རིམས་ནད་འགོག་སྡོམ་སྐོར་གྱི་དྲན་སྐུལ།
2022.08.31 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 32

མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་རིམས་ནད་འགོག་སྡོམ་བྱ་བའི་དྲན་སྐུལ།

༡.མིག་སྔར་རིམས་ནད་འགོག་སྡོམ་གྱི་གནས་བབ་ཛ་དྲག་ཆེ་ལ་རྙོག་འཛིང་ཡིན་པས། གཟབ་ནན་གྱིས་དུས་ཚོད་ཀྱི་བླང་བྱ་ལྟར་ཉིང་སྐྱུར་བརྟག་དཔྱད་ནང་ཞུགས་དགོས། ལུགས་མཐུན་གྱི་རྒྱུ་མཚན་མེད་པར་རིམས་ནད་འགོག་སྡོམ་ནང་མི་ཞུགས་པ་དང་དང་ལེན་མི་བྱེད་པ། རིམས་ནད་འགོག་སྡོམ་ལ་ཤུགས་རྐྱེན་བཟོ་བ་དང་ཡང་ན་མཇུག་འབྲས་ཚབས་ཆེན་གཞན་དག་བཟོ་བའི་རིགས་ལ། ཁྲིམས་ལྟར་འབྲེལ་ཡོད་ཀྱི་བཅའ་ཁྲིམས་ཀྱི་འགན་འཁྲི་རྩད་གཅོད་བྱེད་རྒྱུ་ཡིན།

༢.ཉིང་སྐྱུར་བརྟག་དཔྱད་སྐབས་ཀྱི“བྱེད་དགོས་པ་བཞི”སྟེ། མི་སྒེར་གྱི་འགོག་སྲུང་ལས་དོན་ལེགས་པར་སྒྲུབ་ནས། གོ་རིམ་ཧྲིལ་པོར་ཁ་ཐུས་རྒྱག་དགོས་པ། ཡིད་རྟོན་ཨང་རིས་དང་ལམ་ཐིག་ཨང་རིས་ལ་དཔྱད་བཤེར་བྱེད་པ་དང་། སྨི2ཡན་གྱི་བར་ཐག་བཞག་ནས་གྲལ་སྒྲིག་དགོས་པ། ཅི་ནུས་ཀྱིས་མི་བཟོད་པའི་དོན་དག་ཡོད་ཀྱང་བཟོད་བསྲན་བྱས་ནས། སྨན་བཅོས་མི་སྣས་མ་དཔེ་ལེན་པར་གཞོགས་འདེགས་བྱེད་དགོས་པ། མ་དཔེ་བླངས་རྗེས་མྱུར་དུ་ཡུལ་དངོས་དང་ཁ་འབྲལ་དགོས་པ་དང་། ཅི་ནུས་ཀྱིས་འགྲིམ་འགྲུལ་ཡོ་བྱད་ལ་མི་འདུག་པ་བཅས་བྱེད་དགོས།

༣.ཉིང་སྐྱུར་བརྟག་དཔྱད་བྱེད་སྐབས་ཀྱི“མི་བྱེད་པ་བཞི”སྟེ། ཉིང་སྐྱུར་བརྟག་དཔྱད་མ་དཔེ་ལེན་པའི་གྲལ་སྒྲིག་གནས་སུ་འདུ་འཛོམས་མི་བྱེད་པ། ཡུལ་དངོས་ཀྱི་མ་དཔེ་ལེན་མཁན་དང་དངོས་རྫས་ལ་གང་འདོད་དུ་མི་རེག་པ། ལག་པས་ཁ་ཐུམ་གྱི་ཕྱི་ངོས་ལ་མི་རེག་པ། གང་སར་ཁ་ལུད་མི་འཕེན་པ་དང་། ཁ་ཐུམ་རྙིང་བ་གང་བྱུང་དུ་མི་འཕེན་པ།

