རིམས་འགོག་སྐབས་ཁྱིམ་དུ་སྡོད་དུས་མེ་སྐྱོན་འབྱུང་བར་གཟབ་དགོས།
2022.12.01 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 34

སྤྱི་ཚོགས་ཡོངས་ཀྱི་གོང་འོག་བར་གསུམ་ཐམས་ཅད་ཀྱིས་མཐུན་སྒྲིལ་རྡོག་རྩ་གཅིག་ཏུ་fསྒྲིལ་ནས་རིམས་ནད་སྔོན་འགོག་ཚོད་འཛིན་ལ་ཧུར་ཐག་འབད་ཐག་བྱེད་བཞིན་པའི་སྐབས་འདིར། རྒྱ་ཆེའི་མང་ཚོགས་རྣམས་ཀྱང་ཁྱིམ་དུ་བསྡད་ནས་རིམས་ནད་སྔོན་འགོག་ཚོད་འཛིན་ལ་རམ་འདེགས་བྱེད་ཅི་ཐུབ་བྱེད་ཀྱིན་ཡོད།

དེས་ན། རིམས་འགོག་སྐབས་ཁྱིམ་དུ་སྡོད་དུས། ཁྱིམ་ཚང་གི་མེ་དགྲའི་ཕྱོགས་ལ་གཟབ་གཟབ་བྱ་རྒྱུ་དེ་ཧ་ཅང་གལ་ཆེ་བས། གཤམ་དུ་ཁྱིམ་ཚང་གི་མེ་སྐྱོན་སྔོན་འགོག་ཐད་ཀྱི་རྒྱུན་ཤེས་འགའ་ངོ་སྤྲོད་ཅིག་བྱེད།

གཅིག  མེ་གསོད་རླངས་འཁོར་ཤར་གཏོང་ཐུབ་པར་ཁག་ཐེག་བྱེད་དགོས།

རིམས་འགོག་སྐབས་སུ་སྡོད་ཁུལ་གྱི་སྒོ་ཆེན་དང་འཛུལ་སྒོ་གཞན་པ། དེ་མིན་སྡོད་ཁུལ་ནང་གི་མེ་གསོད་རླངས་འཁོར་བགྲོད་ལམ་དང་རླངས་འཁོར་འཇོག་གནས་སོགས་ལ་དོ་དམ་བྱེད་མཁན་གྱི་མི་སྣ་བསྐོས་ནས། སྡོད་ཁུལ་ནང་གི་རླངས་འཁོར་གྱི་འགྲོ་འོང་དང་རླངས་འཁོར་འཇོག་པ་སོགས་ལ་ཚན་རིག་དང་མཐུན་པའི་སྒོ་ནས་ཚོད་འཛིན་དོ་དམ་བྱས་ཏེ། མེ་འགོག་བགྲོད་ལམ་སྒེར་སྤྱོད་དང་ཁེགས་པ་སོགས་ཀྱི་གནད་དོན་མི་འབྱུང་བར་བྱས་ནས། མེ་གསོད་རླངས་འཁོར་ཤར་གཏོང་ཐུབ་པ་ཁག་ཐེག་བྱེད་དགོས།

༢. བདེ་འཇགས་སྒོས་ཆང་བཅུད་བཀོལ་སྤྱོད་བྱེད་དགོས།

གར་ཚད75%ཅན་གྱི་ཆང་བཅུད་ནི་འབར་གས་འབྱུང་སླ་བས་ཁྱིམ་ཚང་གི་དུག་སེལ་ལ་ཆང་བཅུད་བཀོལ་སྤྱོད་བྱེད་སྐབས། ཐབ་ཚང་སོགས་མེ་ཡོད་སའི་གནས་ནས་ཆང་བཅུད་བཀོལ་སྤྱོད་བྱེད་མི་རུང་བ་དང་། ཆང་བཅུད་བདག་ཉར་བྱེད་དུས་མེ་ཡོད་ས་དང་དྲོད་ཚད་ཆེ་བའི་གནས་སུ་འཇོག་མི་རུང་བར་རླུང་རྒྱུ་ས་དང་འཁྱག་སར་འཇོག་དགོས།

༣. ཁྱིམ་ཚང་གི་ཅ་དངོས་བདག་ཉར་དོ་དམ་བྱེད་དགོས།

ཁྱིམ་ཚང་གི་བར་ཁྱམས་དང་ཉི་ཁྱམས་སོགས་སུ་བཞག་ཡོད་པའི་འབར་སླ་བའི་དངོས་པོ་དང་དངོས་པོ་གཞན་པ་ཚང་མ་ཡར་འཇོག་མར་འཇོག་བྱས་ནས་བདག་བྱེད་པ་དང་། ཁང་ཀླད་དང་ཁང་བའི་གཡས་གཡོན། མདུན་རྒྱབ་སོགས་སུ་བཞག་ཡོད་པའི་དངོས་པོ་ཐམས་ཅད་ཀྱང་བདག་ཉར་དོ་དམ་བྱས་ནས། བར་ཁྱམས་དང་བདེ་འཇགས་འབུད་སྒོ། མེ་གསོད་རླངས་འཁོར་གྱི་བགྲོད་ལམ་སོགས་ཁེགས་པར་བྱེད་པ། ལམ་གཅོད་པ། སྒེར་སྤྱོད་བྱེད་པ་སོགས་གཏན་ནས་བྱེད་མི་རུང་། རྒྱུན་དུ་ཁྱིམ་ཚང་གི་སྒེའུ་ཁུང་ཕྱེས་ནས་རླུང་རྒྱུ་རུ་འཇུག་པ་དང་། ལག་པ་བཀྲུས་ནས་མི་སྒེར་གྱི་གཙང་སྦྲ་རྒྱུན་འཁྱོངས་བྱེད་དགོས།

