ཟི་ལིང་གུང་གཞོན་ཚོགས་པའི་ན་གཞོན་དང་དང་བླངས་པ་ཉིས་སྟོང་དྲུག་བརྒྱ་རིམས་འགོག་ཡུལ་དངོས་སུ་སོང་།
2022.09.07 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 20

ཏང་དར་གང་ལ་ཕྱོགས་ན། གུང་གཞོན་ཚོགས་པའི་དར་ཆ་དེ་རུ་ཕྱོགས། སྐོར་འདིའི་པྲོག་གསར་གློ་ཚད་རིམས་ནད་བྱུང་རྗེས། གུང་གཞོན་ཚོགས་པ་ཟི་ལིང་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གིས་ཏན་ཏིག་གིས་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་ཀྱི་དགོངས་དོན་དོན་འཁྱོལ་དང་། གྲོང་ཁྱེར་ཏང་ཨུ་དང་སྲིད་གཞུང་གི་གཅིག་གྱུར་བཀོད་སྒྲིག་ལྟར།  ཟི་ལིང་གྲོང་ཁྱེར་གྱི་རྒྱ་ཆེའི་གུང་གཞོན་ཚོགས་པའི་གཙོ་ཤུགས་ནུས་པ་དང་གདོང་མཆོངས་རུ་ཁག་གི་བྱེད་ནུས་འདོན་སྤེལ་བྱས་ནས། དངོས་ཡོད་བྱེད་སྟངས་ཀྱིས“ཏང་སེམས་བདེ་མོ་བྱས། རྒྱལ་ཁབ་སྟོབས་ལྡན་དུ་བསྒྱུར་བར་ང་ཡོད”ཅེས་པའི་འགན་འཁྲི་ཕྲག་ཏུ་བླངས་ནས། གྲོང་ཁྱེར་ཡོངས་ཀྱི་རིམས་ནད་འགོག་སྡོམ་བྱ་བར་རོགས་འདེགས་བྱས།

