སྤྱི་དམངས་རྣམས་ཀྱིས་ཚན་རིག་དང་མཐུན་པའི་ཁ་ཐུམ་རྒྱག་ཐབས།
2022.09.05 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 29

རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་དྲ་ཚིགས་སུ《སྤྱི་དམངས་ཀྱིས་ཚན་རིག་དང་མཐུན་པའི་ངང་ཁ་ཐུམ་རྒྱག་པའི་མཛུབ་སྟོན་སྐོར་གྱི་བརྡ་ཐོ》བཏང་ནས། གནས་བབས་མི་འདྲ་བའི་འོག་ཁ་ཐུམ་རྒྱག་པར་ཚན་རིག་དང་མཐུན་པའི་གྲོས་གཞི་བཏོན་ཡོད་པ་གཤམ་གསལ་ལྟར།

སྤྱི་དམངས་ཀྱིས་ཚན་རིག་དང་མཐུན་པའི་སྒོ་ནས་ཁ་ཐུམ་རྒྱག་པའི་སྐོར་གྱི་མཛུབ་སྟོན།

ཚན་རིག་དང་མཐུན་པར་ཁ་ཐུམ་བརྒྱབ་ཚེ། པྲོག་གསར་གློ་ཚད་རིམས་ནད་དང་། ཆམ་རིམས་སོགས་ཀྱི་དབུགས་ལམ་གྱི་འགོས་ནད་སྔོན་འགོག་བྱེད་པའི་ནུས་པ་ལྡན་པས། རང་ཉིད་ལ་སྲུང་སྐྱོང་བྱེད་ཐུབ་པར་མ་ཟད། སྤྱི་དམངས་ཀྱི་བདེ་ཐང་ལའང་ཕན་ཐོགས་ཡོད། མིག་སྔར་པྲོག་གསར་གློ་ཚད་རིམས་ནད་འགོག་རྒོལ་བྱེད་པའི་གནས་བབ་འོག སྤྱི་དམངས་ཀྱིས་ཚན་རིག་དང་མཐུན་པའི་སྒོ་ནས་ཁ་ཐུམ་རྒྱག་པ་དང་། ནུས་པ་ལྡན་པར་རིམས་ནད་འགོག་སྡོམ་བྱེད་པ། སྤྱི་དམངས་ཀྱི་བདེ་ཐང་ལ་སྲུང་སྐྱོང་བྱེད་པ་བཅས་ལ་ཁྲིད་སྟོན་བྱ་ཆེད། གཤམ་གསལ་གྱི་མཛུབ་ཁྲིད་དམིགས་སུ་བཀར་ནས་བཏོན་པ་ཡིན།

དང་པོ། སྤྱི་དམངས་དཀྱུས་མ།

(གཅིག) ཁྱིམ་དུ་འདུག་པ་དང་། ཕྱི་རོལ་དུ་མི་སྣ་འདུ་འཛོམས་མི་བྱེད་པའི་གནས། རླུང་རྒྱུ་བའི་ཆ་རྐྱེན་བཟང་པའི་གནས།

འགོག་སྲུང་གྲོས་གཞི། ཁ་ཐུམ་རྒྱག་མི་དགོས།

(གཉིས།) མི་ཚོགས་འདུ་འཛོམས་ཆེ་བའི་གནས་དཔེར་ན། གཞུང་སྒྲུབ་ཁང་དང་། དངོས་པོ་ཉོ་བ། ཟ་ཁང་། ཚོགས་ཁང་། འཁོར་ཁང་སོགས་ལྟ་བུ་དང་། ཡང་ན་གློག་སྐས་དང་སྤྱི་པའི་འགྲིམ་འགྲུལ་ཡོ་བྱད་སོགས་ཀྱི་ནང་དུ་འདུག་སྐབས།