༤. གློག་གི་བདེ་འཇགས་ལ་མཉམ་འཇོག་དགོས།

གློག་སྐུད་ཡར་འཐེན་མར་འཐེན་མང་པོ་མི་བྱེད་པ་དང་། གཏན་ཁེལ་དང་འགལ་བའི་སྒོ་ནས་ཚད་མཐོ་བའི་གློག་ཆས་བཀོལ་སྤྱོད་མི་བྱེད་པ། དུས་བཅད་ལྟར་གློག་ཆས་དང་སྐུད་ལམ་སོ་སོར་ཞིབ་བཤེར་བྱས་ནས། གློག་སྐུད་རྙིང་རལ་ཏུ་གྱུར་བ་དང་ཆད་པ། གློག་ཤོར་བཞིན་པ་ལ་སོགས་པའི་མི་མངོན་པའི་ཉེན་ཁ་ཡོད་ན། དུས་ལྟར་ལེགས་བཅོས་བྱས་ནས་ཉེན་ཁ་བསལ་དགོས།

༥.རང་བྱུང་སོལ་རླངས་ཀྱི་བདེ་འཇགས་ལ་མཉམ་འཇོག་དགོས།

རང་འདོད་ལྟར་རང་བྱུང་སོལ་རླངས་ཀྱི་སྦུག་ལམ་བསྒྱུར་བཅོས་བྱེད་མི་རུང་བ་དང་། དབུགས་ཤོར་བཞིན་པའི་གནས་ཚུལ་ཤེས་རྟོགས་བྱུང་ན། དེ་མ་ཉིད་དུ་རང་བྱུང་སོལ་རླངས་ཀྱི་སྒོ་རྒྱག་དགོས་པར་མ་ཟད། སྒེའུ་ཁུང་ཕྱེ་ནས་ཁང་པའི་ནང་རླུང་རྒྱུ་རུ་འཇུག་དགོས་ལ། མེ་སྦར་བ་དང་གློག་ཆས་ཀྱི་གློག་སྒོ་གནོན་པ། ཁ་པར་གཏོང་བ་སོགས་བྱེད་མི་རུང་།

༦. གློག་སྒུལ་འཁོར་ལོ་ཁང་བའི་ནང་འཁྱེར་མི་རུང་།

གློག་སྒུལ་འཁོར་ལོ་གང་འདོད་ལྟར་བཞག་མི་ཆོག་པ་དང་། ལྷག་པར་དུ་ཐོག་ཁང་ནང་གི་སྤྱི་པའི་བར་ཁྱམས་དང་། བདེ་འཇགས་འབུད་སྒོ་སོགས་སྤྱི་པའི་གནས་ཡུལ་དང་ཁྱིམ་ཚང་ནང་དུ་གློག་སྒུལ་འཁོར་ལོ་བཞག་ནས་གློག་གསོག་པ་སོགས་བྱེད་མི་རུང་།

༧. རྒན་པ་དང་ནད་པ་སོགས་ལ་ལྟ་སྐྱོང་བྱེད་དགོས།

རྒན་རྒོན་ཁེར་འདུག་ཅན་དང་ནད་པ། དབང་བོ་སྐྱོན་ཅན་སོགས་ཀྱི་ཁྱིམ་ཚང་ལ་ལྟ་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས། ཁོ་ཚོའི་ཁྱིམ་ནང་གི་གློག་དང་འབར་རླངས། དེ་མིན་མེ་སྦར་བྱེད་གཞན་དག་ལ་ཞིབ་བཤེར་ནན་མོ་བྱས་ཏེ་མི་མངོན་པའི་ཉེན་ཁ་དུས་ལྟར་སེལ་ཐབས་བྱེད་པ་དང་། མེ་སྐྱོན་སྔོན་འགོག་ཐད་ཀྱི་ཤེས་བྱ་དྲིལ་སྒྲོག་དང་བདེ་འཇགས་སློབ་གསོས་དྲན་སྐུལ་དང་གསལ་འདེབས་བྱ་དགོས།

༨. མེ་གསོད་སྒྲིག་ཆས་ལ་གཅེས་སྤྲས་བྱེད་པ།

ཐོག་ཁང་ནང་གི་མེ་གསོད་སྒྲིག་ཆས་གནས་གཞན་དུ་འཁྱེར་བའམ་རང་གནས་ནས་ལེན་པ། དེ་མིན་མེ་གསོད་ཆུ་སྦུག་གི་གནས་འགོག་པ་དང་བདག་གིར་སྤྱོད་པ། མེ་གསོད་རླངས་འཁོར་གྱི་བགྲོད་ལམ་འགོག་པ་སོགས་མེ་འགོག་མེ་གསོད་ཀྱི་བཅའ་ཁྲིམས་སྒྲིག་སྲོལ་དང་འགལ་བའི་བྱ་སྤྱོད་སྤེལ་བཞིན་པ་མཐོང་ན་དེ་མ་ཉིད་དུ་བཀག་འགོག་དང་སློབ་གསོ་གཏོང་དགོས།།

རྩོམ་སྒྲིག་པ། འབྲུག་མོ།