རྨ་ལྷོ་ཁུལ་གྱི་གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་སྨན་བཅོས་འགན་སྲུང་སྲིད་ཇུས་སྐོར་གྱི་དྲི་བ་དྲིས་ལན།
2023.03.27 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 4

《2021ལོའི་རྒྱལ་ཁབ་ཀྱིས་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་པ་དེ་གྲོང་གསེབ་དར་སྤེལ་དང་འབྲེལ་མཐུད་ནུས་ལྡན་ཡོང་བར་དཔྱད་ཞིབ་དཔྱད་དཔོག་བྱེད་པའི་ཕྱིར་སློག་གནད་དོན་དག་ཐེར་ལེགས་བཅོས་བྱ་བའི་ཇུས་གཞི》དཔར་འགྲེམས་བྱས་པའི་སྐོར་གྱི་བརྡ་ཐོ།(མཚོ་སྔོན་སྨན་བཅོས་འགན་སྲུང་ཅུའུ་ཡིས་བཏང་བའི2022ལོའི་ཡིག་ཆ་ཨང60པ།)

1. ནད་ཀྱི་དབང་གིས་དབུལ་པོར་གྱུར་པ་དང་ཡང་བསྐྱར་དབུལ་པོར་གྱུར་པར་ཉེན་ཟོན་ལྟ་ཞིབ་ཚད་ལེན་བྱེད་པའི་ནང་རྐྱེན་འཐུས་ཚང་དུ་བཏང་ནས། དབུལ་ཐར་མི་གྲངས་ཁྲོད་མི་སྒེར་གྱིས་ལོ་འཁོར་མོར་རིམ་རྩིས་སྒོས་འཁུར་བའི་སྨན་བཅོས་འགྲོ་གྲོན་དེ་ཞིང་ཆེན་ཡོངས་ཀྱི་ལོ་གོང་མའི་གྲོང་གསེབ་རྒྱུན་སྡོད་སྡོད་མིའི་མི་རེའི་ཆ་སྙོམས་བཀོལ་ཆོག་ཡོང་འབབ་ཀྱི50%ལས་བརྒལ་བའི་རིགས་ཉེན་ཟོན་ལྟ་ཞིབ་ཚད་ལེན་གྱི་ཁྱབ་ཁོངས་ནང་བཅུག་སྟེ། དུས་བཅད་ལྟར་དམངས་སྲིད་དང་གྲོང་གསེབ་དར་སྤེལ་ལས་ཁུངས་ལ་ལྟ་ཞིབ་ཚད་ལེན་གྱི་གཞི་གྲངས་སྤྲད་དེ། ལས་ཁུངས་གཉིས་ཀྱིས་ཞིབ་བཤེར་བྱས་རྗེས་ཆ་རྐྱེན་དང་མཐུན་པའི་མི་རྣམས་སྨན་བཅོས་རོགས་སྐྱོབ་འགན་སྲུང་ནང་འཇུག་རྒྱུ།

2.སྨན་བཅོས་འགྲོ་གྲོན་ཆེན་པོ་བྱུང་བའི་དབང་གིས་འགྲོ་སྒོ་ཅན་གྱི་ཁྱིམ་ཚང་དབུལ་པོར་གཏན་འཁེལ་བྱས་རྗེས། གཏན་འཁེལ་མ་བྱས་གོང་གི་ཉིན180ནང་བཏང་བའི་སྨན་བཅོས་འགྲོ་གྲོན་རྣམས་གཏན་འབེབས་ལྟར་ཁུངས་འདེད་རྩིས་ཞུ་བྱེད་རྒྱུ།

3. བར་བརྒལ་དུས་སྐབས་སུ། དམིགས་བསལ་དཀའ་ཁག་ཡོད་པའི་མི་སྣ(དྭ་ཕྲུག་ཚུད་པ)དང་། གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་སྲུང་བྱ་ཡུལ་དང་གྲོང་གསེབ་དར་སྤེལ་ལས་ཁུངས་ཀྱིས་ལྟ་ཞིབ་ཚད་ལེན་བྱེད་ཁོངས་སུ་བཅུག་པའི་གྲོང་གསེབ་ཀྱི་དབུལ་པོར་བསྐྱར་ལོག་དང་དབུལ་པོར་འགྱུར་སླ་བའི་མི་གྲངས་ལ་དེའི་ཐོབ་ཐང་མུ་མཐུད་གནས་པའི་རིང་ལ་སྨན་ཁང་དུ་སྡོད་བཅོས་བྱས་པའི་སྨན་བཅོས་འགྲོ་གྲོན90%གཞིར་བཟུང་ནས་རྩིས་ཞུ་བྱེད་པ་དང་། དབུལ་ཐར་བརྟན་པོ་བྱུང་བའི་མི་གྲངས་ལ80%ལྟར་རྩིས་ཞུ་བྱེད་རྒྱུ།