༤.ཉིང་སྐྱུར་བརྟག་དཔྱད་མ་བྱས་གོང་ལ། སྔོན་ལ་ཨང་རིས་བཤེར་ནས་ཐོ་འགོད་བྱེད་དགོས་པ་དང་། ཐོ་འགོད་བྱེད་སྐབས་ངེས་པར་དུ་ཡང་དག་པའི་མི་སྒེར་གྱི་ཆ་འཕྲིན་འབྲི་དགོས་ཤིང་། མི་སྒེར་གྱི་རྩ་གཉིས་ཨང་རིས་ཐོ་འགོད་བྱས་རྗེས། འཕྲལ་དུ་པར་མཛོད་དུ་བཅུག་ནས་ཉར་ཚགས་བྱེད་དགོས། རིག་ནུས་ལག་ཁྱེར་ཁ་པར་མེད་པའི་རྒན་པ་དང་ནར་མ་སོན་པའི་མིར་ཁྱིམ་མིའི་འགྲོ་རོགས་འོག ཁྱིམ་མིས་ལག་ཁྱེར་ཁ་པར་སྤྱད་ནས་སྔོན་ལ་རྩ་གཉིས་ཨང་རིས་བཟོ་དགོས།

༥.ཉིང་སྐྱུར་མ་དཔེ་མ་བླངས་སྔོན་གྱི་ཆུ་ཚོད་གཉིས་ནང་རབ་ཡིན་ན་ཟ་མ་མི་ཟ་བ་དང་། སྐར་མ30ཡི་སྔོན་ལ་ཆུ་མི་འཐུང་བ་དང་། ཨ་རག་མི་འཐུང་བ། དྲི་ཞིམ་ཀ་ར་མི་ཟ་བ་བཅས་བྱས་ཏེ། མ་དཔེ་ལེན་པའི་བརྒྱུད་རིམ་ཁྲོད་སྐྱུག་པ་དང་། ཕོ་བ་ལ་གནོད་པ་སོགས་ཀྱི་སྣང་ཚུལ་མི་འབྱུང་བ་བྱེད་དགོས།

༦.ཉིང་སྐྱུར་བརྟག་དཔྱད་བྱེད་སྐབས། སྔོན་ལ་མི་སྒེར་གྱི་རྩ་གཉིས་ཨང་རྟགས་ཐོ་འགོད་སྟོན་དགོས་པ་དང་། གོ་རིམ་ཧྲིལ་པོར་ཁ་ཐུམ་རྒྱག་དགོས་པ་མ་ཟད། མི་སྒེར་གྱི་འགོག་སྲུང་བཟང་པོ་བྱས་ནས། གོ་རིམ་ལྡན་པའི་ངང་གྲལ་སྒྲིག་དགོས་ལ། མི་གཞན་དང་བར་ཐག་སྨི2ཡན་འཇོག་པ་རྒྱུན་འཁྱོངས་བྱེད་པ་དང་། འདུ་འཛོམས་མི་བྱེད་པ་དང་། མི་གཞན་དང་ཁ་བརྡ་མི་བྱེད་པ་བཅས་བྱེད་པར་དོ་སྣང་བྱེད་དགོས།

༧.ཉིང་སྐྱུར་བརྟག་དཔྱད་བྱེད་པའི་བརྒྱུད་རིམ་ཁྲོད་བརྟག་དཔྱད་ཚད་ལེན་སྟེགས་བུའི་སྟེང་གི་དངོས་པོར་མི་རེག་པ་དང་། ལག་ཁྱེར་ཁ་པར་དང་ཐོབ་ཐང་ལག་ཁྱེར། ལྡེ་མིག་སོགས་མི་སྒེར་གྱི་དངོས་པོ་སྟེགས་བུའི་ཐོག་འཇོག་མི་རུང་། སྣ་ཁུང་ནས་མ་དཔེ་ལེན་པ་དང་མིད་པ་ནས་ལེན་པ་གང་ཡིན་རུང་སྨན་དོན་མི་སྣའི་རེ་བ་ལྟར། དེར་མཐུན་གྱི་འགུལ་སྐྱོད་བྱས་ཏེ། ཕན་ཚུན་ལ་རིམས་ནད་མི་འགོས་པའི་སྔོན་འགོག་བྱེད་དགོས།

༨.མ་དཔེ་འཚོལ་བསྡུ་ས་ཚིགས་ཀྱི་ལས་དོན་མི་སྣའི་བཀོད་སྒྲིག་ལ་རང་རྟོགས་ངང་བརྩི་སྲུང་བྱེད་པ་དང་། བཀོད་འདོམས་ལ་བརྩི་སྲུང་བྱས་ནས། ཆ་འཕྲིན་ཐོ་འགོད་དང་མ་དཔེ་འཚོལ་བསྡུའི་ལས་དོན་ལེགས་པོར་སྒྲུབ་པར་ཧུར་ཐག་གིས་གཞོགས་འདེགས་བྱེད་དགོས། །

རྩོམ་སྒྲིག་པ། འབྲུག་མོ།