“མཚོ་སྔོན་གྱི་ལོ་ངོ་བཅུའི”འཕྲོད་བསྟེན་བདེ་ཐང་བྱ་གཞག་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་བཏང་བའི་ཆེད་དོན་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས།
2022.06.30 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 10

ཟླ6པའི་ཚེས28ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་གིས་ཟི་ལིང་དུ“མཚོ་སྔོན་གྱི་ལོ་ངོ་བཅུའི”འཕྲོད་བསྟེན་བདེ་ཐང་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་བཏང་བའི་ཆེད་དོན་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས། ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ལི་ཞིའུ་ཀྲུང་དང་། ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པའམ་ཞིང་ཆེན་ཀྲུང་ལུགས་དང་བོད་ལུགས་གསོ་རིག་དང་སྨན་རྫས་དོ་དམ་ཅུའུ་ཡི་ཅུའུ་ཀྲང་དོན་གྲུབ་སོགས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་གདན་དྲངས་ནས། ལོ་ངོ་བཅུའི་རིང་མཚོ་སྔོན་ཞིང་ཆེན་གྱིས་སྨན་བཅོས་འཕྲོད་བསྟེན་སྒྲིག་སྲོལ་བཅོས་བསྒྱུར་ལ་ཐོབ་པའི་གྲུབ་འབྲས་གསར་པ་དང་། ཀྲུང་ལུགས་གསོ་རིག་དང་བོད་ལུགས་གསོ་རིག་སྨན་རྫས་བྱ་གཞག་བདེ་འཇགས་ངང་འཕེལ་རྒྱས། ས་ཁུལ་གྱི་ནད་རིགས་འགོག་བཅོས་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་བླངས་པ་ངོ་སྤྲོད་བྱས།

ལོ་ངོ་བཅུའི་རིང་ལ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྤྱིའི་བཀོད་སྒྲིག་ལྟར། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཚད་མཐོའི་མཐོང་ཆེན་བྱས་ཏེ། ཕྱོགས་བསྡུས་སྨན་བཅོས་བཅོས་བསྒྱུར་དེ་ཞིང་ཆེན་ཡོངས་ཀྱི“རྒྱལ་ཁབ་རིམ་པའི”བཅོས་བསྒྱུར་ཆེན་པོ་གསུམ་གྱི་གྲས་ཤིག་དང་། “བདེ་ཐང་གི་མཚོ་སྔོན”འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་དམ་འཛིན་བྱེད་ས་གལ་ཆེན་ཞིག་ཏུ་བརྩིས་ནས། སྨན་བཅོས་དང་སྨན་བཅོས་ཉེན་ཚབ། སྨན་རྫས་མཐུན་སྦྱོར་དང་མཉམ་འགུལ་ཡོང་བར་རྩེ་གཅིག་ཏུ་དམིགས་པ། ཞིང་ཆེན་ཡོངས་སུ་ཁྱབ་པའི་གཞི་རྩའི་སྨན་བཅོས་ཞབས་ཞུ་དང་། གཞི་རྩའི་སྨན་བཅོས་འགན་སྲུང་། གཞི་རྩའི་སྨན་རྫས་མཁོ་འདོན་དང་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་མ་ལག་བཅས་གཞི་རྩའི་ཆ་ནས་བཙུགས་ནས། གཞི་རྩའི་སྨན་བཅོས་ཉེན་ཚབ་ལམ་ལུགས་དང་། གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་སྨན་བཅོས་ཉེན་ཚབ་ཀྱི་མ་དངུལ་གྲབས་གསོག་ཚད་གཞི། ནད་གཞི་ལྕི་མོའི་སྨན་བཅོས་ཉེན་ཚབ་སོགས་ཀྱི“གཅིག་གྱུར་བརྒྱད”དང་། དེང་རབས་སྨན་ཁང་གི་དོ་དམ་ལམ་ལུགས་འཛུགས་སྐྱོང་། རིམ་དབྱེའི་སྨན་བཅོས་ལམ་ལུགས། སྨན་བཅོས་མཉམ་འབྲེལ་སྒྲིག་གཞི་འཛུགས་སྐྱོང་སོགས་ཀྱི“ཁྱབ་པ་དགུ”མངོན་འགྱུར་བྱུང་། ཞིང་ཆེན་ཡོངས་ཀྱི་འཕྲོད་བསྟེན་འགྲོ་གྲོན་གྱིསGDPནང་བཟུང་བའི་བསྡུར་ཚད2008ལོའི5.87%ནས2020ལོའི11.97%བར་མཐོ་རུ་ཕྱིན་པ་དང་། སྡོད་དམངས་མི་སྒེར་གྱི་འཕྲོད་བསྟེན་འགྲོ་གྲོན་གྱིས་བཟུང་བའི་བསྡུར་ཚད33.01%ནས24.9%བར་མར་བབ་ལ། སྔོན་དཔག་བྱས་པའི་མི་རེའི་ཆ་སྙོམས་ཚེ་ཚད་ལོ73.96བར་ཇེ་མཐོར་ཕྱིན་ཡོད་པས། “སྨན་རིན་མཐོ་བ་དང་ནད་བཅོས་བྱེད་དཀའ་བའི”གནས་ཚུལ་མངོན་གསལ་དོད་པོས་ཇེ་ལེགས་སུ་ཕྱིན་ནས། ཞིང་ཆེན་གྱི་གནས་ཚུལ་དངོས་དང་འཚམ་པའི་སྨན་བཅོས་སྒྲིག་གཞི་བཅོས་བསྒྱུར་ལམ་བུའི་ཐོག་སྐྱོད་ཐུབ་པ་བྱུང་།

ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་བྱ་བར་ཚད་མཐོན་པོས་མཐོང་ཆེན་བྱས་ནས “མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པ”རྒྱུན་འཁྱོངས་བྱས་ཏེ། 2020ལོ་ནས་བཟུང་ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་ཐོག་མཐའ་བར་གསུམ་དུ་རིམས་ནད་འགོག་སྡོམ་གྱི་རྩ་བར་དམ་འཛིན་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཉམ་འགོག་མཉམ་བཅོས་ལམ་སྲོལ་གྱི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དང་ཞིང་ཆེན་བཀོད་འདོམས་པུའུ་ཡི་བྱ་བའི་བཀོད་སྒྲིག་ཇི་མ་ཇི་བཞིན་དུ་དོན་འཁྱོལ་བྱེད་པ། མི་དང་དངོས་པོ། ཁོར་ཡུག་བཅས་མཉམ་དུ་སྔོན་འགོག་བྱེད་པ་རྒྱུན་འཁྱོངས། དུས་བབ་དང་བསྟུན་ནས་བྱ་བའི་ཤུགས་སྣོན་ས་དང་འགོག་སྡོམ་ཐབས་ཇུས་ལེགས་སྒྲིག་དང་། རིམས་ནད་འགོག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་དང་སྐུལ་འདེད་བཏང་། ཕན་ནུས་ཆེ་བ་དང་འཕྲལ་ཐག་འཕྲལ་གཅོད་བྱེད་པ་རྒྱུན་འཁྱོངས་སྒོས་ཞིང་ཆེན་ནང་ཁུལ་གྱི་རིམས་ནད་བྱུང་ཚུལ་མགྱོགས་མྱུར་ངང་ཐག་གཅོད་བྱས། མཉམ་འགོག་མཉམ་བཅོས་རྒྱུན་འཁྱོངས་ཀྱིས“ཕྱོགས་བཞིའི”འགན་འཁྲི་ཁྱོན་ཡོངས་ནས་དོན་འཁྱོལ་བྱས། ཞན་ཆ་གསབ་པའི་ནུས་པ་མཐོ་རུ་གཏོང་བ་རྒྱུན་འཁྱོངས་བྱས་ཏེ་འཕྲལ་བསྟུན་ནུས་པ་མཐོ་རུ་བཏང་། ཚན་རིག་དང་མཐུན་པར་བཀོད་གཏོང་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། རིམས་འགོག་སྨན་ཁབ་རྒྱག་པར་ཤུགས་ཆེན་པོས་སྐུལ་འདེད་བཏང་། དྲིལ་སྒྲོག་དང་ལྟ་སྐུལ་མཛུབ་ཁྲིད་བྱེད་པ་རྒྱུན་འཁྱོངས་སྒོས། འགོག་སྡོམ་བྱེད་པའི་སྟོབས་ཤུགས་རྒྱུན་ཆད་མེད་པར་གྲུབ་ཡོད། །

རྩོམ་སྒྲིག་པ། འབྲུག་མོ།