4.གྲོང་གསེབ་དར་སྤེལ་སོགས་ལས་ཁུངས་དང་འབྲེལ་མཐུད་བྱེད་ཤུགས་ཆེ་རུ་བཏང་སྟེ་དབུལ་ཐར་མི་གྲངས་བརྟན་པོ་དང་མི་གྲངས་ལྟ་ཞིབ་ཚད་ལེན་གྱི་གཞི་གྲངས་དུས་ལྟར་བརྒྱུད་གཏོང་དང་མཉམ་སྤྱོད་ཡག་པོ་བྱེད་དགོས་པར་མ་ཟད། མི་སྣའི་ཆ་འཕྲིན་གྱི་བདེན་པའི་རང་བཞིན་དང་ཡང་དག་རང་བཞིན། འཐུས་ཚང་རང་བཞིན་བཅས་ལ་ཁག་ཐེག་བྱེད་དགོས།

ཞིང་ཆེན་བརྒལ་ནས་ཡུལ་གཞན་དུ་སྨན་བཅོས་བྱེད་པར་ཐད་ཀར་སྡོམ་རྩིས་རྒྱག་པའི་སྐོར།

(གཅིག)ཐོ་འགོད་སྙན་སེང་།

1.ཐོ་འགོད་སྙན་སེང་མི་སྣའི་ཁྱབ་ཁོངས།

ཞིང་ཆེན་བརྒལ་ནས་ཡུལ་གཞན་དུ་ཡུན་རིང་སྡོད་པའམ་ཡང་ན་ཞིང་ཆེན་བརྒལ་ནས་གནས་སྐབས་ཕྱི་ལ་སྨན་བཅོས་བྱེད་དུ་སོང་བའི་འགན་སྲུང་ནང་ཞུགས་མཁན་གྱིས་ཡུལ་གཞན་དུ་སྨན་བཅོས་ཐོ་འགོད་སྙན་སེང་ཞུས་རྗེས་ཞིང་ཆེན་བརྒལ་ནས་ཡུལ་གཞན་དུ་སྨན་བཅོས་བྱས་པའི་སྨན་རིན་ཐད་ཀར་སྡོམ་རྩིས་རྒྱག་པའི་ཞབས་ཞུ་ལོངས་སུ་སྤྱད་ཆོག

ཞིང་ཆེན་བརྒལ་ནས་ཡུལ་གཞན་དུ་ཡུན་རིང་སྡོད་པའི་མི་སྣ་ལ་ཡུལ་གཞན་དུ་བཀོད་སྒྲིག་བྱས་པའི་ལས་འཁྱུར་ངལ་གསོའི་མི་སྣ་དང་། ས་ཆ་གཞན་དུ་ཡུན་རིང་གནས་སྡོད་བྱེད་མཁན། ས་ཆ་གཞན་དུ་རྒྱུན་སྡོད་བྱས་ཏེ་ལས་དོན་སྒྲུབ་པའི་མི་སྣ་སོགས་དུས་ཡུན་རིང་པོར་འགན་སྲུང་ནང་ཞུགས་པའི་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་བཅས(གཤམ་དུ་ཞིང་ཆེན་ཞེས་འབོད་རྒྱུ)ཕུད་པའི་ས་ཆར་བྱ་བ་སྒྲུབ་པ་དང་སྡོད་གནས་བྱེད་པ། འཚོ་བ་རོལ་བ་བཅས་ཀྱི་མི་སྣ་འདུས།

ཞིང་ཆེན་བརྒལ་ནས་གནས་སྐབས་ཕྱིར་སྨན་པར་སྟོན་དུ་འགྲོ་མཁན་གྱི་མི་སྣ་ལ་སྨན་ཁང་སྤོ་སྒྱུར་བྱས་ཏེ་ས་ཆ་གཞན་དུ་སྨན་བཅོས་བྱེད་མཁན་དང་། ལས་ཀ་དང་ཡུལ་སྐོར་སོགས་ཀྱི་དབང་གིས་ས་ཆ་གཞན་དུ་མྱུར་བརྟག་མྱུར་སྐྱོབ་བྱེད་མཁན། དེ་བཞིན་ཞིང་ཆེན་བརྒལ་ནས་གནས་སྐབས་སྨན་བཅོས་བྱེད་དུ་འགྲོ་མཁན་གཞན་དག་བཅས་འདུས་ཡོད།

