རིམས་འགོག་ཁྲིམས་ཆད་བཅུ་གཉིས།
2022.04.27 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 14

ཟླ་བཞི་བའི་ཚེས་ཉེར་བཞི་ཉིན། ཟི་ལིང་གྲོང་ཁྱེར་མཁར་ཤར་སྤྱི་བདེ་ཡན་ལག་ཅུའུ་ཡིས་འཇགས་རྣམ་དོ་དམ་སྐབས་རིམས་འགོག་སྒྲིག་ཁྲིམས་དང་འགལ་བའི་བྱ་སྤྱོད་དང་ཁྲིམས་ཆད་ཐད་བརྡ་ཁྱབ་བཏང་། ནང་དོན་གཤམ་གསལ་ལྟར།

གཅིག  མངའ་ཁོངས་གྲོང་མིས་མཁར་ཤར་ཁུལ་གྱི་རིམས་འགོག་བཀོད་འདོམས་པུའུ་ཡི་འབྲེལ་ཡོད་གཏན་འབེབས་ལག་བསྟར་ནན་ཏུར་བྱེད་དགོས་ལ། སྒོ་མི་འགྲོ་ཞིང་ཁྱིམ་གཞན་དུ་མི་འགྲོ་བ། འདུ་འཛོམས་མི་བྱེད་པ་བཅས་བྱེད་དགོས། གལ་ཏེ་སྒྲིག་ལམ་མི་བརྩི་མཁན་ལ། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བདེ་སྲུང་དོ་དམ་ཆད་གཅོད་བྱ་ཐབས》ལྟར། ཆེས་མཐོ་བ་ཉིན་བཅུ་ཡི་སྲིད་འཛིན་བཀག་ཉར་དང་སྒོར་ལྔ་བརྒྱ་ཡི་ཆད་པ་གཅོད་རྒྱུ་ཡིན།

གཉིས། རིམས་འགོག་བྱ་བའི་དགོས་མཁོ་ལས་གཞན། གཏན་འབེབས་དང་འགལ་ནས་རང་དགར་གྱིས་རླངས་འཁོར་བསྐོར་ནས་ལམ་དུ་ཕྱིན་ཚེ། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བདེ་སྲུང་དོ་དམ་ཆད་གཅོད་བྱ་ཐབས》ལྟར། ཆེས་མཐོ་བ་ཉིན་བཅུ་ཡི་སྲིད་འཛིན་བཀག་ཉར་དང་སྒོར་ལྔ་བརྒྱ་ཡི་ཆད་པ་གཅོད་རྒྱུ་ཡིན།

གསུམ། རིམས་ནད་ཉེན་ཁ་འབྲིང་དང་མཐོ་བའི་ས་ཆ་ནས་ཡོང་མཁན་གྱིས་ཡར་ཞུ་མི་བྱེད་པ་དང་། ནད་ཀྱི་གནས་ཚུལ་དང་བརྒྱུད་ལམ་རྫུན་ཞུ་བྱེད་པ། བརྒྱུད་ལམ་བརྟག་པ་དང་གཞན་སྐྱེལ། གཅིག་བསྡུས་ལྟ་ཞིབ། ལོགས་བཀར་སྨན་བཅོས་སམ་ལོགས་བཀར་སྨན་བཅོས་དུས་ཚོད་མ་འདང་པར་རང་དགར་གྱིས་ཕྱིར་འབྲོ་བའི་བཅས་སྒྲིག་ལམ་མི་བརྩི་མཁན་ལ།  《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བདེ་སྲུང་དོ་དམ་ཆད་གཅོད་བྱ་ཐབས》ལྟར། ཆེས་མཐོ་བ་ཉིན་བཅུ་ཡི་སྲིད་འཛིན་བཀག་ཉར་དང་སྒོར་ལྔ་བརྒྱ་ཡི་ཆད་པ་གཅོད་རྒྱུ་ཡིན།

བཞི། གཞིས་ཁུལ་དང་ཚོང་ཁང་། སྔོ་ཚལ་ཚོང་ར་སོགས་སྤྱི་བའི་ཁོར་ཡུག་ཏུ་འགྲོ་འོང་བྱེད་དུས། གསལ་འདེབས་ལ་མི་ཉན་ཞིང་ཁ་ཐུམ་མི་རྒྱག་པ། བདེ་ཐང་ཆ་འཕྲིན་བརྟག་ཏུ་མི་འཇུག་པ་སོགས་ལ།  《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བདེ་སྲུང་དོ་དམ་ཆད་གཅོད་བྱ་ཐབས》ལྟར། ཆེས་མཐོ་བ་ཉིན་བཅུ་ཡི་སྲིད་འཛིན་བཀག་ཉར་དང་སྒོར་ལྔ་བརྒྱ་ཡི་ཆད་པ་གཅོད་རྒྱུ་ཡིན།

ལྔ། བཀག་སྡོམ་ཁུལ་དང་ཚོད་འཛིན་ཁུལ། འགོག་ཟོན་ཁུལ་བཅས་ཀྱི་སྡོད་དམངས་ཀྱིས་དོ་དམ་ལ་མི་ཉན་ཞིང་། བརྟག་བཤེར་ལ་རྒྱབ་ལོག་བྱེད་མཁན་ལ།   《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བདེ་སྲུང་དོ་དམ་ཆད་གཅོད་བྱ་ཐབས》ལྟར། ཆེས་མཐོ་བ་ཉིན་བཅུ་ཡི་སྲིད་འཛིན་བཀག་ཉར་དང་སྒོར་ལྔ་བརྒྱ་ཡི་ཆད་པ་གཅོད་རྒྱུ་ཡིན།

