“སྙིང་གསོ་བཟོ་འགོད·མཚོ་སྔོན་ཀྱི་བྱ་འགུལ”ལས་བྱིས་པ་ང་གཉིས་ལ་སྔ་གཞུག་ཏུ་གཤགས་བཅོས་བྱས།
2023.04.06 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 11

ཟླ་གསུམ་པའི་ཚེས་ཉེར་དགུ་ཉིན་གྱི་སྔ་དྲོའི་དུས་ཚོད་བརྒྱད་དང་སྐར་མ་སུམ་ཅུའི་སྟེང་། ནན་ཅིན་གསོ་རིག་སློབ་ཆེན་ཁོངས་གཏོགས་སྨན་ཁང་གཉིས་པའི་སྙིང་རྩའི་ནད་གཞི་ལྟེ་གནས་གཤགས་བཅོས་ཁང་དུ་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་ནས་ཐོན་པའི་ལོ་གསུམ་ལ་སོན་ཡོད་པའི་ལྷན་སྐྱེས་ཀྱི་སྙིང་ནད་ཕོག་པའི་བྱིས་པ་ཞིག་ལ་གཤགས་བཅོས་ཆུང་ངུ་དང་ལེན་བྱས་པ་དང་།    དུས་ཚོད་གཅིག་ཙམ་འགོར་རྗེས། གཤགས་བཅོས་བདེ་བླག་ངང་མཇུག་འགྲིལ་བ་དང་། བྱིས་པ་ཕྱིར་ནད་ཁང་དུ་ཐོན་ཡོད་ལ། མིག་སྔར་ལུས་ཕུང་གི་མངོན་རྟགས་ཡོངས་ཧ་ཅང་བདེ་ཐང་རེད།

“སྙིང་གསོ་བཟོ་འགོད”ནི་ནན་ཅིན་གསོ་རིག་སློབ་ཆེན་ཁོངས་གཏོགས་སྨན་ཁང་གཉིས་པའི་སྙིང་རྩའི་ལྟེ་གནས་ཀྱིས་རྩ་འཛུགས་བྱས་ནས་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པར་རིན་མེད་སྒོས་རོགས་སྐྱོབ་བྱེད་པའི་བདེ་ཐང་དབུལ་སྐྱོར་རྣམ་གྲངས་ཤིག་ཡིན་པ་མ་ཟད། ཅང་སུའུ་ཡི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ནང་དོན་གལ་ཆེན་གྲས་ཀྱི་རྣམ་གྲངས་ཞིག་ཀྱང་ཡིན།     ཐེངས་འདིའི“སྙིང་གསོ་བཟོ་འགོད·མཚོ་སྔོན་ཀྱི་བྱ་འགུལ”ནང་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་དང་།    མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ།    རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་བཅས་ས་ཁུལ་གསུམ་ནས་ཐོན་པའི་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པ་ང་གཉིས་ཅང་སུའུ་ཞིང་ཆེན་ནན་ཅིན་གྲོང་ཁྱེར་དུ་གཤགས་བཅོས་དང་ལེན་བྱེད་པར་བསྐྱོད་པ་རེད།    རྒྱུས་ལོན་པ་ལྟར་ན།  བྱིས་པའི་ནད་གཞི་ལྟར་ཟླ་གསུམ་པའི་ཚེས་ཉེར་དགུ་ཉིན་ནས་བཟུང་། ནན་ཅིན་གསོ་རིག་སློབ་ཆེན་ཁོངས་གཏོགས་སྨན་ཁང་གཉིས་པས་སྔོན་དཔག་ལྟར་ཟླ་གཅིག་གི་དུས་ཚོད་སྤྱད་དེ། རྨ་ཁ་ཆུང་གྲས་དང་ཕྱི་བཅོས་གཤགས་བཅོས་སོགས་ཀྱི་སྨན་བཅོས་བྱ་ཐབས་སྤྱད་ནས་བྱིས་པ་ལོ་ཆུང་ལ་གཤགས་བཅོས་བྱ་རྒྱུ་རེད། །

རྩོམ་སྒྲིག་པ། འབྲུག་མོ།