད་བཅད་ཆོག

གསུམ། སྒོ་ཕྱིར་སྐྱོད་སྐབས་ཁ་ཐུམ་མ་བརྒྱབ་ཚེ་བཅའ་ཁྲིམས་ཀྱི་འགན་འཁུར་དགོས་སམ།

སྡོད་དམངས་སྤྱི་སྤྱོད་རླངས་འཁོར་ལ་འདུག་པ་དང་སྡོད་ཁུལ་གྱི་སྒོ་ཆེན་སོགས་སྤྱི་པའི་ཚོགས་རར་འགྲོ་འོང་བྱེད་སྐབས། དོ་དམ་མི་སྣའི་ཁ་ཏ་སློབ་གསོར་མ་ཉན་པར་ཁ་ཐུམ་མི་རྒྱག་པའམ། ཉེན་ཁ་ཆེ་འབྲིང་ས་ཁུལ་གྱི་སྡོད་དམངས་ཕྱི་རུ་སྐྱོད་སྐབས་ཁ་ཐུམ་མ་བརྒྱབ་ཚེ། ཐ་ཚིག་སྒྲོག་པ་དང་དངུལ་ཆད་བཅད་ཆོག གནས་ཚུལ་ཚབས་ཆེ་ན་བཀག་ཉར་བྱས་ཀྱང་ཆོག  པྲོག་གསར་ནད་དུག་འགོས་མཆེད་དམ་འགོས་མཆེད་ཀྱི་ཉེན་ཁ་ཚབས་ཆེན་བསླངས་ཚེ། འགོས་ནད་འགོག་བཅོས་བཅའ་ཁྲིམས་ལ་གཏོར་བརླག་བཏང་བའི་བྱས་ཉེས་ལྟར་ཉེས་ཆད་བཅད་ཆོག

བཞི། བཀག་སྡོམ་དང་སྒོ་བརྒྱབ་པའི་སྡོད་ཁུལ་གྱི་སྡོད་དམངས《བདེ་ཐང་དོ་དམ་བྱ་བའི་ཁྲིད་སྟོན》གྱི་གཏན་འབེབས་ལ་འགལ་ཏེ། གང་འདོད་དུ་སྒོ་ཕྱིར་སོང་ནས་འདུ་འཛོམས་བྱས་ན་མཇུག་འབྲས་ཅི་འབྱུང་ངམ།

《བདེ་སྐྱོང་དོ་དམ་གྱི་ཆད་གཅོད་བཅའ་ཁྲིམས》ཀྱི་དོན་ཚན་ལྔ་བཅུ་བའི་གཏན་འབེབས་ལྟར། གནས་ཚུལ་ཚབས་ཆེན་བཀག་ཉར་བྱས་ཆོག་པ་དང་དངུལ་ཆད་ཀྱང་བཅད་ཆོག《ཉེས་ཁྲིམས》ཀྱི་འབྲེལ་ཡོད་གཏན་འབེབས་ལྟར། པྲོག་གསར་ནད་དུག་འགོས་མཆེད་དམ་འགོས་མཆེད་ཀྱི་ཉེན་ཁ་ཚབས་ཆེན་བསླངས་ཚེ། འགོས་ནད་འགོག་བཅོས་བཅའ་ཁྲིམས་ལ་གཏོར་བརླག་བཏང་བའི་བྱས་ཉེས་ལྟར་གཏན་ཁེལ་གྱི་ཉེས་ཆད་བཅད་ཆོག གཏན་ཁེལ་ནད་པ་དང་ནད་དུག་འགོས་ཡོད་མཁན་གྱིས་ནད་གཞིའི་གནས་ཚུལ་དང་འགྲུལ་བཞུད་གནས་ཚུལ་གསང་ནས། སྤྱི་པའི་ཚོགས་རར་བསྐྱོད་པ་དང་སྤྱི་བའི་འགྲིམ་འགྲུལ་ཡོ་བྱད་ལ་བསྡད་ནས། པྲོག་གསར་ནད་དུག་འགོས་མཆེད་ཀྱི་གནས་ཚུལ་བཟོས་ན། ཉེན་ཁའི་ལམ་ནས་སྤྱི་ལ་གནོད་འཚེ་བཏང་བའི་ཉེས་ཆད་བཅད་ཆོག

