མིག་ཤེལ་གོན་ན་འཚོ་བའི་ཁྲོད་དུ་སྟབས་མི་བདེ་ས་མང་པོ་ཞིག་ཡོད་མོད། འོན་ཀྱང་ཞིབ་འཇུག་གསར་པ་ཞིག་གི་མཇུག་འབྲས་ལས་ཤེས་གསལ་ལྟར་ན། མིག་ཤེལ་གོན་ན་པྲོག་གསར་ནད་དུག་འགོ་བའི་ཉེན་ཁ15%ཇེ་དམའ་རུ་འགྲོ་བཞིན་ཡོད་པ་རེད།
ཟླ4པའི་ཟླ་མགོར། དབྱིན་ཇིའི་ལོན་ཏོན་སློབ་ཆེན་སློབ་གླིང་གིས་འགྲེམ་སྤེལ་མ་བྱས་གོང་དཔར་བའི་དཔེ་དེབ་སྟེགས་བུ་ཞིག་གི་སྟེང་དུ་ཞིབ་འཇུག་ཅིག་བཀོད་ཡོད་པ་སྟེ། མི་ཁྲི་གཅིག་དང་སྟོང་དགུ་ལྷག་ལ་གཞི་ཁྱོན་ཆེན་པོའི་སྒོ་ནས་བརྟག་དཔྱད་བྱས་པ་ལྟར་ན། མིག་ཤེལ་གཏན་ནས་མི་གོན་པའི་མི22.99%ལ་པྲོག་གསར་ནད་དུག་འགོས་ཤིང་། མིག་ཤེལ་གོན་པའི་མི15.63%ལ་མ་གཏོགས་པྲོག་གསར་ནད་དུག་འགོས་མི་འདུག ལོ་ཚོད་དང་ཕོ་མོའི་ཁྱད་པར། ཁྱིམ་ཚང་གི་ཡོང་འབབ་དང་ལས་རིགས་སོགས་ཚད་འགྱུར་རྒྱུ་རྐྱེན་སྣ་ཚོགས་ལེགས་སྒྲིག་བྱས་རྗེས། མིག་ཤེལ་མི་གོན་པའི་མི་དང་བསྡུར་ན། རྒྱུན་དུ་མིག་ཤེལ་གོན་པའི་མི་ལ་པྲོག་གསར་ནད་དུག་འགོ་བའི་ཉེན་ཁ15%ཇེ་དམའ་རུ་སོང་ཡོད། ཡིན་ནའང་ཡིབ་གཟུགས་མིག་ཤེལ་གོན་པར་སྲུང་སྐྱོབ་ཀྱི་ནུས་པ་མེད་པ་རེད།
དེའི་ཐད་ནས་ཞིབ་འཇུག་མི་སྣས་བསྟན་དོན། མིག་ཤེལ་གོན་པའི་མི་ལ་པྲོག་གསར་ནད་དུག་འགོ་བའི་ཉེན་ཁ་ཚད་ངེས་ཅན་གྱི་སྟེང་ནས་ཇེ་དམའ་རུ་སོང་འདུག་པ་དེས། མིག་ནི་པྲོག་གསར་ནད་དུག་གི་འགོ་ལམ་ཡིན་པ་གསལ་པོར་མཚོན་ཡོད།
རྩོམ་སྒྲིག་པ། འབྲུག་མོ།