འགོག་སྲུང་གྲོས་གཞི། ཉེན་ཁ་འབྲིང་བ་དང་ཆུང་བའི་ས་ཁུལ་དུ་ཞོར་བཀོལ་ཁ་ཐུམ་གྲ་སྒྲིག་བྱེད་དགོས།(སྤྱོད་ཐེངས་གཅིག་ཅན་གྱི་སྨན་སྤྱོད་ཁ་ཐུམ་མམ་ཡང་ན་སྨན་སྤྱོད་ཕྱི་ནད་ཚན་ཁག་གི་ཁ་ཐུམ་སྤྱོད་དགོས།)མི་གཞན་དང་བར་ཐག་ཉེ་བར་འབྲེལ་གཏུག་བྱེད་སྐབས(སྨི1ལས་ཉུང་བ)ཁ་ཐུམ་རྒྱག་དགོས། ཉེན་ཁ་ཆེ་བའི་ས་ཁུལ་དུ་སྤྱོད་ཐེངས་གཅིག་ཅན་གྱི་སྨན་སྤྱོད་ཁ་ཐུམ་རྒྱག་དགོས།

(གསུམ།) ལུ་བ་དང་ཧབ་སྦྲིད་རྒྱག་པ་སོགས་ཀྱི་ཆམ་པའི་ནད་རྟགས་ཡོད་མཁན།

འགོག་སྲུང་གྲོས་གཞི། སྤྱོད་ཐེངས་གཅིག་ཅན་གྱི་སྨན་སྤྱོད་ཁ་ཐུམ་མམ་ཡང་ན་སྨན་སྤྱོད་ཕྱི་ནད་ཚན་ཁག་གི་ཁ་ཐུམ་རྒྱག་དགོས།

(བཞི།) ཁྱིམ་སྡོད་ལོགས་བཀར་བྱེད་པ་དང་། སྨན་ཁང་ནས་བུད་ནས་ཁམས་གསོ་བྱེད་པའི་མི་སྣ་དང་མཉམ་དུ་འཚོ་བ་རོལ་བའི་མི་སྣ།

འགོག་སྲུང་གྲོས་གཞི། སྤྱོད་ཐེངས་གཅིག་ཅན་གྱི་སྨན་སྤྱོད་ཁ་ཐུམ་མམ་ཡང་ན་སྨན་སྤྱོད་ཕྱི་ནད་ཚན་ཁག་གི་ཁ་ཐུམ་རྒྱག་དགོས།

གཉིས། དམིགས་བསལ་འདུ་གནས་ཀྱི་མི་སྣ།

(གཅིག) མི་ཚོགས་མང་བའི་སྨན་ཁང་དང་། རླངས་འཁོར་འབབ་ཚུགས། མེ་འཁོར་འབབ་ཚུགས། ལྕགས་ལམ་འབབ་ཚུགས། གནམ་གྲུ་འབབ་ཐང་། སྒོ་རྩིས་ཚོང་ཁང་། ཟ་ཁང་། སྤྱི་པའི་འགྲིམ་འགྲུལ་ཡོ་བྱད་བཅས་དང་། དེ་བཞིན་སྡེ་ཁུལ་དང་ལས་ཁུངས་ཀྱི་འཇུག་སྒོ་དང་ཕྱིར་འབུད་སའི་གནས་སོགས།

འགོག་སྲུང་གྲོས་གཞི། ཉེན་ཁ་འབྲིང་བ་དང་ཆུང་བའི་ས་ཁུལ་གྱི་ལས་དོན་མི་སྣས་སྤྱོད་ཐེངས་གཅིག་ཅན་གྱི་སྨན་སྤྱོད་ཁ་ཐུམ་མམ་ཡང་ན་སྨན་སྤྱོད་ཕྱི་ནད་ཚན་ཁག་གི་ཁ་ཐུམ་རྒྱག་དགོས། ཉེན་ཁ་ཆེ་བའི་ས་ཁུལ་གྱི་ལས་དོན་མི་སྣས་སྤྱོད་ཐེངས་གཅིག་ཅན་གྱི་སྨན་སྤྱོད་ཕྱི་ནད་ཚན་ཁག་གི་ཁ་ཐུམ་མམ་ཡང་ནKN95དང་དེ་བཞིན་དེའི་རིམ་པ་ཡན་གྱི་འགོག་སྲུང་ཁ་ཐུམ་རྒྱག་དགོས།

