མཚོ་སྔོན་ཞིང་ཆེན་རིམས་ནད་འགོག་སྲུང་ལྟེ་གནས་ཀྱི་གསལ་འདེབས།
2022.08.10 ཁུངས། ཞིང་ཆེན་མི་དངམས་སྲིད་གཞུང་དྲ་བ། ཀློག་གྲངས། 21

 བདེ་ཐང་གསལ་འདེབས།

2022ལོའི་ཟླ8པའི་ཚེས7ཉིན། ལྷ་ས་གྲོང་ཁྱེར་དུ་མི་ཚོགས་གཙོ་བོར་ཉིང་སྐྱུར་བརྟག་དཔྱད་བྱེད་སྐབས། པྲོག་གསར་གློ་ཚད་རིམས་ནད་འགོས་པའི་གདགས་གཤིས་ཅན18བྱུང་ཡོད་ལ། རིམས་ནད་ཕྱི་ནས་ནང་ལ་མཆེད་པའི་ཉེན་ཁར་སྔར་ལས་གྲལ་བཤེར་དང་དོ་དམ་བྱ་ཆེད། མཚོ་སྔོན་ཞིང་ཆེན་རིམས་ནད་འགོག་སྲུང་ལྟེ་གནས་ཀྱིས་གསལ་འདེབས་བཏང་བ་འདི་ལྟར།

གཅིག  རང་འགུལ་ངང་སོང་ས་བསྡད་སར་སྙན་སེང་ཐོ་འགོད་བྱ་དགོས། ཟླ8པའི་ཚེས1ཉིན་ནས་བཟུང་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་དང་། རིམས་ནད་བྱུང་བའི་ས་ཁུལ་དང་གྲོང་ཁྱེར་གྱི་རིམས་ནད་འགོས་ཉེན་ཡོད་པའི་ས་ཁུལ་ནས་མཚོ་སྔོན་དུ་ཡོང་(ལོག)མཁན་ཚོས་རང་ཉིད་ཀྱི་འགོག་སྲུང་བྱ་བ་ཡག་པོ་བསྒྲུབ་དགོས་པ་མ་ཟད།  དུས་ཐོག་ཏུ་ལས་ཁུངས་དང་། གྲོང་ཚོ(སྡེ་ཁུལ)ཡང་ན་སྡོད་སའི་མགྲོན་ཁང་ལ་ཐོ་འགོད་བྱས་ནས། རང་ཉིད་ཀྱི་སོང་ས་བསྡད་ས་དང་བདེ་ཐང་གནས་ཚུལ་ཇི་མ་ཇི་བཞིན་དུ་མཁོ་འདོན་བྱ་དགོས།  མཚོ་སྔོན་དུ་ཡོང(ལོག)རྗེས་ཀྱི་ཉིན་གསུམ་ནང་ཉིང་སྐྱུར་བརྟག་དཔྱད་ཐེངས་གཉིས་བྱ་དགོས(བར་ཐག་ཆུ་ཚོད24ཡིན)པར་མ་ཟད་བདེ་ཐང་ལྟ་ཞིབ་ཡག་པོ་བྱ་དགོས། ཞིང་ཆེན་ཕྱི་ནས་མཚོ་སྔོན་དུ་ཡོང་མཁན་དང་ཕྱིར་ལོག་མཁན་ཚོས་དུས་ཚོད48ནང་གི་ཉིང་སྐྱུར་བརྟག་འབྲས་སྲིབ་གཤིས་ཡིན་པའི་དཔང་ཡིག་སྤྲོད་དགོས། མཚོ་སྔོན་ལ་ཐོན་མ་ཐག་ཏུ་ཉིང་སྐྱུར་བརྟག་དཔྱད་ཐེངས1བྱ་དགོས།

