ཀྲུང་གོའི་མཚོ་སྔོན་གྱི་སྐོར21པའི་པུ་རུན་ཏིའི་རོགས་སྐྱོར་སྨན་བཅོས་རུ་ཁག་མི་འགྱངས་པར་ལམ་ལ་ཆས་རྒྱུ་རེད།
2022.07.20 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 19

ཟླ་བདུན་པའི་ཚེས་བཅོ་བརྒྱད་ཉིན། ཀྲུང་གོའི་མཚོ་སྔོན་གྱི་སྐོར21པའི་པུ་རུན་ཏིའི་སྨན་བཅོས་རུ་ཁག་ལམ་དུ་ཆས་པའི་མཛད་སྒོ་ཟི་ལིང་དུ་བསྡུས། སྨན་བཅོས་རུ་ཁག་གིས་ལོ་ངོ་གཅིག་རིང་གི་གྲ་སྒྲིག་དང་། ཁྱོན་ཡོངས་ཀྱི་གཞུང་ལུགས་རྩལ་ནུས་གསོ་སྦྱོང་བྱས་པ་བརྒྱུད། ལེ་བར་ཁྲི་ཕྲག་ཕ་རོལ་ཏུ་ཡོད་པའི་ཨ་ཧྥེ་རི་ཁ་གླིང་དབུས་རྒྱུད་རྒྱལ་ཁབ་ཀྱི་པུ་རིན་ཏི་རྒྱལ་ཁབ་དུ་ལོ་ངོ་གཅིག་རིང་གི་སྨན་བཅོས་རོགས་སྐྱོར་ལས་འགན་ལག་བསྟར་བྱ་རྒྱུ་རེད།

གཅིག་སྟོང་དགུ་བརྒྱ་གྱ་བདུན་ལོ་ནས་བཟུང་། རང་ཞིང་གིས་ཁྱོན་བསྡོམས་པས་སྐོར20ཡི་སྨན་བཅོས་རོགས་སྐྱོར་རུ་ཁག་དང་མི་ཐེངས་བཞི་བརྒྱ་དང་སུམ་ཅུ་མངགས་ཡོད། ཐེངས་འདིའི་ཀྲུང་གོའི་མཚོ་སྔོན་གྱི་སྐོར21པའི་པུ་རུན་ཏིའི་རོགས་སྐྱོར་སྨན་བཅོས་རུ་ཁག་དེ་ཉིས་སྟོང་ཉེར་གཅིག་ལོའི་ཟླ་དགུ་བ་ནས་བཟུང་འཛུགས་སྐྲུན་བྱེད་མགོ་བརྩམས་པ་དང་། མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་གིས་སྣེ་ཁྲིད་དེ། མཚོ་སྔོན་ཞིང་ཆེན་ཀྲུང་ལུགས་སྨན་ཁང་དང་མཚོ་སྔོན་རྒྱ་གྲམ་དམར་པོ་སྨན་ཁང་སོགས་སྨན་ཁང་དགུ་ཡིས་མཐུན་སྦྱོར་འོག ཆ་རྐྱེན་དང་མཐུན་པའི་རུ་མི་ཉེར་དགུ་ལེགས་འདེམས་བྱས་ཤིང་། དེར་ནད་ལྕི་མོའི་སྨན་བཅོས་དང་། མིག་ནད་ཚན་ཁག མོ་ནད་ཚན་ཁག རུས་ནད་ཚན་ཁག་སོགས་ཆེད་ལས་བཅུ་གསུམ་འདུས་ཡོད། རུ་ཁག་གཅིག་བསྡུས་བྱས་རྗེས་ཏང་འཛུགས་སློབ་སྦྱོང་དང་། རྒྱལ་གཅེས་རིང་ལུགས་སློབ་གསོ། ཕྱི་དོན་ཁྲིམས་ལུགས་ཁྲིམས་སྲོལ་སློབ་སྦྱོང་། སྐད་བརྡའི་གསོ་སྦྱོང་། རུ་ཁག་རྒྱ་བསྐྱེད། ནོར་དོན་སོགས་དོ་དམ་མ་ལག་གསོ་སྦྱོང་བྱས་པ་དང་། གློ་བ་སླར་གསོ་དང་ཚ་ནད། འགོས་ནད། དེ་མིན་པྲོག་གསར་གློ་ཚད་རིམས་ནད་འགོག་བཅོས་སོགས་ཀྱི་གསོ་སྦྱོང་དང་འཁྲབ་སྦྱོང་བྱས།

ཕྱིའི་རོགས་སྐྱོར་སྨན་བཅོས་བྱ་བ་ནི་མིའི་རིགས་ཞི་བདེའི་འཕེལ་རྒྱས་ཀྱི་བླ་མེད་ལས་དོན་ཞིག་དང་། རྒྱལ་ཁབ་ཀྱི་སྣང་བརྙན་མངོན་པ་དང་། རྒྱལ་ཁབ་བར་གྱི་ཡིད་ཆེས་མཉམ་ལས་ཡར་རྒྱས་གཏོང་བ། མིའི་རིགས་ཀྱི་འཕྲོད་བསྟེན་བདེ་ཐང་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་བྱེད་པར་དོན་སྙིང་གལ་ཆེན་ལྡན། སྐོར21པའི་པུ་རུན་ཏིའི་སྨན་བཅོས་རུ་ཁག་གིས་སྐོར20པའི་སྨན་བཅོས་རུ་ཁག་གི་རྗེས་མཐུད་པ་དང་། ཧུར་ཐག་གིས་ཕྱིའི་སྨན་བཅོས་རོགས་སྐྱོར་བྱ་བའི་བྱེད་ཐབས་གསར་བ་དང་རྣམ་པ་གསར་བ་འཚོལ་ཞིབ་དང་། རིག་གཞུང་བརྗེ་རེས་དང་། སྨན་པ་དང་ནད་པའི་བར་གྱི་འབྲེལ་འདྲིས་སོགས་རྣམ་པ་མང་པོ་སྤྱད་ནས། མཛའ་བརྩེའི་ཕོ་ཉའི་བྱ་བ་ལེགས་པོར་སྒྲུབ་ཏེ། ཀྲུང་གོའི་སྨན་ཁང་གི་དོ་དམ་ཉམས་མྱོང་བརྒྱུད་སྤྲོད་དང་། ཀྲུང་གོའི་གསོ་རིག་དང་ཀྲུང་ལུགས་སྨན་རྫས་རིག་གནས་དྲིལ་སྒྲོག་བྱས་ཏེ། “ཀྲུང་གོའི་གཏམ་རྒྱུད”ལེགས་པོར་བཤད་པ་དང་། “མཚོ་སྔོན་གྱི་འཕེལ་རྒྱས”བསྒྲགས་ནས། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་ཕུལ་བྱུང་སྨན་བཅོས་རོགས་སྐྱོར་དཔུང་ཁག་ཅིག་གསར་འཛུགས་བྱས་ཏེ། མཚོ་སྔོན་གྱི་ཕྱིའི་རོགས་སྐྱོར་གྱི་མིང་བྱང་འདོན་པ་དང་། ཧུར་ཐག་གིས་རང་ཞིང་གི་སྨན་བཅོས་རོགས་སྐྱོར་ལས་དོན་གྱི་གཡུར་དུ་ཟ་བའི་གྲུབ་འབྲས་ལེན་པར་བརྩོན་ལེན་བྱ་རྒྱུ་རེད།  །

རྩོམ་སྒྲིག་པ། འབྲུག་མོ།