ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་ཉིས་སྟོང་ཉེར་གཉིས་ལོའི“ཆེས་མཛེས་པའི་སྨན་པའི”སློབ་སྦྱོང་དྲིལ་སྒྲོག་བྱ་འགུལ་སྤེལ།
2022.07.06 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 15

ཉེ་ལམ། ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་མཉམ་འབྲེལ་སྒོས《ཉིས་སྟོང་ཉེར་གཉིས་ལོའི“ཆེས་མཛེས་པའི་སྨན་པའི”སློབ་སྦྱོང་དྲིལ་སྒྲོག་བྱ་འགུལ་སྤེལ་བའི་བརྡ་སྦྱོར》དཔར་འགྲེམ་བྱས་ཏེ། སྤྱི་ཚོགས་ཡོངས་ཀྱི་ཁྱབ་ཁོངས་སུ་ཉིས་སྟོང་ཉེར་གཉིས་ལོའི“ཆེས་མཛེས་པའི་སྨན་པའི”སློབ་སྦྱོང་དྲིལ་སྒྲོག་བྱ་འགུལ་སྤེལ།

བརྡ་སྦྱོར་ལས་སློབ་སྦྱོང་དྲིལ་སྒྲོག་བྱ་འགུལ་དེ་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་དོན་མཛུབ་སྟོན་དུ་བྱས་ནས། “གཏན་འཁེལ་གཉིས”ཀྱི་ཐག་ཆོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་བླངས་ཏེ། “འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ་དང་། “ཡིད་ཆེས་བཞི”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པར་བྱས་ནས། སྨན་བཅོས་འཕྲོད་བསྟེན་ལས་བྱེད་པའི་ཕུལ་བྱུང་གི་སྔོན་ཐོན་བྱས་རྗེས་ཡོངས་ཁྱབ་ངང་དྲིལ་སྒྲོག་དང་ཁྱབ་བསྒྲགས་བྱེད་པ་དང་། ལྷག་པར་དུ་ན་གཞོན་སྨན་བཅོས་ལས་བྱེད་པའི་ལང་ཚོ་འཕྲོད་བསྟེན་བདེ་ཐང་བྱ་གཞག་ཁྲོད་འབུལ་བ་དང་། འབད་བརྩོན་ལྷོད་མེད་ཀྱིས་ཚེ་སྲོག་ལ་སྲུང་སྐྱོང་བྱེད་པའི་སེམས་འགུལ་ཐེབས་པའི་གཏམ་རྒྱུད་བརྗོད་པ་བརྒྱུད། ཏང་གིས་འཕྲོད་བསྟེན་བདེ་ཐང་བྱ་གཞག་ལ་སྣེ་ཁྲིད་པའི་འབད་བརྩོན་ལོ་རྒྱུས་དང་འོད་སྟོང་འབར་བའི་གྲུབ་འབྲས་འགྲེམ་སྟོན་བྱས་ནས། རིམས་འགོག་གི་སྙིང་སྟོབས་རླབས་ཆེན་དར་སྤེལ་བྱེད་པ་དང་། རྒྱ་ཆེའི་སྨན་བཅོས་འཕྲོད་བསྟེན་ལས་བྱེད་མི་སྣས་མུ་མཐུད་དུ་རིམས་འགོག་འཐབ་ཡུལ་དང་པོ་དང་རིམས་ནད་འགོག་བཅོས་ཀྱི་ལས་ཡུལ་དང་པོར་བརྟན་སྲུང་བྱེད་པར་སྐུལ་མ་གཏོང་བ་དང་། བྱམས་བརྩེ་ཆེན་པོ་དང་འགན་འཁྲི་ལྕི་མོས་མི་དམངས་ཀྱི་བདེ་ཐང་ལ་སྲུང་སྐྱོང་བྱས་ཏེ། ཕུལ་བྱུང་གྲུབ་འབྲས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་པར་བསུ་མ་བྱེད་དགོས་པར་བསྟན།

བརྡ་སྦྱོར་ལས་སློབ་སྦྱོང་དྲིལ་སྒྲོག་བྱ་འགུལ་དེ་ཡུན་རིང་ལ་འཕྲོད་བསྟེན་བདེ་ཐང་གི་འཐབ་ཕྱོགས་སོ་སོའི་སྨན་བཅོས་འཕྲོད་བསྟེན་ལས་བྱེད་པར་ཁ་ཕྱོགས་ཏེ། སྐུལ་སློང་རྒྱ་ཆེ་བ་དང་། རྩ་འཛུགས་འོས་སྦྱོར། ཞིབ་དཔྱད་གྲོས་བསྡུར། ཡོངས་སུ་ཁྱབ་བསྒྲགས། གཅིག་བསྡུས་དྲིལ་སྒྲོག་སོགས་ཀྱི་གོ་རིམ་གྱིས་གྲུབ་པ་ཡིན། ཆབ་སྲིད་བྱང་ཚད་མཐོ་བ་དང་བྱ་བའི་གྲུབ་འབྲས་མངོན་གསལ་ཡིན་པ། སྤྱི་ཚོགས་སྟེང་རྒྱ་ཁྱབ་ངང་ཁས་ལེན་པ་སོགས་ཀྱི་ཚད་གཞི་གཞིར་བཟུང་སྟེ། འདྲ་མཉམ་རང་བཞིན་དང་སྔོན་ཐོན་རང་བཞིན། འཐུས་ཚབ་རང་བཞིན། དུས་རབས་རང་བཞིན་སོགས་བླང་བྱ་ལྟར། དོན་དངོས་དང་བསྟུན་པ་དང་ལེགས་པའི་ཁྲོད་ནས་ཕུལ་བྱུང་འདེམས་ནས་འོས་སྦྱོར་དང་དཔྱད་བསྡུར་སོགས་ཀྱི་ལས་དོན་སོ་སོ་ལེགས་པོར་སྒྲུབ་དགོས་པ་གཏན་འཁེལ་གསལ་བོ་བྱས་ཡོད།།

རྩོམ་སྒྲིག་པ། འབྲུག་མོ།