པྲོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་སྐབས་སུ། དྲ་མ་ཕྱེས་ནས་རླུང་རྒྱུ་རུ་འཇུག་པ་རྒྱུན་འཁྱོངས་བྱེད་རྒྱུ་ནི་ཤིན་ཏུ་གལ། ཡིན་ཡང་གྲོགས་པོ་མང་པོ་ཞིག་གིས་དྲ་མ་ཕྱེས་ནས་རླུང་རྒྱུ་རུ་འཇུག་པ་ནི་རྒྱུན་ལྡན་གྱི་དྲ་མ་ཕྱེས་པ་དེ་རེད། དོན་དངོས་སུ་དེ་འདྲ་ཞིག་ག་ལ་ཡིན།
དྲ་མ་ཕྱེས་ནས་རླུང་རྒྱུ་བའི་ཡང་དག་གི་བྱེད་ཐབས་ནི་འདི་དག་སྟེ།
དུས་ལྟར་དྲ་མ་ཕྱེས་ནས་རླུང་རྒྱུ་བར་བྱེད་པའི་གནད་དང་པོ། རླུང་རྒྱུ་བའི་ཐེངས་གྲངས་ཁེག་ཐེག་བྱ་དགོས།
ཉིན་རེར་མ་མཐའ་ཡང་ཐེངས་གསུམ་ལ་རླུང་རྒྱུ་རུ་འཇུག་དགོས། སྔ་དྲོ་དང་དྲོས་ཇ། དགོང་མོ་བཅས་ལ་དྲ་མ་ཕྱེས་ནས་རླུང་རྒྱུ་རུ་འཇུག་དགོས།
དུས་ལྟར་དྲ་མ་ཕྱེས་ནས་རླུང་རྒྱུ་བར་བྱེད་པའི་གནད་གཉིས་པ། རླུང་རྒྱུ་བའི་དུས་ཚོད་ལེགས་པོར་བདམས་དགོས།
སྔ་དྲོའི་དུས་ཚོད་བརྒྱད་ནས་བཅུ་གཅིག་བར་དང་། ཕྱི་དྲོའི་དུས་ཚོད་གཅིག་ནས་བཞིའི་བར་དུ་བརྫད་དངོས་ཀྱི་གར་ཚད་ཅུང་དམའ་བས། རླུང་རྒྱུ་རུ་འཇུག་པའི་དུས་ཚོད་ལེགས་ཤོས་ཡིན།
དུས་ལྟར་དྲ་མ་ཕྱེས་ནས་རླུང་རྒྱུ་བར་བྱེད་བའི་གནད་གསུམ་པ། རླུང་རྒྱུ་བའི་དུས་ཚོད་ཀྱི་རིང་ཚད་ལ་མཉམ་འཇོག་བྱ་དགོས།
ཐེངས་རེའི་རླུང་རྒྱུ་བའི་དུས་ཚོད་ནི་སྐར་མ་བཅོ་ལྔ་ཡིན།
དུས་ལྟར་དྲ་མ་ཕྱེས་ནས་རླུང་རྒྱུ་བའི་གནད་བཞི་པ། ཕྱི་ནང་གི་དྲོད་ཚད་ལ་མཉམ་འཇོག་བྱ་དགོས།
གནམ་གཤིས་འཁྱག་པའི་སྐབས་སུ་དྲ་མ་ཕྱེས་ཏེ་རླུང་རྒྱུ་རུ་འཇུག་སྐབས། ཁང་བའི་ཕྱི་ནང་གི་དྲོད་ཚད་ལ་མཉམ་འཇོག་བྱས་ནས་ཆམ་པ་ཕོག་པར་གཟབ་དགོས།།
རྩོམ་སྒྲིག་པ། འབྲུག་མོ།