བཀག་སྡོམ་ཁུལ་དང་། འཛིན་སྡོམ་ཁུལ། འགོག་ཟོན་ཁུལ་བཅས་ཀྱི་རིམས་ནད་འགོག་སྡོམ་བྱ་བ་ཚད་ལྡན་བྱ་ཆེད། པེ་ཅིན་གྲོང་ཁྱེར་རིམས་འགོག་ལྟེ་གནས་ཀྱིས་བཀག་སྡོམ་ཁུལ་དང་འཛིན་སྡོམ་ཁུལ། འགོག་ཟོན་ཁུལ་བཅས་སུ་ཡོད་པའི་མི་སྣ་ལ་རིམས་འགོག་མཛུབ་སྟོན་འདི་འདྲ་ཞིག་གཏན་འབེབས་ཡོད་བྱས་ཡོད་པ་རེད། དེས་ན་ང་ཚོས་མཉམ་དུ་པེ་ཅིན་གྲོང་ཁྱེར་གྱི་རིམས་འགོག་ཉམས་མྱོང་ལ་ཟུར་ལྟ་དང་སློབ་སྦྱོང་ཞིག་བྱ་སྟེ། གལ་ཏེ་ཁྱེད་རང་བཀག་སྡོམ་ཁུལ་དུ་ཡོད་ན། གཤམ་བཀོད་ཀྱི་དོན་ཚན་འདི་དག་བཞིན་བསྒྲུབ་རྒྱུ་གལ་ཆེ།
གཅིག བཀག་སྡོམ་ཁུལ་གྱི་མི་སྣས་མཁར་སྡེ་དང་སྡེ་བའི་གཅིག་གྱུར་བཀོད་སྒྲིག་ལྟར་ཁྱིམ་ཚང་གི་སྒོར་མི་འབུད་པ་དང་། ཉིང་སྐྱུར་བརྟག་དཔྱད་དང་བདེ་ཐང་ལྟ་ཞིབ་ཚད་ལེན་སོགས་རིམས་འགོག་བྱེད་ཐབས་དག་ལེགས་པོར་བསྒྲུབ་དགོས།
གཉིས། བཀག་སྡོམ་ཁུལ་གྱི་མི་སྣས་ཉིན་རེའི་བདེ་ཐང་ལྟ་ཞིབ་ཚད་ལེན་ལེགས་པོར་བསྒྲུབ་པ་དང་། ཚ་རྒྱས་པ་དང་སྐམ་ལུ་བྱེད་པ། ཐང་ཆད་པ། ལུད་པ་ལུ་བ། མིད་པ་ན་བ། ཁོག་པ་བཤལ་བ། ལྕེ་དང་སྣའི་ཚོར་ཤེས་རྒྱུན་ལྡན་མིན་པ། སྣ་འཚུབ་པ། མིག་སྐྱིར་གཉན་ཚད་རྒྱས་པ། ཤ་གྲིམ་ན་བ་སོགས་པྲོག་གསར་གློ་ཚད་ཀྱི་འབྲེལ་ཡོད་ནད་རྟགས་ཡོད་མེད་ལ་དོ་སྣང་ཆེན་པོ་བྱ་དགོས། གལ་ཏེ་རྒྱུན་ལྡན་མིན་ཚེ་འཕྲལ་མར་སྙན་སེང་ཞུ་དགོས་པ་ལས་རྫུན་ཞུ་དང་སྦ་གསང་བྱ་མི་རུང་།
གསུམ་པ། ཕྱི་ནས་ཉོས་པའི་དངོས་པོ་ལེན་པ་དང་ཉིང་སྐྱུར་བརྟག་དཔྱད་དུ་འགྲོ་བ། གད་སྙིགས་འཕེན་དུ་འགྲོ་སྐབས་སྨན་སྤྱོད་ཁ་ཐུམ་(N95/KN95)ཡག་པོར་རྒྱག་དགོས། སྒོ་མ་ཕྱེ་སྔོན་ལ་ལག་པ་བཀྲུ་དགོས། སྨན་ཁང་དུ་འགྲོ་བ་ལྟ་བུའི་དམིགས་བསལ་གྱི་དོན་དག་གི་དབང་གིས་སྒོ་ཕྱིར་འགྲོ་དགོས་ཚེ་གོ་རིམ་ཧྲིལ་བོར་སྨན་སྤྱོད་ཁ་ཐུམ་(N95/KN95)ཚད་དང་ལྡན་པར་རྒྱག་དགོས།