(གཉིས།) བཙོན་ཁང་དང་རྒན་གསོ་ཁང་། ཕན་བདེ་ཁང་། དབང་རྩའི་འཕྲོད་བསྟེན་སྨན་བཅོས་ལས་ཁུངས་བཅས་དང་། དེ་བཞིན་སློབ་གྲྭའི་སློབ་ཁང་དང་བཟོ་གྲྭའི་ཉལ་ཁང་སོགས་ཀྱི་མི་མང་འདུ་གནས།

འགོག་སྲུང་གྲོས་གཞི། ཉེན་ཁ་འབྲིང་བ་དང་ཆུང་བའི་ས་ཁུལ་དུ་རྒྱུན་དུ་ཞོར་བཀོལ་ཁ་ཐུམ་གྲ་སྒྲིག་བྱེད་དགོས། (སྤྱོད་ཐེངས་གཅིག་ཅན་གྱི་སྨན་སྤྱོད་ཁ་ཐུམ་མམ་ཡང་ན་སྨན་སྤྱོད་ཕྱི་ནད་ཚན་ཁག་གི་ཁ་ཐུམ་རྒྱག་དགོས།)མི་སྣའི་འདུ་གནས་སམ་ཡང་ན་མི་གཞན་དང་བར་ཐག་ཉེ་བའི་འབྲེལ་གཏུག(སྨི1ལས་ཐུང་བ)བྱེད་སྐབས་ཁ་ཐུམ་རྒྱག་དགོས། ཉེན་ཁ་ཆེ་བའི་ས་ཁུལ་གྱི་ལས་དོན་མི་སྣས་སྨན་སྤྱོད་ཕྱི་ནད་ཚན་ཁག་གི་ཁ་ཐུམ་རྒྱག་པའམ་ཡང་ནKN95དང་དེ་བཞིན་དེའི་རིམ་པ་ཡན་གྱི་འགོག་སྲུང་ཁ་ཐུམ་རྒྱག་པ་དང་།  མི་གཞན་པས་ཐེངས་གཅིག་ཅན་གྱི་སྨན་སྤྱོད་ཁ་ཐུམ་རྒྱག་དགོས།

གསུམ། གཙོ་གནད་མི་སྣ།

པྲོག་གསར་ནད་དུག་གློ་ཚད་ཀྱི་དོགས་གཞི་ཡོད་པའི་ནད་རྟགས་དང་། ནད་རྟགས་གཏན་འཁེལ་བྱས་པའི་ནད་པ། ནད་རྟགས་མེད་པའི་ནད་པ། པྲོག་གསར་ནད་དུག་གློ་ཚད་འགོས་ཡོད་པའི་ནད་པ་དང་འབྲེལ་འདྲིས་དམ་ཟབ་ཡོད་མཁན། རྒྱལ་ཁབ་ཕྱི་ནས་ཡོང་བའི་མི་སྣ(རྒྱལ་ཁབ་ཕྱི་ནས་ཡོང་བ་ནས་ལོགས་བཀར་མཇུག་རྫོགས་པའི་བར)བཅས།

འགོག་སྲུང་གྲོས་གཞི། སྨན་སྤྱོད་ཕྱི་ནད་ཚན་ཁག་གི་ཁ་ཐུམ་རྒྱག་པའམ་ཡང་ན་དབུགས་འབྱིན་རྔུབ་ཁ་འགེབ་མེད་པའམ། ཡང་ནKN95/N95དང་དེའི་རིམ་པ་ཡན་དང་མཐུན་པའི་འགོག་སྲུང་ཁ་ཐུམ་རྒྱག་དགོས།

