གཅིག ཉེན་ཁ་ཆེ་བའི་ས་ཁུལ་དུ་ཡོད་པའི་མི་སྣས་གཞིས་ཁུལ་ལམ་སྡེ་བའི་གཅིག་གྱུར་བཀོད་སྒྲིག་དང་ལེན་བྱས་ནས“ཁྱིམ་ནས་སྒོ་ཕྱིར་མི་འབུད་པ་དང་ཁྱིམ་ཚང་ནང་ལ་ཞབས་ཞུ་བསྒྲུབ་པར་ཡོང་བར”བརྩི་སྲུང་བྱ་དགོས་པར་མ་ཟད། ཉིང་སྐྱུར་བརྟག་དཔྱད་དང་བདེ་ཐང་ལྟ་ཞིབ་སོགས་རིམས་ནད་འགོག་སྡོམ་བྱེད་ཐབས་སྣ་ཚོགས་ལེགས་པར་བསྒྲུབ་པར་རམ་འདེགས་བྱ་དགོས།
གཉིས། ཉེན་ཁ་ཆེ་བའི་ས་ཁུལ་དུ་ཡོད་པའི་མི་སྣས་ཉིན་རེའི་བདེ་ཐང་ལྟ་ཞིབ་ལེགས་པོ་བྱ་དགོས་ཏེ། རང་ལ་ཚ་རྒྱག་པ་དང་། སྐམ་ལུ་བྱེད་པ། ལུས་ཐང་ཆད་པ། ལུད་པ་མང་བ། མིད་པ་ན་བ། ལྕེ་དང་སྣ་ཡི་ཚོར་བ་ཉམས་པ། སྣ་འགག་པ། ཤ་གྲིམ་ན་བ་ལ་སོགས་པའི་པྲོག་གསར་གློ་ཚད་ཀྱི་འབྲེལ་ཡོད་ནད་རྟགས་ཡོད་མེད་ལ་ལྟ་རྟོག་ནན་མོ་བྱས་ནས། གལ་ཏེ་རྒྱུན་ལྡན་མིན་པའི་གནས་ཚུལ་ཡོད་ན་མྱུར་དུ་ཡར་ཞུ་བྱ་དགོས་པ་ལས་གནས་ཚུལ་གསང་བ་དང་རྫུན་ཞུ་བྱེད་པ་ལ་སོགས་གཏན་ནས་བྱེད་མི་རུང་།
གསུམ། དངོས་པོ་ལེན་པ་དང་ཉིང་སྐྱུར་མ་དཔེ་ལེན་པ། གད་སྙིགས་འཕེན་པ་སོགས་ཀྱི་སྐབས་སུ་སྒོ་འབྱེད་པའི་ཚེ་ན། ཁ་ཐུམKN95/N95དང་ཡང་ན་རིམ་པ་དེའི་ཡན་གྱི་ཁ་ཐུམ་ལེགས་པར་རྒྱག་དགོས་པར་མ་ཟད། སྒོ་ཕྱེ་བའི་སྔ་རྗེས་སུ་ལག་པར་འཕྲོད་བསྟེན་ཡག་པོ་བྱ་དགོས། སྨན་པར་སྟོན་པ་ལ་སོགས་པའི་རྒྱུ་རྐྱེན་དམིགས་བསལ་བའི་དབང་གིས་སྒོ་ཕྱི་ལ་འགྲོ་དགོས་པ་བྱུང་ན། བརྒྱུད་རིམ་ཧྲིལ་བོར་ཁ་ཐུམKN95/N95དང་ཡང་ན་རིམ་པ་དེའི་ཡན་གྱི་ཁ་ཐུམ་རྒྱག་དགོས།
