ཁྱོན་ཡོངས་ནས་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་གྱི“ ཕྱི་ནས་ནང་དུ་མཆེད་པ་འགོག་པ་དང་། ནང་ནས་ཡང་བསྐྱར་འབྱུང་བ་འགོག་པའི”སྤྱིའི་འཐབ་ཇུས་དང“འགུལ་རྣམ་གཙང་སེལ”གྱི་སྤྱིའི་ཁ་ཕྱོགས་དོན་འཁྱོལ་བྱེད་པ།《པྲོག་གསར་གློ་ཚད་རིམས་ནད་ཀྱི་ནད་དུག་འགོག་སྡོམ་བྱེད་ཐབས(པར་གཞི་དགུ་བ)》སྲིད་ཇུས་ལག་བསྟར་ནན་མོ་བྱས་ཏེ། འགོག་སྡོམ་བྱེད་ཐབས་དུས་ཐོག་དང་གནད་ཁེལ། གོ་རིམ་ལྡན་པ། གཏན་འཇགས་ངང་དོན་འཁྱོལ་ཡོང་བར་ཁག་ཐེག་བྱ་ཆེད། ཉེ་ལམ་མཚོ་སྔོན་ཞིང་ཆེན་གྱིས《པྲོག་གསར་གློ་ཚད་རིམས་ནད་ནད་དུག་འགོག་སྡོམ་བྱེད་ཐབས(པར་གཞི་དགུ་བ)》ཀྱི་ཆེད་དོན་གསོ་སྦྱོང་སྤེལ།
ཐེངས་འདིའི་ཆེད་དོན་གསོ་སྦྱོང་ལ་མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་མཚོ་སྔོན་ཞིང་ཆེན་ནད་རིགས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་ཆེད་མཁས་པ་བཞི་གདན་དྲངས་ནས།《པྲོག་གསར་གློ་ཚད་རིམས་ནད་ཀྱི་ནད་དུག་འགོག་སྡོམ་བྱེད་ཐབས(པར་གཞི་དགུ་བ)》ཀྱི་ནང་དོན་དགུ་ལ་ཀློག་འགྲེལ་བྱས། དུས་མཚུངས་སུ་པྲོག་གསར་གློ་ཚད་ཉིང་བསྐྱུར་ཚད་ལེན་ཐོག་མར་གདགས་གཤིས་ཡིན་པའི་མི་སྣའི་དོ་དམ་ཕྱོགས་སྟོན་དང་པྲོག་གསར་གློ་ཚད་རིམས་ནད་ཉེན་ཁ་ཡོད་ས་དང་དོ་དམ་ཚོད་འཛིན། ཉེན་ཁ་ཡོད་པའི་མི་སྣ་གནས་སྤོར་དང་གཙོ་གནད་ཁུལ་གྱི་འགོག་སྡོམ་ལག་རྩལ་ཕྱོགས་སྟོན་མཚམས་སྦྱོར། པྲོག་གསར་གློ་ཚད་རིམས་ནད་ནད་དུག་རྟོག་ཞིབ། རྗེས་འདེད་ཕྱོགས་སྟོན་སོགས་ཀྱི་ནང་དོན་ཐད་གསོ་སྦྱོང་བྱས་པ་དང་། དམིགས་ཡུལ་ནི་སྔར་ལས་ལྷག་པའི་སྒོ་ནས《བྱེད་ཐབས》དོན་འཁྱོལ་ཐད་ཀྱི་ཚད་གཞི་གསར་བ་དང་བླང་བྱ་གསར་བ་དངོས་འབེབས་བྱས་ཏེ། ཚན་རིག་དང་མཐུན་ལ་གནད་ཁེལ་སྒོས་རིམས་ནད་འགོག་སྡོམ་བྱ་བ་དོན་འཁྱོལ་བྱེད་པ་དེ་ཡིན།
རྩོམ་སྒྲིག་པ། འབྲུག་མོ།