རིམས་ནད་ཀྱི་སྐབས་སུ། མི་རྣམས་ཀྱིས་ཁ་ཐུམ་མང་པོ་ཞིག་གསོག་འཇོག་བྱས་ཡོད་ངེས། ཡིན་ནའང་ཁ་ཐུམ་ལ་ཡང་སྤུས་ཚད་ཁག་ཐེག་དུས་ཡུན་ཡོད་པ་རེད། ཁྱེད་ཚོས་ཕྱི་ཐུམ་སྟེང་ལྟོས་དང་གསལ་བོར་ཤེས་ཐུབ།
གཅིག སྤུས་ཚད་འགན་ལེན་དུས་ཡུན།
ཚོང་རའི་ནང་གི་ཁ་ཐུམ་གྱི་སྤུས་ཚད་འགན་ལེན་དུས་ཡུན་ནི་སྤྱིར་བཏང་དུ་ལོ་གཉིས་ནས་ལོ་གསུམ་ཡིན། ཆེད་མཁས་པས་མཚམས་སྦྱོར་བྱས་པ་ལྟར་ན། ང་ཚོས་རྒྱུན་དུ་བཀོལ་བའི་ཐེངས་གཅིག་རང་བཞིན་གྱི་སྨན་སྤྱོད་ཁ་ཐུམ་ནི་སུམ་བརྩེགས་ཀྱིས་གྲུབ་ཡོད་པ་དང་། ཁ་ཐུམ་བཀོལ་སྤྱོད་ཀྱི་དུས་ཡུན་བརྒལ་རྗེས། འགོག་སྲུང་ནུས་པ་ཇེ་ཞན་དུ་སོང་ཡོད་པས། བེད་སྤྱོད་བྱེད་པར་མི་འཚམ།
གཉིས། གནས་བབ་གང་དག་གི་འོག་ཏུ་ཁ་ཐུམ་མྱུར་མོར་བརྗེ་དགོས་ཞེ་ན།
1.མི་ཚོགས་འདུས་སར་བསྟུད་མར་དུས་ཚོད་བཞིའི་ཡན་ལ་རྒྱབ་པའི་ཁ་ཐུམ་བརྗེ་དགོས།
2.ཚ་རྒྱས་པའི་སྒོ་བསྟེན་ཁང་སོགས་ཉེན་ཁ་ཧ་ཅང་ཆེ་བ་དང་ཡང་ན་ཚ་རྒྱས་པའི་ནད་པར་ཐུག་རེག་བྱེད་དུས་བརྗེ་དགོས།
3.ཁ་ཐུམ་ལ་བརླན་བཟུང་བའམ་ཡང་ན་རྙིང་རལ་དུ་གྱུར་ནས་བརྫད་ཡོད་དུས་བརྗེ་དགོས།
4.ཁ་ཐུམ་གྱིས་ངོ་གདོང་མི་ཁེབས་ནའང་བརྗེ་དགོས།
གསུམ། N95དང་ཡང་ནKN95ཡི་ཁ་ཐུམ་རྒྱག་དགོས་པའི་ས་གནས་འགའ་འོས་སྦྱོར་བྱས་པ་གཤམ་གསལ་ལྟར།
1.སྨན་བཅོས་ལས་ཁུངས་སུ་སྨན་བཅོས་བྱེད་པ་དང་སྨན་བཅོས་བྱེད་པར་འགྲོ་རོགས་བྱེད་པ། སྨན་ལེན་དུ་འགྲོ་དུས་བཅས་སུ N95དང་ཡང་ནKN95ཁ་ཐུམ་རྒྱག་དགོས།
2.ཉིང་སྐྱུར་བཤེར་འཇལ་བྱེད་སྐབས་དང་། ཕྱིར་ཚོང་དང་མྱུར་སྐྱེལ་ལེན་དུས N95དང་ཡང་ནKN95ཁ་ཐུམ་རྒྱག་དགོས།