2.ཐོ་འགོད་སྙན་སེང་གི་བརྒྱུད་རིམ།

འགན་སྲུང་ནང་ཞུགས་མཁན་གྱིས་ཞིང་ཆེན་བརྒལ་ནས་ས་ཆ་གཞན་ལ་སྨན་པར་སྟོན་དུ་མ་སོང་གོང་དུ། རྒྱལ་ཁབ་ཀྱི་སྨན་བཅོས་འགན་སྲུང་ཞབས་ཞུའི་སྟེགས་བུའིAPPདང་། རྒྱལ་ཁབ་ཀྱི་ཡུལ་གཞན་སྨན་བཅོས་བྱེད་པར་ཐོ་འགོད་སྙན་སེང་ཞུ་བའི་བྱ་རིམ་ཆུང་བ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མགྲོན་སྣེའི་བྱ་རིམ་ཆུང་བའམ་ཡང་ན་འགན་སྲུང་ནང་ཞུགས་སའི་སྒྲུབ་གཉེར་སྒྲིག་གཞིའི་སྐར་ཁུང་སོགས་དྲ་ལམ་དང་དྲ་ལམ་མ་ཡིན་པའི་ཐབས་ལམ་བརྒྱུད་དེ་ས་ཆ་གཞན་ལ་སྨན་བཅོས་བྱེད་དུ་འགྲོ་བའི་ཐོ་འགོད་སྙན་སེང་ཞུ་བའི་འགྲོ་ལུགས་སྒྲུབ་ཆོག

འགན་སྲུང་ནང་ཞུགས་མཁན་གྱིས་ཡུལ་གཞན་དུ་སྨན་བཅོས་བྱེད་པར་ཐོ་འགོད་བྱ་རྒྱུའི་རེ་འདུན་ཞུ་སྐབས། ཐད་ཀར་སྨན་བཅོས་བྱ་ཡུལ་གྱི་ས་ཁུལ་དང་གྲོང་ཁྱེར་ནས་ཐོ་འགོད་སྙན་སེང་ཞུས་ཆོག་པར་མ་ཟད། ཐོ་འགོད་སྙན་སེང་ཞུ་ཡུལ་དུ་ཤར་གཏོང་བྱས་ཡོད་པའི་ཞིང་ཆེན་ལས་བརྒལ་བའི་དྲ་སྦྲེལ་གྱི་དམིགས་བཙུགས་སྨན་བཅོས་སྒྲིག་གཞི་གང་རུང་ནས་སྨན་ཁང་དུ་སྡོད་བཅོས་བྱས་པའི་འགྲོ་གྲོན་ཞིང་ཆེན་བརྒལ་ནས་ཐད་ཀར་སྡོམ་རྩིས་རྒྱག་པའི་ཞབས་ཞུ་ལོངས་སྤྱོད་བྱེད་ཆོག་པ་དང་། སྒོ་བསྟེན་ཁང་དུ་སྨན་བཅོས་བྱེད་སྐབས་འགན་སྲུང་ནང་ཞུགས་ཡུལ་གྱི་ས་ཆ་གཞན་དུ་སྨན་བཅོས་བྱེད་པའི་དོ་དམ་གཏན་འབེབས་ལྟར་ཞིང་ཆེན་ལས་བརྒལ་བའི་དྲ་སྦྲེལ་གྱི་དམིགས་བཙུགས་སྨན་བཅོས་སྒྲིག་གཞི་ནས་སྨན་བཅོས་བྱེད་པའི་སྨན་ཉོས་ཆོག

ས་ཆ་གཞན་དུ་མྱུར་བརྟག་མྱུར་སྐྱོབ་བྱེད་མཁན་རྣམས་ཐོ་འགོད་སྙན་སེང་ཞུས་པ་དང་གཅིག་མཚུངས་ཡིན།

