པྲོག་གསར་རིམས་ནད་ཀྱི་སྨན་གསར་པ་ཤེས་རྟོགས་བྱུང་འདུག
2022.05.18 ཁུངས། འོད་ཟེར་ཉིན་རེའི་ཚགས་པར། ཀློག་གྲངས། 16

          ཉེ་ལམ། རང་རྒྱལ་གྱི་ཚན་རིག་པས་ཤེས་རྟོགས་བྱུང་བའི་པྲོག་གསར་གློ་ཚད་རིམས་ནད་ཀྱི་སྨན་གསར་པར་རྒྱལ་ཁབ་ཀྱི་གསར་གཏོད་ཆེད་ཁེའི་བདག་དབང་ཐོབ་པ་དང་། གསར་གཏོད་ཆེད་ཁེའི་བདག་དབང་གི་གསལ་བཤད་ཡི་གེ་ལས་མངོན་པ་ལྟར་ན།  10uM(ཝའེ་མོར/ཧྲིན)ཡི་ཆན་ཅིན་ཐེན་རྒྱུའི千金藤素)པྲོག་དབྱིབས་ནད་དུག་གི་འདྲ་བཤུས་འགོག་ཚད་ཀྱི་ལྡབ་གྲངས་ནི་ལྡབ་ཆིག་ཁྲི་ལྔ་སྟོང་སུམ་བརྒྱ་གོ་གསུམ་རེད།

ལྡབ་ཆིག་ཁྲི་ལྔ་སྟོང་ལྷག་གི་གྲངས་ཀ་དེས་ཅི་ཞིག་མཚོན་ཡོད་དམ། ཟླ་ལྔ་བའི་ཚེས་བཅུ་གཉིས་ཉིན་ཚན་རྩལ་ཉིན་རེའི་ཚགས་པར་གྱི་གསར་འགོད་པས་སྨན་གསར་པ་དེའི་ཆེད་ཁེའི་བདག་དབང་གི་གསར་གཏོད་པ་སྟེ་པེ་ཅིན་རྫས་འགྱུར་བཟོ་ལས་སློབ་ཆེན་ཚེ་སྲོག་ཚན་རིག་དང་ལག་རྩལ་སློབ་གླིང་གི་མགོ་འཛིན་དགེ་རྒན་ཆེན་མོ་ཐུང་དབྱི་ཀང་ལ་བཅར་འདྲི་བྱས་པ་དང་། དགེ་རྒན་ཆེན་མོ་ཐུང་དབྱི་ཀང་ལགས་ཀྱིས།  ཨང་གྲངས་འདི་ལ་གོ་བདེ་བའི་སྒོ་ནས་འགྲེལ་བཤད་བྱས་ན།   ཆན་ཅིན་ཐེན་རྒྱུ་བཀོལ་སྤྱོད་མ་བྱས་པའི་ཆ་རྐྱེན་འོག་གལ་ཏེ་ནད་དུག་ཆིག་ཁྲི་ལྔ་སྟོང་སུམ་བརྒྱ་གོ་གསུམ་ཡོད་ཚེ། 10uM(ཝའེ་མོར/ཧྲིན)ཡི་ཆན་ཅིན་ཐེན་རྒྱུ་བཀོལ་སྤྱོད་བྱས་པའི་གནས་ཚུལ་འོག་ནད་དུག་གཅིག་མ་གཏོགས་མེད།  དེ་བས་ཀྱང་གསལ་པོར་བཤད་ན། ཆན་ཅིན་ཐེན་རྒྱུ་ཉུང་ཉུང་ཞིག་གིས་པྲོག་གསར་གློ་ཚད་རིམས་ནད་ཀྱི་ནད་དུག་མཆེད་ཚད་དང་ནད་འགོ་བར་སྔོན་འགོག་ནུས་ལྡན་བྱེད་ཐུབ་པ་དེ་རེད།  མིག་སྔའི་ཞིབ་འཇུག་གི་གཞི་གྲངས་ལ་བལྟས་ན། སྨན་རྫས་དེའི་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་བཅོས་ནུས་པ་ནི་མིའི་རིགས་ཡོངས་ཀྱིས་ཤེས་རྟོགས་བྱུང་བའི་པྲོག་གསར་གློ་ཚད་རིམས་ནད་ཀྱི་ནད་དུག་འགོག་བཅོས་ཀྱི་ཨང་རིམ་ཁྲོད་མདུན་གྲལ་དུ་ཚུད་ཡོད།  དེ་སྔོན་ཨ་རིའི་ཆེད་མཁས་པས་ཚན་རིག་ཅེས་པའི་དུས་དེབ་ཐོག་དཔྱད་རྩོམ་སྤེལ་ནས་ར་སྤྲོད་བྱས་པ་ལྟར་ན། ཆན་ཅིན་ཐེན་རྒྱུའི་གཞི་གྲངས་དེ་ཞིབ་འཇུག་སྨན་རྫས་རིགས་ཉེར་དྲུག་ཁྲོད་མངོན་གསལ་དོད་པོ་ཡོད་པ་མ་ཟད། ཚོང་རར་བཀྲམ་ཟིན་པའི་རུའེ་ཏེ་ཞིས་ཝུའེ(瑞德西韦)དང(帕罗韦德)ཕ་ལུའོ་ཝུའེ་ཏེ་ལས་ཀྱང་ཕན་ནུས་ཡོད་ཅེས་གསུངས།