ལྔ། བདེ་ཐང་བཤེར་རིས་སེར་པོ་དང་དམར་པོར་གྱུར་པའི་མིས་གཏན་འབེབས་ལྟར་ལོགས་བཀར་གསོ་རིག་ལྟ་ཞིབ་བྱེད་པའམ་ཁྱིམ་སྡོད་བདེ་ཐང་བཤེར་འཇལ་མ་བྱས་ན་མཇུག་འབྲས་ཅི་འབྱུང་ངམ།

གནས་ཚུལ་ལྟར་ཐ་ཚིག་སྒྲོག་པ་དང་དངུལ་ཆད་བཅད་ཆོག གནས་ཚུལ་ཚབས་ཆེ་ན་བཀག་ཉར་བྱས་ཀྱང་ཆོག  པྲོག་གསར་ནད་དུག་འགོས་མཆེད་དམ་འགོས་མཆེད་ཀྱི་ཉེན་ཁ་ཚབས་ཆེན་བསླངས་ཚེ། འགོས་ནད་འགོག་བཅོས་བཅའ་ཁྲིམས་ལ་གཏོར་བརླག་བཏང་བའི་བྱས་ཉེས་ལྟར་གཏན་ཁེལ་གྱི་ཉེས་ཆད་བཅད་ཆོག

དྲུག རིམས་ནད་འགོག་སྡོམ་བྱེད་སྐབས།  སྡོད་དམངས་གཏན་འབེབས་ལ་འགལ་ནས་སྒོ་ཕྱིར་སོང་ནས་རྒྱན་འགྱེད་པ་དང་ཟ་འཐུང་དང་རོལ་རྩེད་སོགས་ཀྱི་འདུ་རུབ་བྱེད་སྒོར་ཞུགས་ན་འགན་འཁྲི་ག་འདྲ་འཁུར་དགོས་སམ།

《བདེ་འཇགས་དོ་དམ་གྱི་ཆད་གཅོད་བཅའ་ཁྲིམས》ཀྱི་དོན་ཚན་ལྔ་བཅུ་བའི་གཏན་འབེབས་ལྟར། གནས་ཚུལ་ཚབས་ཆེ་ན་བཀག་ཉར་བྱས་ཆོག་པ་དང་དངུལ་ཆད་ཀྱང་བཅད་ཆོག《ཉེས་ཁྲིམས》ཀྱི་འབྲེལ་ཡོད་གཏན་འབེབས་ལྟར། པྲོག་གསར་ནད་དུག་འགོས་མཆེད་དམ་འགོས་མཆེད་ཀྱི་ཉེན་ཁ་ཚབས་ཆེན་བསླངས་ཚེ། འགོས་ནད་འགོག་བཅོས་བཅའ་ཁྲིམས་ལ་གཏོར་བརླག་བཏང་བའི་བྱས་ཉེས་ལྟར་གཏན་ཁེལ་གྱི་ཉེས་ཆད་བཅད་ཆོག གཏན་ཁེལ་ནད་པ་དང་ནད་དུག་འགོས་ཡོད་མཁན་གྱིས་ནད་གཞིའི་གནས་ཚུལ་དང་བཞུད་ལམ་གནས་ཚུལ་གསང་ནས། སྤྱི་པའི་ཚོགས་རར་བསྐྱོད་པ་དང་སྤྱི་བའི་འགྲིམ་འགྲུལ་ཡོ་བྱད་ལ་བསྡད་ནས། པྲོག་གསར་ནད་དུག་མཆེད་དུ་བཅུག་ཚེ། ཉེན་ཁའི་ལམ་ནས་སྤྱི་ལ་གནོད་འཚེ་བཏང་བའི་ཉེས་ཆད་བཅད་ཆོག