བཞི་བ། བཀག་སྡོམ་ཁུལ་དུ་ཡོད་པའི་མི་སྣས་གཙང་སྦྲ་དང་འཕྲོད་བསྟེན་ཡག་པོ་རྒྱུན་འཁྱོངས་བྱ་དགོས། ལག་པས་ཐད་ཀར་ཁ་སྣ་དང་མིག་ལ་རེག་མི་རུང་། ཧབ་སྦྲིད་རྒྱག་པ་དང་གློ་ལུ་བའི་སྐབས་སུ་གཙང་ཤོག་དང་ཡང་ན་གྲུ་མོའི་ལྭ་བས་ཁ་སྣ་འགེབས་དགོས། ཁ་ཆུ་སྣ་ཆུ་གཙང་ཤོག་གིས་ཡག་པོར་ཕྱིས་ནས་སྙིགས་སྒམ་དུ་གཡུག་དགོས།
ལྔ་བ། ཁྱིམ་ནས་ཉིན་རེར་སྔ་དྲོ་དང་ཕྱི་དྲོའི་སྐབས་སུ་ཉུང་མཐའ་ཡང་སྒེའུ་ཁུང་ཐེངས་རེ་ཕྱེ་ནས་རླུང་རྒྱུ་རུ་འཇུག་དགོས་ལ། ཐེངས་རེར་སྐར་མ་སུམ་ཅུའི་ཡན་འབྱེད་དགོས།
དྲུག་པ། ཁྱིམ་དུ་སྡོད་སྐབས་ཉིན་རེར་མ་མཐའ་ཡང་གད་དར་གཙང་དག་ཐེངས་རེ་བྱེད་པ་དང་། ཁྱིམ་གྱི་གཙང་སྦྲ་རྒྱུན་འཁྱོངས་བྱེད་པ་གཙོ་བོ་བྱས་ཏེ་དགོས་ངེས་ཀྱི་དུས་སུ་དུག་སེལ་བྱ་དགོས།
བདུན། དུས་ལྟར་ཆབ་གཞོང་དང་བཀྲུས་ཆུ་ཕུད་སའི་ཁུང་བུ་ལ་ཆུ་ལྡུག་དགོས་ཤིང་། ཉིན་རེར་ཐེངས་གཉིས་ཡན་དང་ཐེངས་རེར་ཆུ་ཧའོ་ཧྲིན་སུམ་བརྒྱ་ལྔ་བཅུ་ཙམ་ལྡུག་དགོས། ཆུ་ལྡུག་པའི་ཆ་རྐྱེན་མེད་ཚེ་ཁ་འགེབས་བྱེད་ཀྱི་ཁ་ལེབ་རྒྱག་པའམ་ཡང་ན་འགྱིག་ཤོག་སོགས་ཀྱིས་ཁ་གཅོད་དགོས།
བརྒྱད། ཆབ་གཞོང་ཆུས་བཤལ་དུས། ཐོག་མར་ཆབ་གཞོང་གི་ཁ་ལེབ་བརྒྱབ་རྗེས་ཆུས་བཤལ་དགོས།
དགུ། གད་སྙིགས་བདག་བྱེད་སྐབས། གད་སྙིགས་ཁུག་མའི་ཁ་དམ་པོར་བསྡམས་ཏེ་ཕྱི་ངོས་དུག་སེལ་བྱས་རྗེས་སྒོ་ཁར་འཇོག་དགོས།
བཅུ། སྣུམ་དུད་འཐེན་འཁོར་དང་རླུང་འདོན་བཀོལ་སྤྱོད་བྱེད་སྐབས། གོ་རིམ་ཧྲིལ་བོར་སྒེའུ་ཁུང་ཕྱེ་ནས་རླུང་རྒྱུ་རུ་འཇུག་དགོས།
གོང་གི་ཤེས་བྱ་འདི<<མཚོ་སྔོན་ཞིང་ཆེན་བདེ་ཐང་སློབ་གསོ་ཁང>>གིས་འདོན་སྤྲོད་བྱས་པ་ཡིན།
རྩོམ་སྒྲིག་པ། འབྲུག་མོ།