གུང་གཞོན་ཚོགས་པ་ཟི་ལིང་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གིས་མྱུར་དུ་འགུལ་སྐྱོད་དང་བཀོད་སྒྲིག་བྱས་ནས། དུས་ཚོད་དང་པོའི་ནང་གྲོས་འདོན་ཡི་གེ་བསྒྲགས་པ་དང་། མྱུར་དུ“ན་གཞོན་བསྡུ་སྒྲིག་བཀའ་བརྡ”བསྒྲགས་ཏེ། གྲོང་ཁྱེར་ཡོངས་ཀྱི་རིམ་པ་སོ་སོའི་གུང་གཞོན་རྩ་འཛུགས་བྱས་ནས་རྒྱ་ཆེའི་གུང་གཞོན་ཚོགས་པའི་གཙོ་ཤུགས་ནུས་པ་དང་གདོང་མཆོངས་རུ་ཁག་གི་ནུས་པ་འདོན་སྤེལ་བྱས་ཤིང་། སྟོབས་ཤུགས་ཡོད་རྒུས་རིམས་ནད་འགོག་སྡོམ་བྱ་བ་སོ་སོ་ལེགས་པོར་བསྒྲུབས། གུང་གཞོན་ཚོགས་པ་གྲོང་ཁྱེར་ཨུ་ཡོན་ལྷན་དང་གྲོང་ཁྱེར་ན་གཞོན་དང་བླངས་པའི་མཐུན་ཚོགས་ཀྱིས་སྤྱི་ཚོགས་གུང་གཞོན་ཚོགས་པ་དང་ན་གཞོན་སྤྱི་ཚོགས་རྩ་འཛུགས་ལ་སྐུལ་སློང་བྱས་ཏེ། ཟི་ལིང་གྲོང་ཁྱེར་ན་གཞོན་དང་བླངས་པའི་མཐུན་ཚོགས་ཀྱི་རིམས་ནད་འགོག་སྡོམ་ན་གཞོན་གདོང་མཆོངས་རུ་ཁག་དང་། མཚོ་སྔོན་བརྩེ་སེམས་རིམས་ནད་འགོག་སྡོམ་དང་བླངས་ཞབས་ཞུ་རུ་ཁག བརྩེ་བའི་རིམས་ནད་འགོག་སྡོམ་དང་བླངས་ཞབས་ཞུ་རུ་ཁག དབྱར་གནས་སྤྱི་ཕན་རིམས་ནད་འགོག་སྡོམ་དང་བླངས་ཞབས་ཞུ་རུ་ཁག་སོགས་འཛུགས་སྒྲུབ་བྱས། ད་ལྟ། ན་གཞོན་དང་བླངས་པ་བཞི་སྟོང་བཞི་བརྒྱ་ང་དགུ་བསྡུ་རུབ་བྱས་པ་དང་། གོ་རིམ་ལྡན་པའི་ངང་ལས་གནས་སུ་མི་ཉིས་སྟོང་དྲུག་བརྒྱ་ཉེར་ལྔ་བཀོད་སྒྲིག་བྱས་ནས། གཞིས་ཁུལ་རིམས་ནད་འགོག་སྡོམ་ཡུལ་དངོས་ཀྱི་ལས་འགན་ཕྲག་ཏུ་བླངས་ཡོད། གུང་གཞོན་ཚོགས་པ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གིས་མཚོ་སྔོན་ཞིང་ཆེན་གྱི་མྱུར་སྐྱེལ་ལས་རིགས་མཐུན་ཚོགས་དང་ཀྲུང་ཧྭ་དང་བླངས་པའི་མཐུན་ཚོགས་འཕྲལ་བསྟུན་ཨུ་ཡོན་ལྷན་ཁང་མཚོ་སྔོན་ཞབས་ཞུ་རུ་ཁག ཟི་ལིང་བརྩེ་སེམས་རླངས་འཁོར་གྱི་འགན་སྲུང་ཚན་ཆུང་སོགས་ལ་མཐུན་སྦྱོར་བྱས་ཏེ་གྲོང་ཁྱེར་སྡོད་དམངས་ལ་སྨན་ཁང་ནས་འབུད་པའི་ནད་པ་སྐྱེལ་ལེན་དང་། རྫོང་དང་ཆུས་རིམ་པའི་རིམས་འགོག་སྨན་རྫས་སྐྱེལ་བ་སོགས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་དང་བླངས་ཞབས་ཞུ་ཐེངས་བཅུ་དྲུག་བྱས་ནས། དངོས་ཡོད་བྱེད་སྟངས་ཀྱིས་གུང་གཞོན་ན་གཞོན་གྱི་འཐབ་རྩོད་ནུས་ཤུགས་མངོན་པ་དང་། རིམས་ནད་འགོག་སྡོམ་དང་བླངས་ཞབས་ཞུའི་རྐང་འཛིན་སྟོབས་ཤུགས་མངོན་པར་བྱས། ཀྲུང་ཧྭ་དང་བླངས་པའི་མཐུན་ཚོགས་འཕྲལ་བསྟུན་ཨུ་ཡོན་ལྷན་ཁང་མཚོ་སྔོན་ཞབས་ཞུ་རུ་ཁག་གིས་གུང་གཞོན་ཚོགས་པ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་འབོད་སྐུལ་འོག ན་གཞོན་དང་བླངས་པ་ཉི་ཤུ་རྩ་འཛུགས་བྱས་ཏེ། ཀྲུང་གོའི་ལྕགས་ལམ་མཚོ་བོད་སྡེ་ཚོགས་ཚད་ཡོད་ཀུང་སིའི་ཟི་ལིང་ས་ཚིགས་ཀྱི་ཟི་ལིང་དུ་ཡོང་བའི་མེ་འཁོར་དང་འཁོར་སྒུག་ཚོམས་ཆེན་དུ་དུག་སེལ་བྱས་ནས། རྒྱ་ཆེའི་འགྲུལ་བ་དང་ལས་སྒྲུབ་མི་སྣར་བདེ་འཇགས་འཕྲོད་བསྟེན་གྱི་ཁོར་ཡུག་ཅིག་གསར་སྐྲུན་བྱས།།

རྩོམ་སྒྲིག་པ། འབྲུག་མོ།