1.གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་གཞི་རྩའི་སྨན་བཅོས་ཉེན་ཚབ་ནང་ཞུགས་པའི་ཁྱབ་ཁོངས་གང་ཡིན།
ལན། ཁྱིམ་ཐོ་རང་ཞིང་དུ་ཡོད་ལ་མཁར་གྲོང་ལས་བཟོ་པའི་སྨན་བཅོས་ཉེན་ཚབ་ནང་ཞུགས་མེད་པའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་དམངས་དང་། ཞིང་ཆེན་ནང་ཁུལ་གྱི་སློབ་གྲྭ་ཆུང་འབྲིང་དང་། འབྲིང་རིམ་ལས་རིགས་སློབ་གྲྭ། དམིགས་བསལ་སློབ་གསོའི་སློབ་གྲྭ་སོགས་སུ་ཡོད་པའི་སློབ་མ་དང་བུ་བཅོལ་ཁང་དང་བྱིས་སྙོར་ཁང་དུ་ཡོད་པའི་བྱིས་པ། ཞིང་ཆེན་ནང་ཁུལ་གྱི་མཐོ་རིམ་སློབ་གྲྭའི(དམངས་སྒྲུབ་མཐོ་རིམ་སློབ་གྲྭ་དང་ཚན་རིག་ཞིབ་འཇུག་གླིང་དང་སུའོ་བཅས་འདུས་པ)ཉིན་ཧྲིལ་པོའི་ལམ་ལུགས་ཀྱི་དངོས་གཞི་དང་ཆེད་སྦྱོང་སློབ་མ། ཞིབ་འཇུག་སློབ་མ། གསར་སྐྱེས་བྱིས་པ་བཅས་ཡིན། གོང་དུ་བརྗོད་པའི་མི་སྣ་དག་ཉེན་ཚབ་ལ་བསྐྱར་ཞུགས་དང་ཐོབ་ཆ་བསྐྱར་མ་ལོངས་སྤྱོད་བྱེད་མི་ཆོག
2.གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་སྨན་བཅོས་ཉེན་ཚབ་ནང་ཇི་ལྟར་ཞུགས་དགོས་པ་དང་དངུལ་ཇི་ལྟར་སྤྲོད་དགོས།
ལན། ཞིང་ཆེན་ཡོངས་ཀྱི་རོང་འབྲོག་མང་ཚོགས་རྣམས་ཁྱིམ་ཚང་ལྟར་སྨན་བཅོས་ཉེན་ཚབ་ནང་ཞུགས་པ་དང་གྲོན་དངུལ་སྤྲོད་དགོས། མཚོ་སྔོན་ཞིང་ཆེན་གྱི་ཞིང་སྡེའི་ཁྱིམ་ཚང་གི་སློབ་མ་ཕུད། གཞན་པའི་ཆེད་སྦྱོང་དང་འབྲིང་རིམ། སློབ་འབྲིང་དང་སློབ་ཆུང་། འབྲིང་རིམ་ལས་རིགས་སློབ་གྲྭ། དམིགས་བསལ་སློབ་གསོའི་སློབ་གྲྭ་སོགས་སུ་ཡོད་པའི་སློབ་མ་དང་བུ་བཅོལ་ཁང་དང་བྱིས་སྙོར་ཁང་དུ་ཡོད་པའི་སློབ་མས་སློབ་གྲྭ་ལྟར་གཅིག་གྱུར་གྱིས་ཉེན་ཚབ་ནང་ཞུགས་པའི་དངུལ་སྤྲོད་དགོས། སྡོད་དམངས་གཞན་དག་རྣམས་མི་སྒེར་གྱི་མིང་ཐོག་ནས་སོ་སོའི་སྡོད་གནས་སུ་ཉེན་ཚབ་ནང་ཞུགས་པའི་དངུལ་སྤྲོད་དགོས། གསར་སྐྱེས་བྱིས་པ་དག་སྐྱེས་ནས་ཉིན90ཡི་ནང་དུ་སྡོད་གནས་སུ་སྨན་བཅོས་ཉེན་ཚབ་ནང་ཞུགས་དགོས། 2022ལོའི་ལོ་འཁོར་གྱི་གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་གཞི་རྩའི་སྨན་བཅོས་ཉེན་ཚབ་གྱི་འགན་ཞུགས་མ་དངུལ་སྤྲོད་སྐབས་སྟེགས་བུ་མང་པོ་བརྒྱུད་ནས་སྤྲད་ཆོག་སྟེ། སྐད་འཕྲིན་དང་སྐད་འཕྲིན་སྤྱི་སྟེགས། དངུལ་གཏོང་སྤྲོད་དང་ཁ་པར་དངུལ་ཁང་གིAPPམཉེན་ཆས་སོགས་བརྒྱུད་དེ“དྲ་ཐོག་ནས་དངུལ་སྤྲད་ཆོག”ལ། ལས་གཉེར་དངུལ་ཁང་གི་སྟེགས་བུ་བརྒྱུད་དེ“དྲ་གཤམ་ནས་དངུལ་སྤྲད”ཀྱང་ཆོག