རང་རྒྱལ་གྱི་མཁས་པས་ཐེངས་དང་པོར་འགྲེམས་སྤེལ་བྱས་པ་དང་།

རྒྱལ་སྤྱིའི་ཚོགས་པ་མང་པོ་ཞིག་དེའི་རྗེས་དེད་པ་ར་སྤྲོད་བྱས།  

ཆེད་མཁས་པ་ཐུང་དབྱི་ཀང་གིས། རྒྱལ་ཁབ་ཀྱི་ཆེད་དོན་རྣམ་གྲངས་གལ་ཆེན་གྱི་རྒྱབ་སྐྱོར་འོག  ཆན་ཅིན་ཐེན་རྒྱུའི་སྨན་རྫས་འདི་དང་སྨན་རྫས་རིགས་སྟོང་ཕྲག་མང་པོ་མཉམ་དུ་སྔ་མོ་ནས་ང་ཚོའི་ཞིབ་འཇུག་ཚན་ཆུང་གི་འདྲེས་སྦྱོར་དངོས་རྫས་མཛོད་ནང་བཅུག་ཡོད་པ་དང་། པྲོག་གསར་རིམས་ནད་བྱུང་མ་ཐག་ང་ཚོའི་ལས་འགན་ནི་མགྱོགས་མྱུར་ངང་སྨན་རྫས་དེ་དག་ལས་རིམས་ནད་འདིར་ཕན་ནུས་ལྡན་པའི་སྨན་རྫས་ཤིག་ཡོད་པར་རེ་བ་ཆེན་པོ་བཅངས་ཡོད་ཟེར།

2020ལོའི་ཟླ་དང་པོ་ནས་བཟུང་ཐུང་དབྱི་ཀང་ཚོགས་པས་ཐུན་མོང་མ་ཡིན་པའི་སྨན་རྫས་གདམ་གསེས་སྟེགས་བུའི་ཐོག་ནས་སྨན་རྫས་རིགས་སྟོང་ཕྲག་གདམ་གསེས་བྱས་པ་རེད།

ཐུང་དབྱི་ཀང་གིས་བཤད་རྒྱུར། གདམ་གསེས་སྟེགས་བུར་དམིགས་བསལ་ཚོད་ལྟ་ཁང་དང་གནོན་ཤུགས་ལྡོག་མའི་བཀོལ་སྤྱོད་སོགས་ཀྱི་སྒྲིག་ཆས་མི་དགོས་པས་གདམ་གསེས་ཀྱི་གོམ་སྟབས་མགྱོགས་པ་དང་།  2020ལོའི་ཟླ་2པར་ཆན་ཅིན་ཐེན་རྒྱུ་ལ་ནད་དུག་འགོག་པའི་ནུས་པ་ཆེན་པོ་ལྡན་པར་ཤེས་རྟོགས་བྱུང་ལ། ལོ་དེའི་ཟླ་3པར་སྤེལ་བའི་འབྲེལ་ཡོད་དཔྱད་རྩོམ་དེ་ད་ལྟ་ESIཡི་ལུང་འདྲེན་མང་པོ་བྱེད་པའི་དཔྱད་རྩོམ་དུ་གྱུར་ཡོད་ཅེས་བཤད།

ལོ་གཉིས་ལྷག་གི་རིང་ལ། རྒྱལ་ཁབ་སོ་སོའི་ཞིབ་འཇུག་ཚོགས་པས་པྲོག་གསར་གློ་ཚད་རིམས་ནད་ཀྱི་ནུས་ལྡན་སྨན་རྫས་རྒྱུན་ཆད་མེད་པར་འཚོལ་ཞིབ་བྱེད་བཞིན་ཡོད།  ཚན་རིག་པ་ཚོས་དཔྱད་རྩོམ་དང་རིག་གཞུང་བགྲོ་གླེང་སོགས་ཀྱི་བྱེད་ཐབས་བརྒྱུད་དེ་ཁུངས་སྣེ་གསར་པ་ཤེས་རྟོགས་བྱེད་པ་དང་། རྒྱུན་ཆད་མེད་པར་འདྲི་རྩད་ར་སྤྲོད་བྱེད་པ།  ནུས་པ་ཐོན་སྟངས་བཅས་ལ་ཤེས་རྟོགས་བྱེད་བཞིན་ཡོད་པ་རེད།