གཉིས། རིམས་ནད་འགོས་ཉེན་ཡོད་པའི་མིར་མགྱོགས་མྱུར་ངང་ཞིབ་བཤེར་བྱ་དགོས། ས་གནས་དང་ལས་ཁུངས་སོ་སོས་མྱུར་དུ་གྲལ་བཤེར་དང་རྗེས་འདེད་བྱས་ནས་ཟླ8པའི་ཚེས1ཉིན་ནས་བཟུང་། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་དང་བོད་རང་སྐྱོང་ལྗོངས་ཀྱི་རིམས་ནད་ས་ཁུལ་དང་གྲོང་ཁྱེར་གྱི་རིམས་ནད་འགོས་པའི་ཉེན་ཡོད་ས་ཁུལ་གཞན་དག་ནས་མཚོ་སྔོན་དུ་ཡོང(ལོག)མཁན་ལ་གྲལ་བཤེར་བྱས་ཏེ། གྲལ་བཤེར་བྱ་དགོས་རིགས་ལ་ངེས་བར་དུ་གྲལ་བཤེར་བྱས་ནས་མི་གཅིག་ཀྱང་ཆད་ལུས་མེད་པར་བྱེད་དགོས་པ་མ་ཟད། བླང་བྱ་ལྟར་རིམས་ནད་འགོག་ཟོན་སྐོར་གྱི་བྱེད་ཐབས་སྤྱད་དེ་རིམས་ནད་འགོས་མཆེད་བརྟན་འགོག་བྱ་དགོས།

གསུམ།  མིའི་འགྲོ་འོང་ཇེ་ཉུང་དུ་གཏོང་དགོས། རང་ཞིང་གི་མི་རྣམས་དགོས་ངེས་ཆེར་མེད་ན་རིམས་ནད་བྱུང་བའི་ས་ཁུལ་དུ་ཡུལ་སྐོར་ལ་མ་སོང་ན་བཟང་།

ཉེན་ཁ་ཆེ་བའི་ས་ཁུལ་གྱི་རྫོང(གྲོང་ཁྱེར་དང་ཆུས)ནས་མཚོ་སྔོན་དུ་ཕྱིར་ལོག་པར་ཚོད་འཛིན་ནན་མོ་བྱས་ཏེ། ཉེན་ཁ་ཆེ་བའི་ས་ཁུལ་དུ་ཉིན7སྡོད་མཁན་ལ་ཉིན་བདུན་གྱི་གཅིག་སྡུད་ལོགས་བཀར་གྱི་གསོ་རིག་ལྟ་ཞིབ་བྱེད་པ་དང་། གཅིག་སྡུད་ལོགས་བཀར་བྱས་པའི་ཉིན1、2、3、5、7བཅས་སོ་སོར་ཉིང་སྐྱུར་བརྟག་དཔྱད་ཚད་ལེན་དགོས། ཉེན་ཁ་འབྲིང་ཙམ་གྱི་ས་ཁུལ་གྱི་རྫོང(གྲོང་ཁྱེར་དང་ཆུས)ནས་དགོས་ངེས་ཆེར་མེད་ན་མཚོ་སྔོན་དུ་མ་ལོག་ན་བཟང་། ཉེན་ཁ་འབྲིང་ཙམ་གྱི་ས་ཁུལ་དུ་ཉིན7སྡོད་མཁན་ལ་ཉིན་བདུན་གྱི་ཁྱིམ་སྡོད་ལོགས་བཀར་གྱི་གསོ་རིག་ལྟ་ཞིབ་བྱས་ཏེ། ཁྱིམ་སྡོད་ལོགས་བཀར་གྱི་གསོ་རིག་ལྟ་ཞིབ་བྱེད་པའི་ཉིན1、4、7བཅས་སོ་སོར་ཉིང་སྐྱུར་བརྟག་དཔྱད་ཐེངས་རེ་བྱེད་དགོས། གལ་སྲིད་ཁྱིམ་སྡོད་ལོགས་བཀར་གྱི་ཆ་རྐྱེན་མ་འཛོམས་ཚེ་གཅིག་སྡུད་ལོགས་བཀར་གྱི་གསོ་རིག་ལྟ་ཞིབ་བྱེད་དགོས་པ་དང་། དོ་དམ་གྱི་དུས་ཚད་དེ་ཉེན་ཁའི་ས་ཁུལ་ནས་ཁ་བྲལ་བའི་ཉིན་ནས་བརྩི་དགོས། ཉེན་ཁ་ཆུང་བའི་ས་ཁུལ་དུ་ཉིན7སྡོད་མཁན་ལ་ཉིན་གསུམ་ནང་ཉིང་སྐྱུར་བརྟག་དཔྱད་ཐེངས་གཉིས་བྱེད་དགོས་པ་དང་འབྲེལ་བདེ་ཐང་ལ་ལྟ་ཞིབ་ཚད་ལེན་ཡག་པོ་བྱེད་དགོས།