བཞི། ལས་རིགས་ཕྱིར་མངོན་པའི་མི་སྣ།

(གཅིག) སྒོ་བསྟེན་སྨན་ཁང་དཀྱུས་མ་དང་། ནད་ཁང་སོགས་ཀྱི་སྨན་དོན་མི་སྣ། ཉེན་ཁ་ཆུང་བའི་ས་ཁུལ་གྱི་སྨན་བཅོས་སྒྲིག་གཞིའི་མྱུར་སྐྱོབ་སྨན་བཅོས་མི་སྣ། རིམས་ནད་འགོག་སྡོམ་དང་འབྲེལ་བ་ཡོད་པའི་སྲིད་འཛིན་དོ་དམ་མི་སྣ་དང་། ཉེན་རྟོག་པ། བདེ་སྲུང་མི་སྣ། གཙང་སྦྲ་བྱེད་མཁན་བཅས།

འགོག་སྲུང་གྲོས་གཞི། སྨན་སྤྱོད་ཕྱི་ནད་ཚན་ཁག་གི་ཁ་ཐུམ་རྒྱག་དགོས།

(གཉིས།) པྲོག་གསར་གློ་ཚད་ནད་དུག་ཕོག་པར་གཏན་འཁེལ་བྱས་པའི་ནད་པ་དང་། ནད་རྟགས་དོགས་གཞི་ཡོད་པའི་ནད་པའི་ནད་ཁང་། ICUལས་དོན་མི་སྣ། གཏན་འཁེལ་བྱས་པའི་སྨན་བཅོས་ལས་ཁུངས་ཀྱི་ཚ་བརྟག་སྒོ་བསྟེན་སྨན་ཁང་གི་སྨན་དོན་མི་སྣ། ཉེན་ཁ་འབྲིང་བ་དང་ཆེ་བའི་ས་ཁུལ་གྱི་སྨན་བཅོས་སྒྲིག་གཞིའི་མྱུར་བཅོས་ཁང་གི་སྨན་བཅོས་མི་སྣ། རིམས་ནད་རིག་པའི་བརྟག་དཔྱད་དང་། ཚོད་ལྟ་ཁང་གི་ཞིབ་དཔྱད་ཚད་ལེན། ཁོར་ཡུག་ལ་དུག་སེལ་བྱེད་པའི་མི་སྣ་བཅས་དང་། ནད་གཞི་གཏན་འཁེལ་དང་དོགས་གཞི་ཡོད་པའི་ནད་པ་བརྒྱུད་སྐྱེལ་བྱེད་མཁན།

འགོག་སྲུང་གྲོས་གཞི། སྨན་སྤྱོད་འགོག་སྲུང་ཁ་ཐུམ་རྒྱག་དགོས།

(གསུམ།) དབུགས་ལམ་དངོས་དཔེ་འཚོལ་བསྡུ་བྱེད་མཁན་གྱི་ལས་དོན་མི་སྣ་དང་། པྲོག་གསར་ནད་དུག་གློ་ཚད་ནད་པར་གློ་སྦུག་གཤགས་བཅོས་དང་གློ་སྦུག་ལ་སྦུག་གུ་འཇུག་པ། གློ་སྦུག་རྒྱང་ཤེལ་སྤྱད་ནས་ཞིབ་བཤེར་བྱེད་པ། གློ་སྙིང་སླར་གསོ་སྨན་བཅོས་བྱེད་པ། དེ་མིན་གློ་བ་བརྗེ་སྤོར་གཤགས་བཅོས་དང་གཤགས་བཅོས་བྱེད་མཁན་གྱི་ལས་དོན་མི་སྣ།

འགོག་སྲུང་གྲོས་གཞི། མགོ་ཁེབས་རྣམ་པའི(ཡང་ན་གདོང་ཐེབས་ཆ་ཚང་ཅན)སྒུལ་ཤུགས་རླུང་ཕུད་འཚག་ལྡན་རྣམ་པའི་དབུགས་ལམ་འགོག་སྲུང་ཡོ་བྱད་དང་། ཡང་ན་གདོང་ཕྱེད་རྣམ་པའི་སྒུལ་ཤུགས་རླུང་ཕུད་འཚག་ལྡན་གྱི་དབུགས་ལམ་འགོག་སྲུང་ཡོ་བྱད་སྟེང་། མིག་སྲུང་ཤེལ་དམ་ཡང་ན་གདོང་ཡོངས་འགེབ་བྱེད་ཀྱི་བརྙན་ཤེལ་གྱོན་དགོས།  དབུགས་ལམ་འགོག་སྲུང་ཡོ་བྱད་རིགས་གཉིས་ཀP100རྟགས་ཅན་གྱི་དུག་སྲིན་འགོག་པའི་ཡོ་བྱད་སྤྱོད་དགོས་པ་དང་། འཚག་ལྡན་ལྷུ་ལག་བསྐྱར་སྤྱོད་བྱེད་མི་རུང་ལ། འགོག་སྲུང་ཡོ་བྱད་དག་ལ་དུག་སེལ་བྱས་རྗེས་བཀོལ་སྤྱོད་བྱེད་དགོས།