བདུན། སྲིད་གཞུང་གི་རིམས་ནད་འགོག་སྡོམ་དོ་དམ་གཏན་འབེབས་ལ་འགལ་ནས།  ཁྱིམ་ཚང་གི་ནང་དུ་ཟབ་སྦྱོང་འཛིན་གྲྭ་སྒྲུབ་པ་དང་།  སྒྲིག་ཤོ་རྩེ་ས་ཕྱེ་བ།  སྒྲིག་འགལ་གྱིས་ཆམ་རིམས་ཚ་འཇོམས་སྨན་རྫས་སོགས་བཙོང་ན་མཇུག་འབྲས་ཅི་འབྱུང་ངམ།

གནས་ཚུལ་ལྟར་ཐ་ཚིག་སྒྲོག་པ་དང་དངུལ་ཆད་བཅད་ཆོག གནས་ཚུལ་ཚབས་ཆེ་ན་བཀག་ཉར་བྱས་ཀྱང་ཆོག  པྲོག་གསར་ནད་དུག་འགོས་མཆེད་དམ་འགོས་མཆེད་ཀྱི་ཉེན་ཁ་ཚབས་ཆེན་བསླངས་ཚེ། འགོས་ནད་འགོག་བཅོས་བཅའ་ཁྲིམས་ལ་གཏོར་བརླག་བཏང་བའི་བྱས་ཉེས་ལྟར་གཏན་ཁེལ་གྱིས་ཉེས་ཆད་བཅད་ཆོག

བརྒྱད། གཅིག་བསྡུས་ལོགས་བཀར་བྱེད་མཚམས་བཞག་རྗེས། གཏན་ཁེལ་ལྟར་བདེ་ཐང་ལྟ་ཞིབ་ཚད་ལེན་དང་དོ་དམ་དང་ལེན་མ་བྱས་ན་མཇུག་འབྲས་ཅི་འབྱུང་ངམ།

《བདེ་སྐྱོང་དོ་དམ་གྱི་ཆད་གཅོད་བཅའ་ཁྲིམས》ཀྱི་དོན་ཚན་ལྔ་བཅུ་བའི་གཏན་འབེབས་ལྟར། ཐ་ཚིག་སྒྲོག་པ་དང་དངུལ་ཆད་བཅད་ཆོག གནས་ཚུལ་ཚབས་ཆེ་ན་བཀག་ཉར་བྱས་ཆོག་པ་དང་དངུལ་ཆད་ཀྱང་བཅད་ཆོག《ཉེས་ཁྲིམས》ཀྱི་འབྲེལ་ཡོད་གཏན་འབེབས་ལྟར། པྲོག་གསར་ནད་དུག་འགོས་མཆེད་དམ་འགོས་མཆེད་ཀྱི་ཉེན་ཁ་ཚབས་ཆེན་བསླངས་ཚེ། འགོས་ནད་འགོག་བཅོས་བཅའ་ཁྲིམས་ལ་གཏོར་བརླག་བཏང་བའི་བྱས་ཉེས་ལྟར་གཏན་ཁེལ་གྱིས་ཉེས་ཆད་བཅད་ཆོག

དགུ། རང་ལ་རིམས་ནད་འགོས་ཡོད་པ་དང་ཡང་ན་འགྲུལ་བཞུད་གནས་ཚུལ་དང་ནང་སྒོས་སུ་ས་ཁུལ་གཙོ་བོར་གནས་སྐོར་རམ་བསྡད་མྱོང་བའི་གནས་ཚུལ་སོགས་གསང་བ་དང་། གཏན་ཁེལ་ནད་པའམ་དོགས་ཡོད་ནད་པར་ཉེ་བཅར་བྱས་པའི་གནས་ཚུལ་གསང་ན་མཇུག་འབྲས་ཅི་འབྱུང་ངམ།

