རང་རྒྱལ་གྱི་པྲོག་གསར་སྨན་ཐོག་མའི་རིན་གོང་གཏན་འཁེལ་བྱས་འདུག
2022.08.09 ཁུངས། མི་དམངས་དྲ་བ། ཀློག་གྲངས། 28

ཟླ་བརྒྱད་པའི་ཚེས་བདུན་ཉིན་གསར་འགོད་པས་ཧི་ནན་ཀྲིན་ཧྲི་སྐྱེ་དངོས་ཚན་རྩལ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བ་ལྟར་ན། མིག་སྔར་པྲོག་གསར་གློ་ཚད་གསོ་བཅོས་བྱེད་པའི་ཨ་ཙི་ཧྥུའུ་ཏེན་སྨན་གྱི་རིན་གོང་རགས་ཙམ་གཏན་འཁེལ་བྱས་པ་སྟེ། ཤེལ་དམ་རེར་སྒོར་སུམ་བརྒྱའི་མན་ཡིན་ཞིང་། ཤེལ་དམ་རེའི་ནང་སྨན་ལེབ་སོ་ལྔ་རེ་ཡོད་པ་དང་རེ་རེར་ཧོ་ཁི་གཅིག་རེ་ཡོད།

ཟླ་བདུན་པའི་ཚེས་ཉེར་ལྔ་ཉིན། རྒྱལ་ཁབ་སྨན་རྫས་དོ་དམ་ཅུས་ཀྱིས་སྨན་རྫས་དོ་དམ་བཅའ་ཁྲིམས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ནས། སྨན་རྫས་ལ་དམིགས་བསལ་གྱི་ཞིབ་བཤེར་ཆོག་མཆན་གྱི་གོ་རིམ་ལྟར་འཕྲལ་སྡོམ་ཞིབ་བཤེར་མཆན་འགོད་བྱས་པ་དང་། ཧི་ནན་ཀྲིན་ཧྲི་སྐྱེ་དངོས་ཚན་རྩལ་ཚད་ཡོད་ཀུང་སིས་ཐོན་སྐྱེད་བྱེད་པའི་ཨ་ཙི་ཧྥུའུ་ཏེན་པྲོག་གསར་གློ་ཚད་ཀྱི་ནད་འཁེལ་སྨན་རིགས་ཡིན་པའི་ཐོ་འགོད་རེ་ཞུས་ལ་ཆ་རྐྱེན་ཟུར་འགོད་ཀྱི་ཆོག་མཆན་སྤྲད་པ་རེད།

དེ་ནས། ཨ་ཙི་ཧྥུའུ་ཏེན་སྨན་ལེབ་དེ་རྒྱལ་ནང་དུ་རང་བརྟེན་ཞིབ་འཇུག་གསར་སྤེལ་བྱས་པའི་པྲོག་གསར་ཁོང་བསྟེན་སྨན་རྫས་སུ་གྱུར་པ་མཚོན་ཡོད། །

རྩོམ་སྒྲིག་པ། འབྲུག་མོ།