ཞིང་ཆེན་ཡོངས་ཀྱི་ལོ་ལོན་དང་བྱིས་པའི་ཁྲོད་བོད་ལུགས་གསོ་རིག་གི་བདེ་ཐང་དོ་དམ་བྱེད་ཚད80%ལས་བརྒལ།
2022.07.06 ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ཀློག་གྲངས། 16

 ཟི་ལིང་གྲོང་ཁྱེར་ཀྲུང་ལུགས་དང་ནུབ་ལུགས་གསོ་རིག་ཁང་གསོ་ཉར་ལྟེ་གནས་དངོས་སུ་ལས་གཉེར་བྱེད་འགོ་བརྩམས་པ་དང་།   ཞིང་ཆེན་ཀྲུང་ལུགས་གསོ་རིག་སྨན་ཁང་ལ་རྒྱལ་ཁབ་ཀྲུང་ལུགས་གསོ་རིག་གི་རིམས་ནད་འགོག་བཅོས་རྟེན་གཞི་འཛུགས་སྐྲུན་ལས་ཁུངས་དང་།   ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་སོ་སོར་ཀྲུང་ལུགས་དང་བོད་ལུགས་གསོ་རིག་སྨན་བཅོས་སྤུས་ཚད་ཚོད་འཛིན་ལྟེ་གནས10ཡི་ཆོག་མཆན་ཐོབ་ནས།     ཞིང་ཆེན་དང་གྲོང་ཁྱེར་རིམ་པའི་ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་སྤུས་ཚད་ཚོད་འཛིན་མ་ལག་ཡོངས་སུ་ཁྱབ་པར་བྱས་པ་མ་ཟད།   ཉེ་བའི་ལོ་འགའི་རིང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག བོད་ལུགས་གསོ་རིག་དང་བོད་སྨན་གྱི་དཔེ་རྙིང་རིགས2000ལྷག་ཙམ་མྱུར་སྐྱོབ་འཚོལ་བསྡུ་དང་། བོད་ལུགས་གསོ་རིག་དང་བོད་སྨན་གྱི་དཔེ་རྙིང་ཁག1700ལྷག་ལེགས་སྒྲིག་དཔེ་སྐྲུན་སོགས་བྱས་ནས། མཚོ་སྔོན་ཞིང་ཆེན་གྱི་ཀྲུང་ལུགས་དང་བོད་ལུགས་གསོ་རིག་དང་བོད་སྨན་བྱ་གཞག་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འབྱུང་བར་གྲུབ་འབྲས་ཡག་པོ་ཐོབ་སྟེ། ཞིང་ཆེན་ཡོངས་ཀྱི་ལོ་ལོན་དང་བྱིས་པའི་ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་བདེ་ཐང་དོ་དམ་བྱེད་ཚད80%ལས་བརྒལ་ནས་སོ་སོར84.39%དང80.64%་ཟིན་ཡོད།

གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན།   ཀྲུང་ལུགས་དང་བོད་ལུགས་གསོ་རིག་བྱ་གཞག་བརྟན་པོའི་ངང་འཕེལ་རྒྱས་བྱུང་བ་དང་བསྟུན་ནས་ད་ལྟ་མཚོ་སྔོན་ཞིང་ཆེན་དུ་ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་ཞབས་ཞུའི་དྲ་བ་བཙུགས་ཟིན།    ཞིང་ཆེན་ཡོངས་སུ་གཞུང་བཙུགས་ཀྱི་ཀྲུང་ལུགས་དང་བོད་ལུགས་བཅས་གསོ་རིག་གི་སྨན་ཁང42ཡོད་པ་དེས། ཞིང་ཆེན་ཡོངས་ཀྱི་གཞུང་བཙུགས་སྨན་ཁང་བསྡོམས་འབོར་གྱི39.3%བཟུང་ཡོད།    ཀྲུང་ལུགས་དང་བོད་ལུགས་གསོ་རིག་བྱ་གཞག་ནི་མཚོ་སྔོན་གྱི་ཁྱད་ལྡན་ཐོན་ལས་ཤིག་ཡིན་པས། ཀྲུང་ལུགས་དང་བོད་ལུགས་གསོ་རིག་དང་བོད་སྨན་བྱ་གཞག་རྒྱུན་འཛིན་ཡག་པོ་དང་འཕེལ་རྒྱས་ཡག་པོ་གཏོང་རྒྱུ་དེ། ཞིང་ཆེན་ཡོངས་ཀྱི་སྨན་བཅོས་ལས་དོན་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་མེད་དུ་མི་རུང་བའི་ནུས་པ་ལྡན་ཡོད།    ཉེ་བའི་ལོ་འགའི་རིང་།   ཕྱོགས་མང་པོའི་འབད་བརྩོན་འོག  རང་ཞིང་གིས་རྒྱལ་ཁབ་ཀྱི་གཙོ་གནད་མཁྲེགས་གཏོར་ཞིབ་འཇུག་བྱ་གཞི་དང་།   རང་བྱུང་ཚན་རིག་གི་ཐེབས་རྩ།   ཚན་རྩལ་འདེགས་སྐྱོར་འཆར་གཞི་བཅས་དང་དེ་བཞིན་ཞིང་ཆེན་དང་པུའུ་རིམ་པ་དང་།   ཐིན་དང་ཅུའུ་རིམ་པའི་ཚན་རིག་ཞིབ་འཇུག་ལས་གཞི109དང་ཚན་ཞིབ་གྲུབ་འབྲས60།   ཚན་རྩལ་བྱ་དགའ15བཅས་ཐོབ་པར་མ་ཟད།    བོད་ལུགས་གསོ་རིག་དང་བོད་སྨན་གྱི་དཔེ་རྙིང་རིགས2000ལྷག་མྱུར་སྐྱོབ་འཚོལ་བསྡུ་བྱས་ནས།    བོད་ལུགས་གསོ་རིག་དང་བོད་སྨན་གྱི་དཔེ་རྙིང་སྣ་ཁ1700ལྷག་ལེགས་སྒྲིག་དཔེ་སྐྲུན་བྱས་ཏེ། བོད་ལུགས་གསོ་རིག་དང་བོད་སྨན་གྱི་རིག་གནས་ཤུལ་བཞག་སྲུང་སྐྱོབ་དང་རྒྱུན་འཛིན་བྱེད་པར་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད།

ཀྲུང་ལུགས་དང་བོད་ལུགས་གསོ་རིག་བྱ་གཞག་འཕེལ་རྒྱས་གཏོང་བའི་མཐའ་མའི་དམིགས་འབེན་ནི་མི་དམངས་མང་ཚོགས་ཀྱིས་བདེ་ཐང་ཞབས་ཞུ་ལོངས་སྤྱོད་ཐུབ་མིན་ལ་བལྟ་རྒྱུ་དེ་རེད།    རྒྱུས་ལོན་པ་ལྟར་ན།  ད་ལྟ་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཀྲུང་ལུགས་དང་བོད་ལུགས་གསོ་རིག་སྨན་ཁང་གིས་ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་སྔོན་འགོག་དང་།   ལུས་ཁམས་བདེ་སྲུང་།   ལུས་གསོ།   དྲག་སྐྱེད་བཅས་ཐད་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས། ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་ཁྱད་ཆོས་ལྡན་པའི་ལུས་ཁམས་བདེ་སྲུང་གི་ཞབས་ཞུ་སྤེལ་བཞིན་ཡོད་པ་རེད།

གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་སྒྲིག་གཞིས་གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ལ་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུ་མཁོ་འདོན་བྱེད་པའི་བརྒྱུད་རིམ་ནང་ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་ཁྱད་ཆོས་འདོན་སྤེལ་བྱ་རྒྱུར་མཐོང་ཆེན་བྱས་ནས།  གཙོ་གནད་མི་ཚོགས་ཀྱི་བདེ་ཐང་དོ་དམ་ཁྲོད་ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་སྨན་བཅོས་དང་བདེ་ཐང་ཞབས་ཞུ་སྤེལ་ཡོད།

རྩོམ་སྒྲིག་པ། འབྲུག་མོ།