《བདེ་འཇགས་དོ་དམ་གྱི་ཆད་གཅོད་བཅའ་ཁྲིམས》ཀྱི་དོན་ཚན་ལྔ་བཅུ་བའི་གཏན་འབེབས་ལྟར། གནས་ཚུལ་ཚབས་ཆེ་ན་བཀག་ཉར་བྱས་ཆོག་པ་དང་དངུལ་ཆད་ཀྱང་བཅད་ཆོག《ཉེས་ཁྲིམས》ཀྱི་འབྲེལ་ཡོད་གཏན་འབེབས་ལྟར། པྲོག་གསར་ནད་དུག་འགོས་མཆེད་དམ་འགོས་མཆེད་ཀྱི་ཉེན་ཁ་ཚབས་ཆེན་བསླངས་ཚེ། འགོས་ནད་འགོག་བཅོས་བཅའ་ཁྲིམས་ལ་གཏོར་བརླག་བཏང་བའི་བྱས་ཉེས་ལྟར་གཏན་ཁེལ་གྱིས་ཉེས་ཆད་བཅད་ཆོག  གཏན་ཁེལ་ནད་པ་དང་ནད་དུག་འགོས་ཡོད་མཁན་གྱིས་ནད་གཞིའི་གནས་ཚུལ་དང་བཞུད་ལམ་གནས་ཚུལ་གསང་ནས། སྤྱི་པའི་ཚོགས་རར་བསྐྱོད་པ་དང་སྤྱི་བའི་འགྲིམ་འགྲུལ་ཡོ་བྱད་ལ་བསྡད་ནས། པྲོག་གསར་ནད་དུག་མཆེད་དུ་བཅུག་ཚེ། ཉེན་ཁའི་ལམ་ནས་སྤྱི་ལ་གནོད་འཚེ་བཏང་བའི་ཉེས་ཆད་བཅད་ཆོག

བཅུ། སྡོད་དམངས་དང་ཁེ་ལས་ཀྱིས་རིམས་ནད་འགོག་སྡོམ་གྱི་འབྲེལ་ཡོད་དུག་སེལ་བྱ་བར་གཞོགས་འདེགས་མ་བྱས་ན་འགན་ཁུར་ཅི་ཞིག་འཁུར་དགོས་སམ།

གནས་ཚུལ་ལ་གཞིགས་ནས་ཐ་ཚིག་སྒྲོག་པ་དང་དངུལ་ཆད་བཅད་ཆོག གནས་ཚུལ་ཚབས་ཆེ་ན་བཀག་ཉར་བྱས་ཀྱང་ཆོག  པྲོག་གསར་ནད་དུག་འགོས་མཆེད་དམ་འགོས་མཆེད་ཀྱི་ཉེན་ཁ་ཚབས་ཆེན་བསླངས་ཚེ། འགོས་ནད་འགོག་བཅོས་བཅའ་ཁྲིམས་ལ་གཏོར་བརླག་བཏང་བའི་བྱས་ཉེས་ལྟར་གཏན་ཁེལ་གྱིས་ཉེས་ཆད་བཅད་ཆོག དྲག་ཤུགས་དང་འཇིགས་སྐུལ་གྱི་ལམ་ནས་རྒྱལ་ཁབ་ལས་ཁུངས་ཀྱི་ལས་བྱེད་མི་སྣས(རྒྱལ་ཁབ་ལས་ཁུངས་ཀྱི་རིམས་ནད་འགོག་སྡོམ་གཞུང་དོན་སྒྲུབ་མཁན་ནང་དུ་འདུ)ཁྲིམས་ལྟར་རིམས་ནད་གནས་ཚུལ་བརྟག་དཔྱད་བྱ་བ་སྤེལ་བར་བཀག་འགོག་བྱས་པ་ལ་གཞུང་དོན་སྒྲུབ་པར་འགོག་རྐྱེན་བཟོས་པའི་བྱས་ཉེས་སུ་བརྩིས་ནས་ཉེས་ཆད་བཅད་ཆོག

བཅུ་གཅིག ཚ་རྒྱས་པ་དང་གློ་ལུ་རྒྱག་པ། ལུས་ཤེད་ཉམས་པ། སྣ་དབང་དང་ལྕེ་དབང་གི་ནུས་པ་ཉམས་པ། སྣ་འཚུབ་པ་དང་སྣ་ཆུ་བཞུར་བ། མིད་པ་ན་བ། མིག་སྐྱིའི་གཉན་ཚད་རྒྱས་པ། ཤ་གྲིམ་ན་བ། ཁོག་པ་བཤལ་བ་སོགས་ཀྱི་ནད་རྟགས་ཡོད་པའི་མི་རིམས་ནད་འགོག་སྡོམ་གྱི་བླང་བྱ་ལྟར་ཚ་རྒྱས་སྒོ་བསྟེན་དུ་སྨན་བཅོས་བྱེད་དུ་མ་སོང་ན་མཇུག་འབྲས་ཅི་འབྱུང་ངམ།