ཉིས་སྟོང་ཉི་ཤུ་ལོའི་ཟླ་བཞི་བར། འཇར་པན་གཞུང་བཙུགས་འགོ་ནད་ཞིབ་འཇུག་ཁང་གི་འགོ་འཛིན་དགེ་རྒན་ཆེན་མོ་ཞེ་ཐུང་ལུང་ཙེའི་ཚོགས་པས་དཔྱད་རྩོམ་སྤེལ་ནས་ཆན་ཅིན་ཐེན་རྒྱུའི་པྲོག་གསར་གློ་ཚད་རིམས་ནད་ཀྱི་ནད་འགོག་ནུས་པ་ར་སྤྲོད་བྱས་པ་དང་། ཉིས་སྟོང་ཉི་ཤུ་ལོའི་ཟླ་བཅུ་བ་ནས་ཉིས་སྟོང་ཉེར་གཅིག་ལོའི་ཟླ་བརྒྱད་པའི་བར། ཞིབ་འཇུག་ཚོགས་པ་མང་པོ་ཞིག་གིས་རྒྱལ་སྤྱིའི་དུས་དེབ་ཐོག་ཆན་ཅིན་ཐེན་རྒྱུའི་ནད་འགོག་ཞིབ་འཇུག་ཐད་ཀྱི་འཕེལ་རིམ་བཀོད་ཡོད།

དུས་མཚུངས་སུ་ཐུང་དབྱི་ཀང(童贻刚་གིས་ཀྲུང་ནན་ཧྲན་ཡོན་ཧྲི་ཚོགས་པའི་དགེ་རྒན་ཆེན་མོ་ཀྲའོ་ཅིན་ཚུན་དང་དགེ་རྒན་ཆེན་མོ་ཧྲི་ཀྲེང་ལིའི་ཚོགས་པ་དང་མཉམ་འབྲེལ་བྱས་ཏེ། ཆན་ཅིན་ཐེན་རྒྱུས་པྲོག་གསར་གློ་ཚད་རིམས་ནད་ཀྱི་ནད་དུག་འགོག་པའི་ནུས་པར་ར་སྤྲོད་བྱས་ནས་སྨན་དེའི་ནད་འགོག་ནུས་པ་གཏན་འབེབས་བྱས་པ་རེད།

གཞི་གྲངས་གསལ་བོས་ནད་ཐོག་སྨན་བཅོས་ཀྱི་ཚོད་ལྟ་བྱེད་པར་སྒུག་ཆོག་ཆོག་རེད།

མིག་སྔར། ཁ་ན་ཏའི་སྨན་རྫས་ཁེ་ལས་ཤིག་གིས་ཨ་རིའིFDAདང་འབྲེལ་བ་བྱས་ཏེ་ཆན་ཅིན་ཐེན་རྒྱུའི་པྲོག་གསར་གློ་ཚད་རིམས་ནད་ཀྱི་ནད་ཐོག་སྨན་བཅོས་ཚོད་ལྟ་ཞིབ་འཇུག་བྱ་རྒྱུ་ཡིན་པ་དང་། སྔོན་དཔག་བྱས་ན་ནད་ཐོག་སྨན་བཅོས་ཀྱི་ཚོད་ལྟ་དེ་ད་ལོའི་ལོ་སྨད་དུ་དངོས་སུ་འགོ་རྩོམ་རྒྱུ་རེད།

ཐུང་དབྱི་ཀང་ལགས་ཀྱིས།  ཆན་ཅིན་ཐེན་རྒྱུ་ལ་པྲོག་གསར་གློ་ཚད་རིམས་ནད་ཀྱི་ནད་དུག་འགོག་པའི་ནུས་པ་ཡོད་པ་ཆེས་ཐོག་མར་ཤེས་རྟོགས་བྱུང་མཁན་ནི་རང་རྒྱལ་ཡིན་ལ།  ཞིབ་འཇུག་ལའང་ཚན་རྩལ་པུའུ་དང་། པེ་ཅིན་གྲོང་ཁྱེར། སློབ་གསོ་པུའུ་སོགས་ཕྱོགས་མང་པོའི་རྒྱབ་སྐྱོར་ཐོབ་ཡོད།  ང་ཚོས་སྔ་མོ་ནས་ནད་ཐོག་སྨན་བཅོས་ཀྱི་ཚོད་ལྟའི་ཞིབ་འཇུག་བྱས་ཏེ་ཚན་རྩལ་ཕན་འབྲས་ལག་ལེན་དུ་སྤྱོད་པ་དང་། རིམས་འགོག་ཀྱི་དོན་དངོས་ནང་སྤྱོད་རྒྱུའི་རེ་བ་བྱེད་ཀྱིན་ཡོད་ཟེར། ད་ཐེངས་གསར་གཏོད་ཆེད་ཁེའི་བདག་དབང་སྤྲད་པ་དེས་སྔར་བས་ནད་ཐོག་སྨན་བཅོས་ཀྱི་ཚོད་ལྟ་ཞིབ་འཇུག་བྱ་རྒྱུར་ཕན་ཐོགས་ཡོད་པ་རེད།

ལོ་ཙཱ་བ། འབྲུག་མོ།