བཞི། ཉེན་ཁ་ཆེ་བའི་ས་ཁུལ་དུ་ཡོད་པའི་མི་སྣས་འཕྲོད་བསྟེན་དང་བདེ་ཐང་གི་གོམས་སྲོལ་ལེགས་པོ་རྒྱུན་འཁྱོངས་བྱ་དགོས་ཏེ། ལག་པས་ཐད་ཀར་ཁ་དང་མིག་དང་སྣ་སོགས་ལ་མི་རེག་པ་དང་། སྣ་སྦྲིད་རྒྱག་པ་དང་གློ་ལུ་རྒྱག་པའི་སྐབས་སུ་གཙང་ཤོག་དང་ཡང་ན་གྲུ་མོས་ཁ་སྣ་འགེབས་དགོས་ལ། ཁ་སྣའི་ཟགས་ཐོན་དངོས་པོ་གཙང་ཤོག་གི་ཁུད་ལ་བཏུམས་ནས་གད་སྙིགས་སྒམ་ནང་དུ་འཕེན་དགོས།
ལྔ། ཁང་བའི་ནང་ལ་ཉིན་རེར་སྔ་དྲོ་དང་ཕྱི་དྲོ་ཐེངས་གཉིས་ལ་རླུང་རྒྱུ་རུ་འཇུག་དགོས་ཤིང་། ཐེངས་རེ་ལ་སྐར་མ་སུམ་ཅུའི་ཡན་ལ་རླུང་རྒྱུ་རུ་འཇུག་དགོས།
དྲུག ཁང་བའི་ནང་ལ་ཉིན་རེར་རློན་འབྱིད་བྱེད་པའི་ཐབས་ཀྱིས་གད་བདར་ཐེངས་རེ་བྱ་དགོས་ལ། དགོས་ངེས་ཀྱི་སྐབས་སུ་དུག་སེལ་ཡང་ཡང་བྱ་དགོས།
བདུན། ཆབ་གཞོང་དང་བཙོག་ཆུའི་སྦུག་ལམ་དུ་དུས་ལྟར་ཆུ་བླུགས་ནས་སྦུག་ལམ་གཅོད་དགོས་པས་ཉིན་རེར་ཆུ་ཐེངས་གཉིས་ཡན་ཆད་ལྡུག་དགོས་པར་མ་ཟད། ཐེངས་རེ་ལ་ཆུ་ཧོ་ཧྲིན350ལས་མི་ཉུང་བ་ལྡུག་དགོས། གལ་ཏེ་ཆུ་བླུགས་ནས་སྦུག་ལམ་གཅོད་པའི་ཆ་རྐྱེན་མི་ལྡན་ཚེ། སྦུག་ལམ་གཅོད་བྱེད་ཁ་ལེབ་ཀྱིས་ཁ་གཅོད་པའམ་ཡང་ན་འགྱིག་ལྗིབ་དང་འགྱིག་ཤོག་གིས་སྦྱར་ནས་ཁ་གཅོད་དགོས།
བརྒྱད། ཆབ་ཟོམ་ཆུས་བཤལ་དུས་སྔོན་ལ་ཁ་ལེབ་རྒྱག་དགོས་ཤིང་། དེ་ནས་ཆུས་བཤལ་དགོས།
དགུ། གད་སྙིགས་འཕེན་དུས་གད་སྙིགས་ཁུག་མའི་ཁ་དམ་པོར་བསྡམ་དགོས་ཤིང་། ཁུག་མའི་ཕྱི་ངོས་ལ་དུག་སེལ་སྨན་ཆུ་གཏོར་ནས་དུག་སེལ་བྱས་རྗེས་སྒོ་འགྲམ་ལ་འཇོག་དགོས།
བཅུ། སྣུམ་དུད་འཐེན་འཁོར་དང་རླུང་བརྗེ་འཁོར་ལོ་བཀོལ་སྤྱོད་བྱེད་པའི་སྐབས་སུ་སྒེའུ་ཁུང་ཕྱེ་ནས་རླུང་རྒྱུ་རུ་འཇུག་རྒྱུ་གལ་ཆེ།།
རྩོམ་སྒྲིག་པ། འབྲུག་མོ།