བཞི། མི་སྒེར་གྱི་བདེ་ཐང་འགོག་སྲུང་ཡག་པོ་བྱེད་དགོས།

རྒྱ་ཆེའི་སྡོད་དམངས་རྣམས་ཀྱིས་མི་སྒེར་གྱི་རིམས་ནད་འགོག་སྲུང་ཡག་པོ་བྱས་ཏེ། ཁ་རས་རྒྱག་པ་དང་། ལག་པ་འཁྲུ་བ། རྟག་ཏུ་རླུང་རྒྱུ་བ། འདུ་འཛོམས་ཉུང་བ་སོགས་ཀྱི་འཕྲོད་བསྟེན་གོམས་གཤིས་བཟང་པོ་རྒྱུན་འཁྱོངས་བྱས་ནས། བདེ་ཐང་ལྟ་ཞིབ་ཚད་ལེན་གྱི་ལས་དོན་ཡག་པོར་བསྒྲུབ་དགོས་ལ། གལ་སྲིད་ཚ་རྒྱས་པ་དང་། སྐམ་ལུ་བྱེད་པ། ཤུགས་མེད་པ། སྣ་འཚུབ་པ། སྣ་ཆུ་བཞུར་བ་སོགས་ཀྱི་ནད་རྟགས་ཐོན་ཚེ་དུས་ཐོག་ཏུ་ཚད་ལྡན་གྱི་གོ་རིམ་ལྟར་སྨན་པར་བསྟེན་དགོས་པ་མ་ཟད། སྨན་ཁང་དུ་འགྲོ་བའི་ལམ་བར་དུ་སྤྱི་པའི་འགྲིམ་འགྲུལ་རླངས་འཁོར་ནང་སྡོད་མི་ཆོག་ལ། རིམས་ནད་མཆེད་པའི་ཉེན་ཁ་ཇེ་ཆུང་དུ་གཏོང་གང་ཐུབ་བྱ་དགོས།

ལྔ། རང་འགུལ་ངང་རིམས་འགོག་སྨན་ཁབ་རྒྱག་དགོས།

རིམས་འགོག་སྨན་ཁབ་རྒྱག་པ་ནི་འགྲོ་གྲོན་ཆེས་ཆུང་ཞིང་ཕན་ནུས་ཆེས་ལྡན་པའི་རིམས་འགོག་བྱ་ཐབས་ཤིག་ཡིན།

རིམས་ནད་འགོག་ཁབ་བརྒྱབ་ཚེ་མི་ཚང་མར་སྲུང་སྐྱོབ་ནུས་ལྡན་ཐུབ་པ་དང་། ལྷག་པར་དུ་ལོ་ལོན་གྱིས་རིམས་འགོག་སྨན་ཁབ་བརྒྱབ་ཚེ་ནད་ཕོག་ཚད་དང་། ནད་ཀྱི་ལྕི་ཚད། འཆི་ཚད་བཅས་ཚད་ངེས་ཅན་ཞིག་གི་ཐོག་ནས་ཇེ་ཉུང་དུ་འགྲོ་བར་ཕན་པས། རྒྱ་ཆེའི་སྡོད་དམངས་རྣམས་ཀྱིས་རང་འགུལ་ངང་པྲོག་གསར་འགོག་ཁབ་རྒྱག་པ་དང་ལྷག་པར་དུ་ལོ60ཡན་གྱི་ལོ་ལོན་གྱིས་རང་ཉིད་ཀྱི་བདེ་ཐང་དོ་དམ་ཡག་པོ་བྱས་ཏེ། མི་ཚང་མའི་རིམས་འགོག་སྲུང་ཡོལ་མཉམ་དུ་བསྐྲུན་ནས། རིམས་ནད་འགོག་སྲུང་གི་འགོག་སྲུང་འཛིང་རགས་བརྟན་སྲུང་བྱེད་དགོས།

                                                               མཚོ་སྔོན་ཞིང་ཆེན་རིམས་ནད་འགོག་སྲུང་ལྟེ་གནས།

                                                                                                  2022ལོའི་ཟླ8པའི་ཚེས8ཉིན།

རྩོམ་སྒྲིག་པ། འབྲུག་མོ།