གནས་ཚུལ་ལ་གཞིགས་ནས་ཐ་ཚིག་སྒྲོག་པ་དང་དངུལ་ཆད་བཅད་ཆོག གནས་ཚུལ་ཚབས་ཆེ་ན་བཀག་ཉར་བྱས་ཀྱང་ཆོག  པྲོག་གསར་ནད་དུག་འགོས་མཆེད་དམ་འགོས་མཆེད་ཀྱི་ཉེན་ཁ་ཚབས་ཆེན་བསླངས་ཚེ། འགོས་ནད་འགོག་བཅོས་བཅའ་ཁྲིམས་ལ་གཏོར་བརླག་བཏང་བའི་བྱས་ཉེས་ལྟར་གཏན་ཁེལ་ལྟར་ཉེས་ཆད་བཅད་ཆོག

བཅུ་གཉིས།  རིམས་འགོག་ལས་ཁུངས་དང་སྤྱི་བདེ་ལས་ཁུངས་ཀྱིས་སྤེལ་བའི་རིམས་ནད་འགོས་མཆེད་རིག་པའི་བརྟག་དཔྱད་བྱ་བར་གཞོགས་འདེགས་མ་བྱས་ན་འགན་འཁྲི་ཅི་ཞིག་འཁུར་དགོས་སམ།

གནས་ཚུལ་ལ་གཞིགས་ནས་ཐ་ཚིག་སྒྲོག་པ་དང་དངུལ་ཆད་བཅད་ཆོག གནས་ཚུལ་ཚབས་ཆེ་ན་བཀག་ཉར་བྱས་ཀྱང་ཆོག  པྲོག་གསར་ནད་དུག་འགོས་མཆེད་དམ་འགོས་མཆེད་ཀྱི་ཉེན་ཁ་ཚབས་ཆེན་བསླངས་ཚེ། འགོས་ནད་འགོག་བཅོས་བཅའ་ཁྲིམས་ལ་གཏོར་བརླག་བཏང་བའི་བྱས་ཉེས་ལྟར་གཏན་ཁེལ་གྱིས་ཉེས་ཆད་བཅད་ཆོག དྲག་ཤུགས་དང་འཇིགས་སྐུལ་གྱི་ལམ་ནས་རྒྱལ་ཁབ་ལས་ཁུངས་ཀྱི་ལས་བྱེད་མི་སྣས(རྒྱལ་ཁབ་ལས་ཁུངས་ཀྱི་རིམས་ནད་འགོག་སྡོམ་བྱ་བ་སྒྲུབ་མཁན་གྱི་གཞུང་དོན་མི་སྣ་ནང་དུ་འདུ)ཁྲིམས་ལྟར་རིམས་ནད་གནས་ཚུལ་བརྟག་དཔྱད་བྱ་བ་སྤེལ་བར་བཀག་འགོག་བྱས་པ་ལ་གཞུང་དོན་སྒྲུབ་པར་འགོག་རྐྱེན་བཟོས་པའི་བྱས་ཉེས་སུ་བརྩིས་ནས་ཉེས་ཆད་བཅད་ཆོག

བཅུ་གསུམ།  བརྙས་རྩེད་བྱེད་པ་དང་མཚར་སྣང་འགུག་པ། ཡང་ན་ཚོང་ལས་ལ་དམིགས་པ་བཅས་ཀྱི་སྒོ་ནས། རིམས་ནད་ཀྱི་ཆ་འཕྲིན་རྫུན་མ་བཟོས་ནས་དྲ་རྒྱ་སོགས་སྤྱི་བའི་ཚོགས་རར་སྤེལ་བའམ་ཡང་ན་ཆ་འཕྲིན་རྫུན་མ་ཡིན་པ་ཤེས་བཞིན་དུ་སྤེལ་རོགས་བྱས་ན། བཅའ་ཁྲིམས་ཀྱི་འགན་འཁྲི་ཅི་ཞིག་འཁུར་དགོས་སམ།