3.ཐོ་འགོད་སྙན་སེང་གི་ནུས་ལྡན་དུས་ཡུན།

ཞིང་ཆེན་བརྒལ་ནས་ཡུལ་གཞན་དུ་རྒྱུན་སྡོད་བྱེད་མཁན་གྱིས་ཐོ་འགོད་སྙན་སེང་ཞུས་རྗེས། ཐོ་འགོད་སྙན་སེང་གིས་ཡུན་རིང་ལ་གོ་ཆོད་པ་ཡིན།

ཞིང་ཆེན་བརྒལ་ནས་གནས་སྐབས་སུ་ཕྱི་རོལ་དུ་སོང་ནས་སྨན་པར་སྟོན་མཁན་གྱི་ཐོ་འགོད་སྙན་སེང་གི་གོ་ཆོད་དུས་ཡུན་དེ་རྩ་དོན་ཐོག་ཟླ་དྲུག་ལས་ཉུང་མི་རུང་བ་དང་། གོ་ཆོད་དུས་ཡུན་ནང་སྨན་པར་སྟོན་ཡུལ་དུ་སྨན་བཅོས་ཐེངས་མང་བྱེད་ཆོག་པར་མ་ཟད། ཞིང་ཆེན་བརྒལ་ནས་ཡུལ་གཞན་དུ་སྨན་བཅོས་བྱེད་དུ་འགྲོ་མཁན་ལ་ཐད་ཀར་སྡོམ་རྩིས་རྒྱག་པའི་ཞབས་ཞུ་ལོངས་སུ་སྤྱད་ཆོག

4.ཐོ་འགོད་སྙན་སེང་གསབ་སྒྲུབ་བྱེད་པ།

འགན་སྲུང་ནང་ཞུགས་སའི་སྒྲུབ་གཉེར་ལས་ཁུངས་ཀྱིས་ཞིང་ཆེན་བརྒལ་ནས་ས་ཆ་གཞན་དུ་སྨན་བཅོས་བྱེད་པའི་སྡོམ་རྩིས་སྲིད་ཇུས་དྲིལ་སྒྲོག་དང་འགྲེལ་བཤད་ཡག་པོ་རྒྱག་དགོས་པ་དང་། སྒྲུབ་རིམ་སྟབས་བདེ་རུ་གཏོང་བ། སྒྲུབ་གཉེར་དུས་ཡུན་ཇེ་ཐུང་དུ་གཏོང་བ་བཅས་བྱས་ཏེ། ཆ་རྐྱེན་དང་མཐུན་པའི་འགན་སྲུང་ནང་ཞུགས་མཁན་གྱིས་ས་ཆ་གཞན་དུ་སྨན་བཅོས་ཐོ་འགོད་འགྲོ་ལུགས་སྒྲུབ་རྒྱུར་རྒྱབ་སྐྱོར་བྱེད་དགོས།

འགན་སྲུང་ནང་ཞུགས་མཁན་གྱིས་ཞིང་ཆེན་ཕྱི་རོལ་གྱི་སྨན་ཁང་ནས་མ་བུད་གོང་ཡུལ་གཞན་དུ་སྨན་བཅོས་བྱས་པའི་ཐོ་འགོད་སྙན་སེང་གསབ་སྒྲུབ་བྱས་པར། སྨན་བཅོས་བྱ་ཡུལ་གྱི་དྲ་སྦྲེལ་དམིགས་བཙུགས་སྨན་བཅོས་ལས་ཁུངས་ཀྱིས་འགན་སྲུང་ནང་ཞུགས་མཁན་ལ་སྨན་བཅོས་འགྲོ་གྲོན་ཞིང་ཆེན་བརྒལ་ནས་ཐད་ཀར་སྡོམ་རྩིས་རྒྱག་དགོས།

ཞིང་ཆེན་གཞན་ནས་སྨན་བཅོས་བྱས་པའི་འགན་སྲུང་ནང་ཞུགས་མཁན་གྱིས་སྨན་ཁང་ནས་འབུད་སྐབས་སྨན་རིན་རང་ཉིད་ཀྱིས་བཏང་སྟེ་སྡོམ་རྩིས་བརྒྱབ་རྗེས་ཐོ་འགོད་འགྲོ་ལུགས་གསབ་སྒྲུབ་བྱས་ཚེ། འགན་སྲུང་ནང་ཞུགས་ཡུལ་གྱི་གཏན་འབེབས་ལྟར་སྨན་བཅོས་འགན་སྲུང་གྱི་འགྲོ་སོང་ངོ་ཐོག་ནས་རྩིས་ཞུ་བྱེད་ཆོག །

རྩོམ་སྒྲིག་པ། འབྲུག་མོ།