དྲུག  ཉིང་སྐྱུར་བརྟག་དཔྱད་ལ་མི་ཞུགས་མཁན་དང་བརྟག་དཔྱད་སྒྲིག་ལམ་གཏོར་བརླག་བྱེད་མཁན་ལ།  《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བདེ་སྲུང་དོ་དམ་ཆད་གཅོད་བྱ་ཐབས》ལྟར། ཆེས་མཐོ་བ་ཉིན་བཅུ་ཡི་སྲིད་འཛིན་བཀག་ཉར་དང་སྒོར་ལྔ་བརྒྱ་ཡི་ཆད་པ་གཅོད་རྒྱུ་ཡིན།

བདུན། ཟིང་ཆ་སློང་བ་དང་སྨན་བཅོས་ལ་བར་ཆད་བྱེད་པ། རིམས་འགོག་སྒྲིག་ལམ་དཀྲུག་པ། སྨན་བཅོས་མི་སྣ་དང་རིམས་འགོག་ལས་བཟོ་མི་སྣར་གནོད་འཚེ་དང་དམའ་འབེབས་བྱེད་པ། འཇིགས་སྐུལ་བ། སྨན་བཅོས་སྒྲིག་ཆས་བཅོམ་བརླག་བྱེད་མཁན་ལ།  《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བདེ་སྲུང་དོ་དམ་ཆད་གཅོད་བྱ་ཐབས》ལྟར། ཆེས་མཐོ་བ་ཉིན་བཅོ་ལྔ་ཡི་སྲིད་འཛིན་བཀག་ཉར་དང་སྒོར་སྟོང་གཅིག་གི་ཆད་པ་གཅོད་རྒྱུ་ཡིན།

བརྒྱད། རིམས་ནད་འབྲེལ་བའི་བརྡ་འཕྲིན་རྫུན་བཟོ་བྱེད་པ་དང་རྫུན་མ་ཡིན་པ་ཤེས་བཞིན་དུ། སྐད་འཕྲིན་དང་འཁྱུག་དབྱིངས། QQསོགས་དྲ་རྒྱའི་སྟེང་བཀྲམ་མཁན་ལ། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བདེ་སྲུང་དོ་དམ་ཆད་གཅོད་བྱ་ཐབས》ལྟར། ཆེས་མཐོ་བ་ཉིན་བཅོ་ལྔ་ཡི་སྲིད་འཛིན་བཀག་ཉར་དང་སྒོར་སྟོང་གཅིག་གི་ཆད་པ་གཅོད་རྒྱུ་ཡིན།

དགུ། མགྲོན་ཁང་དང་ཟ་ཁང་། ལུས་བཀྲུ། རོལ་རྩེད། ལུས་རྩལ་ཁང་སོགས་སྤྱི་བའི་ཁོར་ཡུག་ལས་གཉེར་བྱས་ནས་རིམས་འགོག་གཏན་འབེབས་ལ་འགལ་མཁན་ལ། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བདེ་སྲུང་དོ་དམ་ཆད་གཅོད་བྱ་ཐབས》ལྟར། ཆེས་མཐོ་བ་ཉིན་བཅུ་ཡི་སྲིད་འཛིན་བཀག་ཉར་དང་སྒོར་ལྔ་བརྒྱ་ཡི་ཆད་པ་གཅོད་རྒྱུ་ཡིན།

བཅུ། རིམས་འགོག་དུས་སུ་ཤོ་རྩ་འཛུགས་དང་རྩེད་མཁན་ལ། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བདེ་སྲུང་དོ་དམ་ཆད་གཅོད་བྱ་ཐབས》ལྟར། ཆེས་མཐོ་བ་ཉིན་བཅོ་ལྔ་ཡི་སྲིད་འཛིན་བཀག་ཉར་དང་སྒོར་སྟོང་གསུམ་གྱི་ཆད་པ་གཅོད་རྒྱུ་ཡིན།

བཅུ་གཅིག  འགྲུལ་སྐྱེལ་རླངས་འཁོར་དང་གླ་གཏོང་རླངས་འཁོར་སོགས་བེད་སྤྱད་ནས། རང་དགར་གྱིས་བཀག་སྡོམ་ཁུལ་དང་ཚོད་འཛིན་ཁུལ། འགོག་ཟོན་ཁུལ་བཅས་ནས་གཏན་འབེབས་དང་འགལ་ཏེ་མི་སྐྱེལ་མཁན་ལ། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བདེ་སྲུང་དོ་དམ་ཆད་གཅོད་བྱ་ཐབས》ལྟར། ཆེས་མཐོ་བ་ཉིན་བཅུ་ཡི་སྲིད་འཛིན་བཀག་ཉར་དང་སྒོར་ལྔ་བརྒྱ་ཡི་ཆད་པ་གཅོད་རྒྱུ་ཡིན།

བཅུ་གཉིས། རིམས་འགོག་འབྲེལ་ཡོད་གཏན་འབེབས་གཞན་དག་དང་ལེན་མི་བྱེད་མཁན་ལ། ཁྲིམས་ལྟར་ཆད་གཅོད་བྱ་རྒྱུ་ཡིན།