《ཐོལ་བྱུང་དོན་རྐྱེན་ལ་ཁ་གཏད་འཇལ་བའི་སྐོར་གྱི་བཅའ་ཁྲིམས》ཀྱི་དོན་ཚན་རེ་ལྔ་པའི་གཏན་འབེབས་ལྟར། ཡོ་བསྲང་བྱེད་འགན་དཀྲི་བ་དང་ཐ་ཚིག་སྒྲོག་པ། ངན་འབྲས་ཚབས་ཆེན་བཟོས་ན་བཅའ་ཁྲིམས་ལྟར་ལས་སྒོ་སྤེལ་མཚམས་འཇོག་པའམ་ལས་གཉེར་བྱེད་འཐུས་ལག་ཁྱེར་མེད་པར་བཟོ་བ་དང་།《བདེ་སྐྱོང་དོ་དམ་གྱི་ཆད་གཅོད་བཅའ་ཁྲིམས》ཀྱི་དོན་ཚན་ཉེར་ལྔ་བའི་གཏན་འབེབས་ལྟར། བཀག་ཉར་བྱེད་པ་དང་དངུལ་ཆད་བཅད་ཆོག

བཅུ་བཞི།  རིམས་ནད་བྱུང་བའི་སྐབས་སུ་དངོས་གོང་གང་འདོད་དུ་སྤར་ཏེ། ཁེ་སྤོགས་ཆེན་པོ་བླངས་ན་ཅི་ལྟར་ཆད་པ་གཅོད་དགོས།

བདེ་སྐྱོང་དོ་དམ་ཆད་པ་ལས་གཞན། ཁྲིམས་འགལ་ངང་བླངས་པའི་དངུལ་གྲངས་ཅུང་མང་བའམ་གནས་ཚུལ་ཚབས་ཆེན་གཞན་པ་ཡོད་མཁན་ལ། ཁྲོམ་རའི་སྒྲིག་ལམ་ལ་གཏོར་བརླག་བཟོས་པ་དང་། ཁྲིམས་འགལ་ལས་གཉེར་གྱི་བྱས་ཉེས་ལྟར་ཉེས་ཆད་གཅོད་པ།

བཅོ་ལྔ། རིམས་ནད་འགོག་སྡོམ་གྱི་གཏན་འབེབས་ལས་འགལ་ཏེ། ཁ་ཐུམ་དང་རིམས་འགོག་ལྭ་བ་སོགས་སྨན་བཅོས་འགོག་སྲུང་དངོས་རྫས་གང་འདོད་དུ་འཕེན་མཁན་གྱིས་བཅའ་ཁྲིམས་ཀྱི་འགན་འཁྲི་འཁུར་དགོས་སམ།

གལ་ཏེ་ཁ་ཐུམ་དང་རིམས་འགོག་ལྭ་བ་སོགས་སྨན་བཅོས་འགོག་སྲུང་དངོས་རྫས་དང་། འགོས་ནད་ཀྱི་ནད་གཞི་ཡོད་པའི་སྙིགས་རོ། དུག་ལྡན་དངོས་རྫས་སམ་གནོད་ལྡན་དངོས་རྫས་གཞན་དག་གང་འདོད་དུ་འཕངས་ཏེ་ཁོར་ཡུག་ལ་སྦག་བཙོག་བཟོས་ན། ཁོར་ཡུག་ལ་སྦག་བཙོག་བཟོས་པའི་བྱས་ཉེས་ལྟར་ཉེས་ཆད་གཅོད་པ། བསམ་བཞིན་དུ་པྲོག་གསར་གློ་ཚད་རིམས་ནད་ཀྱི་ནད་དུག་འགོས་ཁྱབ་ཏུ་བཏང་ནས་སྤྱི་པའི་བདེ་འཇགས་ལ་གནོད་འཚེ་བཟོས་ན། ཉེན་ཁའི་ལམ་ནས་སྤྱིའི་བདེ་འཇགས་ལ་གནོད་འཚེ་བཟོས་པའི་བྱས་ཉེས་ལྟར་ཉེས་ཆད་གཅོད་པ་ཡིན།།

རྩོམ་སྒྲིག་པ། འབྲུག་མོ།