3.གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་གཞི་རྩའི་སྨན་བཅོས་ཉེན་ཚབ་གྱི་འགན་ཞུགས་དངུལ་སྤྲོད་དུས་ཚོད་དང་ཐོབ་ཆ་ལོངས་སྤྱོད་བྱེད་པའི་དུས་ཚོད་ཇི་ལྟར་གཏན་འཁེལ་བྱས་ཡོད།
ལན། ཟླ9པའི་ཚེས1ཉིན་ནས་ཟླ3པའི་ཚེས31ཉིན་གྱི་བར་ནི་གཅིག་གྱུར་གྱི་ཉེན་ཚབ་ནང་ཞུགས་ཏེ་དངུལ་སྤྲོད་པའི་ཉིན་མོ་ཡིན་པ་དང་། ཟླ9པའི་ཚེས1ཉིན་ནས་ཟླ12པའི་ཚེས31ཉིན་བར་ཉེན་ཚབ་ནང་ཞུགས་ཏེ་དངུལ་སྤྲད་ན། ལོ་རྗེས་མའི་ཟླ་དང་པོའི་ཚེས1ཉིན་ནས་བཟུང་སྨན་བཅོས་ཉེན་ཚབ་ཐོབ་ཆ་ལོངས་སུ་སྤྱད་ཆོག ཟླ་དང་པོའི་ཚེས1ཉིན་ནས་ཟླ3པའི་ཚེས31ཉིན་བར་ཉེན་ཚབ་ནང་ཞུགས་ཏེ་དངུལ་སྤྲད་ན། ཉེན་ཚབ་ནང་ཞུགས་ཏེ་མ་དངུལ་སྤྲད་པའི་ཉིན་མོ་དེ་ནས་བཟུང་སྨན་བཅོས་ཉེན་ཚབ་ཐོབ་ཆ་ལོངས་སུ་སྤྱད་ཆོག ཟླ4པའི་ཚེས1ཉིན་ནས་ཟླ6པའི་ཚེས30ཉིན་བར་ཉེན་ཚབ་ནང་ཞུགས་ཏེ་དངུལ་སྤྲད་ན། སྲིད་གཞུང་གི་ཁ་གསབ་ལོངས་སྤྱོད་བྱ་ཆོག་ལ། དངུལ་སྤྲད་པའི་ཉིན་མོ་དེ་ནས་བཟུང་བའི་ཉིན60འགོར་རྗེས་སྨན་བཅོས་ཉེན་ཚབ་གྱི་ཐོབ་ཆ་ལོངས་སུ་སྤྱད་ཆོག ཟླ7པའི་ཚེས1ཉིན་གྱི་རྗེས་སུ་ཉེན་ཚབ་ནང་ཞུགས་ཏེ་ལོ་དེའི་དངུལ་སྤྲད་ན། གྲོན་དངུལ་ཚང་མ་མི་སྒེར་གྱིས་སྤྲོད་དགོས་པར་མ་ཟད། དངུལ་སྤྲད་པའི་ཉིན་དེ་ནས་བཟུང་བའི་ཉིན60འགོར་རྗེས་སྨན་བཅོས་ཉེན་ཚབ་གྱི་ཐོབ་ཆ་ལོངས་སུ་སྤྱད་ཆོག
ལོ་དེའི་ནང་ལ་སྐྱེས་པའི་བྱིས་པ་སྨན་བཅོས་ཉེན་ཚབ་ནང་ཞུགས་ཏེ་དངུལ་སྤྲོད་ན། སྨན་བཅོས་ཉེན་ཚབ་ནང་ཞུགས་པའི་འགྲོ་ལུགས་སྒྲུབ་པའི་དུས་ཚོད་ནི་བྱིས་པ་སྐྱེས་རྗེས་ཀྱི་ཉིན90ནང་ཡིན་དགོས། ལས་བཟོ་པའི་སྨན་བཅོས་ཉེན་ཚབ་སྤྲོད་མཚམས་བཞག་ནས་ཟླ3གྱི་ནང་ལ་སྡོད་དམངས་ཀྱི་སྨན་བཅོས་ཉེན་ཚབ་ནང་ཞུགས་མཁན་དང་། གསར་སྐྱེས་བྱིས་པ་དང་སྨན་བཅོས་རོགས་སྐྱོབ་བྱ་ཡུལ། དབུལ་ཐར་མི་གྲངས་སོགས་དམིགས་བསལ་མི་ཚོགས་དག་སྡོད་དམངས་ཀྱི་སྨན་བཅོས་ཉེན་ཚབ་ནང་ཞུགས་ན། དམིགས་བསལ་མང་ཚོགས་ཉེན་ཚབ་ནང་ཞུགས་ཏེ་དངུལ་སྤྲོད་པའི་ལྗང་མདོག་བགྲོད་ལམ་ཤར་གཏོང་བྱས་ཡོད་པས། སྡོད་དམངས་སྨན་བཅོས་ཉེན་ཚབ་ནང་ཞུགས་པའི་དངུལ་སྤྲོད་དུས་བཅད་སྲིད་ཇུས་ཀྱི་ཚད་བཀག་མི་ཐེབས་པ་ཡིན། །
རྩོམ་སྒྲིག་པ། འབྲུག་མོ།