མཚོ་སྔོན་སྤྱི་ཁྱབ་བཟོ་ཚོགས་ཀྱིས་བྱེད་ཐབས་ཁག་ལྔ་བཏོན་ནས་རིམས་ནད་འགོག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་བཏང་།
2022.08.09 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 19

ཉེ་སྔོན་གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་ནས་རྒྱུས་ལོན་པ་ལྟར་ན། ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་ཀྱིས“རིམས་ནད་འགོག་སྡོམ་དང་། དཔལ་འབྱོར་བརྟན་འཇགས། འཕེལ་རྒྱས་བདེ་འཇགས་ཡིན་པ”བཅས་ཀྱི་བླང་བྱ་གལ་ཆེན་དོན་འཁྱོལ་བྱས་ནས། དཔལ་འབྱོར་གཏན་འཇགས་ཀྱི་སྲིད་ཇུས་བྱེད་ཐབས་ཁག་ཕྱོགས་ཡོངས་ནས་ལག་བསྟར་དང་། འགན་འཁྲི་དང་ལས་སྒོ་གཙོ་བོར་དམིགས་པ། འགན་འཁྲི་འཁུར་ཕོད་པ་དང་བྱས་རྗེས་འཇོག་ཕོད་པ་བཅས་བྱས་ཏེ་བྱེད་ཐབས་ཆེན་པོ་ཁག་ལྔ་སྤྱད་ནས་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་གཏན་འཇགས་དང་བདེ་འཇགས་ངང་འཕེལ་རྒྱས་གཏོང་བར་སྐུལ་འདེད་བཏང་།