ལྔ། བཀོལ་སྤྱོད་སྐབས་ཀྱི་དོ་སྣང་བྱེད་དགོས་པའི་དོན་ཚན།

(གཅིག) དབུགས་འབྱིན་རྔུབ་ཀྱི་འགོག་སྲུང་ལ་ཁ་ཐུམ་དང་གདོང་ཁེབས་སོགས་ཡོད་ན། ཁ་ཐུམ་མ་གྱོན་པའི་སྔོན་དང་ཕུད་རྗེས་ལག་པ་བཀྲུ་དགོས།

(གཉིས།) ཁ་ཐུམ་རྒྱག་སྐབས་ཕྱི་ནང་དང་མགོ་རྔར་མཉམ་འཇོག་དགོས་ཤིང་། ཁ་ཐུམ་གྱིས་སྣ་དང་ཁ་འགེབས་དགོས་པར་མ་ཟད། སྣ་བཙིར་ཆས་གདོང་དང་དམ་པོར་སྦྱར་དགོས།

(གསུམ།) ཁ་ཐུམ་རྒྱག་པའི་གོ་རིམ་ཁྲོད་ལག་པས་ཁ་ཐུམ་གྱི་ཕྱི་ནང་ལ་མི་རེག་པར། གཞོགས་གཉིས་ཀྱི་སྐུད་པ་བཟུང་ནས་རྒྱག་པ་དང་ཕུད་དགོས།

(བཞི།) ཁ་ཐུམ་མང་དུ་བརྩེགས་ནས་བརྒྱབ་ན་སྔར་ལས་ལྷག་པར་འགོག་སྲུང་བྱེད་པའི་ནུས་པ་མེད་པར་མ་ཟད། དེ་ལས་ལྡོག་སྟེ་དབུགས་འབྱིན་རྔུབ་ལ་གནོད་པའམ་ཞིབ་ཚགས་རང་བཞིན་ལ་གཏོར་བརླག་ཐེབས་སྲིད།

(ལྔ།) ཁ་ཐུམ་གཙང་བཀྲུ་དང་། དུག་སེལ་སོགས་བྱེད་ཐབས་སྣ་ཚོགས་ལ་འགོག་སྲུང་བྱེད་པར་ནུས་པ་ལྡན་པའི་བདེན་དཔང་མེད།

(དྲུག)སྤྱོད་ཐེངས་གཅིག་ཅན་གྱི་སྨན་སྤྱོད་ཁ་ཐུམ་དང་སྨན་སྤྱོད་ཕྱི་ནད་ཚན་ཁག་གི་ཁ་ཐུམ་ཐེངས་གཅིག་ལ་མ་གཏོགས་སྤྱོད་མི་རུང་བར་མ་ཟད། བསྡོམས་རྩིས་བྱས་ན་བཀོལ་སྤྱོད་བྱེད་ཡུན་ཆུ་ཚོད་བརྒྱད་ལས་བརྒལ་མི་རུང་ལ། ལས་རིགས་ཕྱིར་མངོན་པའི་མི་སྣས་ཁ་ཐུམ་བཀོལ་སྤྱོད་བྱེད་ཡུན་ཆུ་ཚོད་བཞི་ལས་བརྒལ་མི་རུང་ལ་བསྐྱར་སྤྱོད་ཀྱང་བྱེད་མི་རུང་། །

རྩོམ་སྒྲིག་པ། འབྲུག་མོ།