རང་གཞན་ཀུན་གྱི་བདེ་ཐང་གི་ཆེད་དང་། སྔར་ལས་ལྷག་པའི་སྒོ་ནས་མཚོ་སྔོན་དུ་ཡོང་མཁན་དང་མཚོ་སྔོན་ལ་ཕྱིར་ལོག་མཁན་གྱི་མི་སྣའི་དོ་དམ་གནད་དུ་འཁེལ་བར་བྱས་ནས། རིམས་ནད་འགོག་སྡོམ་གྱི་ཞབས་ཞུའི་བྱ་བ་ལེགས་པར་བསྒྲུབ་ཆེད། ཟླ་ལྔ་པའི་ཚེས་བཅོ་ལྔ་ཉིན་ནས་བཟུང་། མཚོ་སྔོན་དུ་ཡོང་མཁན་དང་མཚོ་སྔོན་ལ་ཕྱིར་ལོག་མཁན་གྱི་མི་སྣ་ཚང་མས་མཚོ་སྔོན་ལ་མ་ཐོན་པའི་ཡར་སྔོན་ནས་སྙན་ཞུ་ཐོ་འགོད་བྱ་དགོས།
གཅིག སྙན་ཞུ་ཐོ་འགོད་བྱ་དགོས་མཁན།
མཚོ་སྔོན་དུ་ཡོང་མཁན་དང་མཚོ་སྔོན་ལ་ཕྱིར་ལོག་མཁན་གྱི་མི་སྣ་ཚང་མ།
གཉིས། སྙན་ཞུ་ཐོ་འགོད་བྱེད་པའི་དུས་ཚོད།
མཚོ་སྔོན་དུ་ཡོང་མཁན་དང་མཚོ་སྔོན་ལ་ཕྱིར་ལོག་མཁན་ཚང་མས་མཚོ་སྔོན་ལ་མ་ཐོན་པའི་ཡར་སྔོན་གྱི་དུས་ཚོད24ནང་དུ་སྐུད་ལམ་ནས་སྙན་ཞུ་ཐོ་འགོད་བྱ་དགོས་ཤིང་། རྒྱུ་རྐྱེན་ཁྱད་པར་བའི་དབང་གིས་དུས་ཐོག་ཏུ་སྙན་ཞུ་ཐོ་འགོད་བྱེད་མ་ཐུབ་པ་དག་གིས་དམིགས་གནས་ལ་ཐོན་རྗེས་ཀྱི་དུས་ཚོད་གཉིས་ནང་དུ་ངེས་པར་དུ་སྐུད་ལམ་ནས་སྙན་ཞུ་ཐོ་འགོད་བྱ་དགོས།
གསུམ། སྙན་ཞུ་ཐོ་འགོད་ཀྱི་བརྒྱུད་རིམ།
གཅིག སྐད་འཕྲིན་གྱི་འཚོལ་བཤེར་ནས“བདེ་ཐང་མཚོ་སྔོན”ཞེས་པའི་སྤྱི་སྟེགས་འཚོལ་བཤེར་བྱས་ཏེ། དེ་ལ་དོ་ཁུར་བྱ་དགོས།
གཉིས། དེའི་མདུན་ཤོག་གི་སྟེང་ནས“མཚོ་སྔོན་དུ་ཡོང་མཁན་དང་མཚོ་སྔོན་དུ་ཕྱིར་ལོག་མཁན་གྱིས་སྙན་ཞུ་ཐོ་འགོད་བྱེད་པ ”ཞེས་པའི་སྟེང་མནོན་དགོས།
གསུམ མི་རང་ཉིད་ཀྱི་གནས་ཚུལ་དངོས་ལྟར “མཚོ་སྔོན་དུ་ཡོང་མཁན།” དང “མཚོ་སྔོན་དུ་ཕྱིར་ལོག་མཁན།” སྟེང་མནན་ནས། མི་སྒེར་གྱི་ཆ་འཕྲིན་ལེགས་པར་བསྐངས་རྗེས་མཐའ་མཇུག་གི་གཏན་ཁེལ་མནན་པ་ན་ཐོ་འགོད་ཡར་སྤྲོད་བྱས་ཟིན་པ་ཡིན།
བཞི། སྙན་ཞུ་ཐོ་འགོད་བྱེད་མཁན་གྱི་མི་སྣས་མི་རང་གི་ཆ་འཕྲིན་ཇི་བཞིན་དུ་བསྐང་དགོས་ཏེ། རང་འགུལ་གྱི་སྙན་ཞུ་ཐོ་འགོད་མི་བྱེད་མཁན་དང་། རྫུན་བཟོ་གསང་བ་བྱེད་མཁན་ལ་སྤྱི་བདེ་ལུས་ཁུངས་ཀྱིས་སྒྲིག་ཁྲིམས་ལྟར་ཐག་གཅོད་ནན་མོ་བྱ་རྒྱུ་རེད།
མཚོ་སྔོན་ཞིང་ཆེན་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའི་གཞུང་སྒྲུབ་ཁང་ནས།
2022ལོའི་ཟླ5པའི་ཚེས15ཉིན།
གོང་གི་ཤེས་བྱ་འདི<<མཚོ་སྔོན་ཞིང་ཆེན་བདེ་ཐང་སློབ་གསོ་ཁང>>གིས་འདོན་སྤྲོད་བྱས།
རྩོམ་སྒྲིག་པ། འབྲུག་མོ།