བསམ་བློའི་ཁྲིད་སྟོན་ལ་བརྟེན་ནས་ཡིད་ཆེས་མཐོ་རུ་བཏང་། ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་མཛུབ་ཁྲིད་དུ་འཛིན་པ་རྒྱུན་བསྐྱངས་ནས། རིམས་ནད་འགོག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཁྲོད་ཐོན་པའི་སྔོན་ཐོན་མི་སྣ་དང་དཔེ་མཚོན་དྲིལ་བསྒྲགས་ལ་ཤུགས་བསྣན་ནས་མི་སེམས་གཅིག་སྒྲིལ་དང་ངར་ཤུགས་འཕེལ་བར་བྱས་ཡོད། མ་དངུལ་གྱི་རྒྱབ་སྐྱོར་ལ་བརྟེན་ནས་འགུལ་ནུས་འཕེལ་བར་བྱས། “གོང་འཕྲི་གཤམ་སྣོན”གྱི་བསམ་ཕྱོགས་ལྟར་འཕྲལ་དུ་བྱ་སྤྱོད་སྤེལ་བ་དང་བློ་ཐག་ཆོད་པོས་ཐབས་ཇུས་ལག་བསྟར་བྱས་ཤིང་། སྡོམ་རྩིས་བྱས་ན་ཆེད་དོན་མ་དངུལ་སྒོར་བྱེ་བ་གཅིག་དང་ས་ཡ་གཉིས་འབུམ་གཅིག་ཁྲི་བརྒྱད་བཏང་། ཁེ་ལས་ཀྱི་དཀའ་ངལ་སེལ་བའི་སྲིད་ཇུས་དོན་འཁྱོལ་ནན་ཏན་བྱས་ཏེ་ཡུལ་ཚོ་དང་གྲོང་བརྡལ(ཁྲོམ་གཞུང)བཟོ་ཚོགས་ལ་ཁ་གསབ་རོགས་དངུལ་སྒོར་ས་ཡ་དྲུག་ལྷག་སྤྲད་པ་དང་། ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་བཟོ་ཚོགས་ཀྱི་གྲོན་དངུལ་སྒོར་ས་ཡ་བཞི་དང་འབུམ་གཅིག་ཁྲི་བཞི་སྟོང་བདུན་དང་ཉིས་བརྒྱ་ཚང་མ་ཕྱིར་སློག་ལ། ཞིང་ཆེན་གྱི་ས་ཁང་ཐོན་ཁུངས་ཀྱི་བསྡོམས་འབོར་བོགས་མར་ལེན་མཁན་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་ཁང་གླ་སྒོར་འབུམ་གཅིག་དང་ཁྲི་དྲུག་ལྷག་ཇེ་དམར་བཏང་ནས་ཁེ་ལས་ཀྱི་ཁུར་པོ་ཇེ་ཡང་དུ་བཏང་། རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་བརྩེ་སེམས་ཟབ་མོ་མཚོན་པར་བྱས། དཀའ་ངལ་ཡོད་པའི་ལས་བཟོ་བའི་སྐས་རིམ་རོགས་སྐྱོར་བྱ་བའི་ལམ་སྲོལ་བཙུགས་ནས་མ་དངུལ་སྒོར་བྱེ་བ་དྲུག་དང་ས་ཡ་གསུམ་ལྷག་གྲབས་གསོག་བྱས་ཏེ། ལས་བཟོ་པ་ཁྲི་དྲུག་ལྷག་ལ་ལྟ་སྐོར་དང་འཚམས་འདྲི་བྱས། ཆེད་སྤྱོད་མ་དངུལ་སྒོར་བྱེ་བ་གཉིས་དང་ས་ཡ་ལྔ་བཀོད་སྒྲིག་བྱས་ནས་ལས་བཟོ་བར་རིམས་ནད་སྐབས་ཀྱི་འཚོ་བའི་ཁ་གསབ་རོགས་དངུལ་བྱིན། ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་ཀྱིས་སྣེ་ཁྲིད་དེ་རིམ་པ་སོ་སོའི་བཟོ་ཚོགས་ཀྱིས་ཧྲང་ཧའེ་རུ་འཐེན་ཐུག་ལས་གཉེར་བྱེད་མཁན་ལ་སྒོར་ས་ཡ་བཞི་ལྷག་གི་འཚོ་བའི་དངོས་ཟོག་ཞལ་འདེབས་བརྒྱབ་ནས། མི་སེམས་གཏན་འཇགས་ཡོང་བར་ཁྲིད་སྟོན་བྱས། ལས་བཟོ་པའི་སྨན་བཅོས་རོགས་སྐྱོབ་འགན་ལེན་མུ་མཐུད་དུ་ལག་བསྟར་བྱས་ཤིང་འགན་སྲུང་ནང་ཞུགས་མཁན་གྱི་ལས་བཟོ་པ་འབུམ་གསུམ་དང་ཁྲི་ལྔ་ལ་བསླེབས། ཆེད་དོན་མ་དངུལ་སྒོར་འབུམ་ལྔ་བཀོད་སྒྲིག་བྱས་ནས། འགྲིམ་འགྲུལ་སྐྱེལ་འདྲེན་ལས་རིགས་ཀྱི་ལས་བཟོ་བ་རྣམས་ལ་ས་མཐོའི་གསོ་རླུང་སྒྲིག་སྦྱོར་བྱས། ཁེ་དབང་སྲུང་སྐྱོང་གི་ཞབས་ཞུར་འགན་ལེན་ཡོད་པར་བྱས། ངལ་རྩོལ་འབྲེལ་བའི་འགལ་བ་སྔོན་འགོག་དང་། ཉེན་བརྡའི་ནང་རྐྱེན་དང་ངལ་རྩོལ་རྩོད་གཞི་འདུམ་འགྲིག་བྱེད་པའི་ལམ་ལུགས་འཐུས་ཚང་དུ་བཏང་བ་དང་། “ཐུན་མོང་གྲོས་མོལ་དང་སྟོབས་ཤུགས་གཅིག་སྒྲིལ” ། “གཅིག་བསྡུས་ཀྱི་གན་རྒྱ་འཇོག་པའི”བྱེད་སྒོ་གཏིང་ཟབ་ཏུ་སྤེལ་ནས། རྒྱ་ཆེའི་ལས་བཟོ་པ་དང་ལྷག་པར་དུ་ཞིང་པ་ལས་བཟོ་པས་བཅའ་ཁྲིམས་ལྟར་ངལ་རྩོལ་གན་རྒྱ་འཇོག་པར་ཁྲིད་སྟོན་བྱས། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་མི་སྣ་དང་། དཀའ་ངལ་ཡོད་པའི་ལས་བཟོ་པའི་ཁྱིམ་ཚང་། ཞིང་པ་ལས་བཟོ་བ་སོགས་ཀྱི་གཙོ་གནད་ཚོགས་སྤྱིར་དམིགས་ཏེ་དྲ་ཐོག་དང་དྲ་ཕྱིའི་ལས་ཞུགས་ལས་གཏོད་ཀྱི་བློ་འདྲིའི་ཞབས་ཞུ་སྤེལ། འཕེལ་རྒྱས་ལ་སྐུལ་འདེད་བྱེད་པ་གཙོ་བོར་བཟུང་ཡོད། གཙོ་གནད་བཟོ་སྐྲུན་དང་རྣམ་གྲངས་གལ་ཆེན། ལས་རིགས་གལ་ཆེན། གཙོ་གནད་ཁྱབ་ཁོངས་བཅས་སུ་ངལ་རྩོལ་འགྲན་བསྡུར་གཏིང་ཟབ་དང་རྒྱུན་སྲིང་ངང་སྤེལ་ཏེ། ལས་རིགས་ཉེར་བདུན་དང་ལས་ཀ་བརྒྱ་དང་བཞི་བཅུ་དང་འབྲེལ་བ་ཡོད་པའི་ཞིང་ཆེན་ཡོངས་ཀྱི་ལས་བཟོ་བའི་ལས་རིགས་རྩལ་ནུས་ཀྱི་འགྲན་བསྡུར་ཆེན་མོ་སྐབས་བཅོ་བརྒྱད་པ་སྤེལ། ཐོན་ལས་བཟོ་པའི་དཔུང་ཁག་འཛུགས་སྐྱོང་ལ་སྒྱུར་བཅོས་གཏིང་ཟབ་བྱས་ཏེ། ཁེ་ལས་ཆུང་འབྲིང་ལ་ལས་རིགས་གསོ་སྦྱོང་དང་རྩལ་ནུས་འགྲན་བསྡུར་སྤེལ་བར་མཛུབ་ཁྲིད་བྱས་པ་རེད། །

རྩོམ་སྒྲིག་པ། འབྲུག་མོ།