3.མི་ཚོགས་འདུས་ས་དང་རླུང་རྒྱུ་དཀའ་བའི་ཚོགས་རར་འགྲོ་འོང་བྱེད་དུས N95དང་ཡང་ནKN95ཁ་ཐུམ་རྒྱག་དགོས། དཔེར་ནKTVདང་ས་འོག་ཞིང་ཞོར་ཐོན་རྫས་ཉོ་འཚོང་ཚོང་ར། ས་འོག་གི་ཤོ་ཁང་སོགས་ཡིན།
4.ཉེན་ཁ་ཐག་གཅོད་དཀའ་རུང་། རྒྱུས་མེད་ཀྱི་མི་དང་ཐག་ཉེ་ས་ནས་འབྲེལ་འདྲིས་བྱེད་དགོས་བྱུང་བ་སྟེ། དཔེར་ན། ཞིག་གསོ་དང་ཡང་ན་སྒྲིག་བཟོ་མི་སྣ་ཁྱིམ་དུ་ཡོང་ནས་ཞབས་ཞུ་སྒྲུབ་པ་དང་། ཕྱིར་ཚོང་མི་སྣ་དང་འབྲེལ་འདྲིས་བྱེད་དུསN95དང་ཡང་ནKN95ཁ་ཐུམ་རྒྱག་དགོས།
དེ་ལས་གཞན། དྲོད་ཚད་ཇེ་མཐོར་སོང་བ་དང་བསྟུན་ནས་སྨུག་ཕྱིའི་འོད་ཇེ་ཆེ་ནས་ཇེ་ཆེར་འགྱུར་བཞིན་ཡོད་པས། ང་ཚོས་རྒྱུན་དུ་ཁ་ཐུམ་བརྒྱབ་ན་ཉི་འགོག་གི་ནུས་པ་ཡོད་དམ་ཞེ་ན།
ཆེད་མཁས་པས་འོད་ཤེལ་འཇལ་ཆས་ཀྱིས་ཁ་དོག་དཀར་པོ་དང་སྔོན་པོ། ནག་པོ་བཅས་རིགས་གསུམ་གྱི་སྨན་སྤྱོད་ཕྱི་ཚན་ཁ་ཐུམ་ལ་སྨུག་ཕྱིའི་འོད་འགོག་གི་ནུས་པ་ཡོད་མེད་ཚོད་ལྟ་བྱས་པའི་མཇུག་འབྲས་ལས་མངོན་པ་ལྟར་ན།
ཁ་ཐུམ་དཀར་པོ་ཡིས་སྨུག་ཕྱིའི་འོད་ལྡོག་འཕྲོ་ཡི73%འགོག་ཐུབ།
ཁ་ཐུམ་སྔོན་པོ་ཡིས་སྨུག་ཕྱིའི་འོད་ལྡོག་འཕྲོ་ཡི93%འགོག་ཐུབ།
ཁ་ཐུམ་ནག་པོ་ཡིས་སྨུག་ཕྱིའི་འོད་ལྡོག་འཕྲོ་ཡི99%འགོག་ཐུབ།
དེ་ལས་ཁ་ཐུམ་གྱི་ཁ་དོག་ཇི་ལྟར་ཟབ་ན་ཉི་འགོག་གི་ནུས་པ་དེ་ལྟར་བཟང་བ་ཤེས་ཐུབ། ཡིན་ཡང་ཁ་ཐུམ་གྱི་ཁེབས་ཚད་ལ་ཤིན་ཏུ་ཚད་བཀག་ཡོད་པས། ཁ་ཐུམ་བརྒྱབ་རུང་། གདོང་ཡོངས་ལ་ཉི་འགོག་བྱུགས་རྫས་བྱུགས་རྒྱུ་ཡིད་ལ་འཛིན་དགོས།
གོང་གི་ཤེས་བྱ་འདི《མཚོ་སྔོན་ཞིང་ཆེན་བདེ་ཐང་སློབ་གསོ་ཁང》གིས་འདོན་སྤྲོད་བྱས་པ་ཡིན།
འབྲུག་མོས་བསྒྱུར།