གཅིག ཁྱིམ་དུ་སྡོད་པའི་སྐབས་ཀྱི་གསོ་རིག་ལྟ་ཞིབ།
༡. རླུང་རྒྱུ་བ་ཅུང་བཟང་བའི་ཁང་པ་རུ་འདུག་པ་དང་། ནུས་ཚོད་ཀྱིས་ཁེར་རྐྱང་གི་སྤྱོད་ཁང་བཀོལ་སྤྱོད་བྱེད་དགོས།
༢.ཉིན་རེའི་ནངས་དགོང་གཉིས་ལ་ལུས་དྲོད་ཐེངས་རེ་འཇལ་དགོས། གལ་ཏེ་ཚ་རྒྱས་པ་དང་གློ་ལུ་བ། ལུས་ཤུགས་ཉམས་པ། མིད་པ་ན་བ། སྣ་ཚོར(ལྕེ་ཚོར)ཇེ་ཞན་དུ་འགྲོ་བ། ཁོག་པ་བཤལ་བ་སོགས་ཀྱི་དོགས་ཡོད་ནད་རྟགས་མངོན་ཚེ་དུས་ཐོག་ཏུ་སྨན་བཅོས་བྱེད་དགོས།
༣. རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བླང་བྱ་གཞིར་བཟུང་ནས་ཉིང་སྐྱུར་བཤེར་འཇལ་བྱེད་པར་གཞོགས་འདེགས་བྱེད་དགོས།
༤. ཁྱིམ་དུ་བསྡད་དེ་བདེ་ཐང་ལྟ་ཞིབ་བྱེད་སྐབས་སྒོའི་ཕྱི་རོལ་ཏུ་མི་འགྲོ་བ་དང་། གལ་ཏེ་སྨན་བཅོས་བྱེད་དགོས་པ་སོགས་དམིགས་བསལ་གྱི་གནས་ཚུལ་བྱུང་སྟེ་ངེས་པར་དུ་ཕྱི་རུ་འགྲོ་དགོས་བྱུང་ཚེ། མི་སྒེར་གྱི་འགོག་སྲུང་ལེགས་པོ་བྱེད་དགོས་པ་དང་། སྤྱི་པའི་འགྲིམ་འགྲུལ་ཡོ་བྱད་དུ་སྡོད་མི་རུང་།
༥.ཁང་པའི་སྒེའུ་ཁུང་ཕྱེས་ནས་རླུང་རྒྱུ་རུ་འཇུག་པ་དང་། ཉིན་རྒྱུན་ཁྱིམ་གྱི་གཙང་སྦྲ་དང་དུག་སེལ་ལེགས་པོ་བྱེད་དགོས།
༦. ཁྱིམ་མི་དང་ཐག་ཉེ་བའི་འབྲེལ་འདྲིས་མི་བྱེད་ལ། ཟས་བགོས་ལམ་ལུགས་དར་སྤེལ་བྱེད་དགོས།
གཉིས། ཁྱིམ་སྡོད་ལོགས་བཀར་སྐབས་ཀྱི་གསོ་རིག་ལྟ་ཞིབ།
༡.རབ་ཡིན་ན་ཁེར་འདུག་བྱེད་དགོས་ལ། གལ་ཏེ་ཁྱིམ་མི་དང་ལྷན་དུ་བསྡད་ཡོད་ཚེ། མི་རེ་ཁང་པ་རེའི་ནང་འདུག་པ་དང་། ནུས་ཚོད་ཀྱིས་ཁེར་རྐྱང་གི་སྤྱོད་ཁང་སྤྱོད་དགོས། ཉིན་རྒྱུན་གྱི་འཚོ་བ་དང་ཟས་སྤྱོད་སོགས་ལོགས་བཀར་ཁང་པའི་ནང་དུ་རོལ་དགོས།
༢. ཁྱིམ་མི་གཞན་དག་དང་བར་ཐག་ཉེ་བའི་འབྲེལ་འདྲིས་བྱེད་སྐབས། ངེས་པར་དུ་ཚད་ལྡན་སྒོས་ཁ་ཐུམ་རྒྱག་དགོས།
༣. ཉིན་རེའི་ནངས་དགོང་གཉིས་ལ་ལུས་དྲོད་ཐེངས་རེ་འཇལ་དགོས། གལ་ཏེ་ཚ་རྒྱས་པ་དང་གློ་ལུ་བ། ལུས་ཤུགས་ཉམས་པ། མིད་པ་ན་བ། སྣ་ཚོར་དང་ལྕེ་ཚོར་ཇེ་ཞན་དུ་འགྲོ་བ། ཁོག་པ་བཤལ་བ་སོགས་ཀྱི་དོགས་ཡོད་ནད་རྟགས་མངོན་ཚེ། དུས་ཐོག་ཏུ་སྡེ་ཁུལ་གྱི་དོ་དམ་མི་སྣར་ཡར་ཞུ་བྱེད་དགོས།
༤. ལས་སྒྲུབ་མི་སྣ་ཁྱིམ་དུ་ཉིང་སྐྱུར་བཤེར་འཇལ་བྱེད་དུ་ཡོང་བར་གཞོགས་འདེགས་བྱེད་དགོས།
༥. ཁྱིམ་སྡོད་ལོགས་བཀར་མི་སྣ་དང་མཉམ་དུ་སྡོད་མཁན་གྱི་མི་རྣམས་ཁྱིམ་སྡོད་ལོགས་བཀར་གྱི་སྐབས་སུ་སྒོ་ཕྱིར་མི་འགྲོ་བ་དང་། སྨན་ཁང་དུ་འགྲོ་དགོས་པ་སོགས་བྱུང་ཚེ་ཆེད་དམིགས་ཀྱི་མི་དང་རླངས་འཁོར་བཀོད་སྒྲིག་བྱེད་དགོས་པ་དང་། མི་སྒེར་གྱི་འགོག་སྲུང་ལེགས་པོ་བྱེད་དགོས།
༦.ཁྱིམ་དུ་སྡོད་སྐབས་སྒེའུ་ཁུང་ཕྱེས་ནས་རླུང་རྒྱུ་རུ་འཇུག་པ་དང་། ཁྱིམ་གྱི་གཙང་སྦྲ་དང་སྤྱོད་ཁང་དང་ཁྲུས་ཁང་སོགས་སྤྱི་སྤྱོད་ཁུལ་ལ་དུག་སེལ་ལེགས་པོ་བྱེད་དགོས།
བདུན། འཚོ་བའི་གད་སྙིགས་འགྱིག་ཁུག་ཏུ་བླུགས་ཏེ། ཆེད་སྤྱོད་སྙིགས་སྒམ་དུ་འཕེན་དགོས།
གོང་གི་ཤེས་བྱ་འདི《མཚོ་སྔོན་ཞིང་ཆེན་བདེ་ཐང་སློབ་གསོ་ཁང》གིས་འདོན་སྤྲོད་བྱས་པ་ཡིན།
རྩོམ་སྒྲིག་པ། འབྲུག་མོ།