ཉིས་སྟོང་ཉེར་གསུམ་ལོའི་མཚོ་སྔོན་ཞིང་ཆེན་གྱི་སྨན་བཅོས་འགན་སྲུང་ཐེབས་རྩའི་ལྟ་འདོམས་ཀྱི་གཅིག་སྡུད་དྲིལ་སྒྲོགས་ཟླ་བའི་བྱེད་སྒོ་སྤེལ་འགོ་བརྩམས།
2023.04.11 ཁུངས། མི་དམངས་ཉིན་རེའི་ཚགས་པར། ཀློག་གྲངས། 10

ཟླ་བཞི་པ་ནི་རྒྱལ་ཡོངས་ཀྱི་སྨན་བཅོས་འགན་སྲུང་ཐེབས་རྩའི་ལྟ་འདོམས་ཀྱི་གཅིག་སྡུད་དྲིལ་བསྒྲགས་ཟླ་བ་ཡིན་ཞིང་། མང་ཚོགས་ཀྱིས་སྨན་བཅོས་འགན་སྲུང་སྲིད་ཇུས་ཤེས་རྟོགས་ཐུབ་ཚད་ཇེ་མཐོར་གཏོང་བ་དང་རང་རྟོགས་ངང་སྨན་བཅོས་འགན་སྲུང་ཐེབས་རྩའི་བདེ་འཇགས་ལ་སྲུང་སྐྱོང་བྱ་རྒྱུར་ཁྲིད་སྟོན་བྱ་ཆེད། ཟླ་བཞི་བའི་ཚེས་བདུན་ཉིན་མཚོ་སྔོན་ཞིང་ཆེན་སྨན་བཅོས་འགན་སྲུང་ཅུའུ་དང་། ཟི་ལིང་གྲོང་ཁྱེར་སྨན་བཅོས་འགན་སྲུང་ཅུའུ། མཁར་དཀྱིལ་ཁུལ་སྲིད་གཞུང་བཅས་ཀྱིས་གཙོ་སྒྲུབ་བྱས་པའི་ཉིས་སྟོང་ཉེར་གསུམ་ལོའི་མཚོ་སྔོན་གྱི་ཞིང་ཆེན་དང་། གྲོང་ཁྱེར། ཆུའུ་བཅས་རིམ་པ་གསུམ་གྱི་མཉམ་འགུལ་སྨན་བཅོས་འགན་སྲུང་ཐེབས་རྩའི་ལྟ་འདོམས་ཀྱི་གཅིག་སྡུད་དྲིལ་སྒྲོགས་ཟླ་བ་འགོ་ཚུགས་མཛད་སྒོ་ཟི་ལིང་གྲོང་ཁྱེར་དུ་བསྡུས་ནས་ཞིང་ཆེན་ཡོངས་ཀྱི་སྨན་བཅོས་འགན་སྲུང་ཐེབས་རྩའི་ལྟ་འདོམས་ཀྱི་གཅིག་སྡུད་དྲིལ་སྒྲོགས་ཟླ་བའི་བྱེད་སྒོ་སྤེལ་འགོ་བརྩམས་པ་རེད།  ད་ཐེངས་ཀྱི་སྨན་བཅོས་འགན་སྲུང་ཐེབས་རྩའི་ལྟ་འདོམས་ཀྱི་གཅིག་སྡུད་དྲིལ་སྒྲོགས་ཟླ་བའི་བྱེད་སྒོར“ཐེབས་རྩ་བདེ་འཇགས་ཚད་ལྡན་གྱིས་སྤྱོད་པ་དང་མི་དམངས་ཀྱི་སྨན་རིན་ཡག་པོ་སྲུང་བ”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཤིང་། འགོ་ཚུགས་མཛད་སྒོར་སྨན་བཅོས་ལས་ཁུངས་དང་སྨན་རྫས་ལས་ཁུངས་ཀྱི་འཐུས་མི་དང་སྨན་བཅོས་འགན་སྲུང་གཉེར་སྒྲུབ་ཞབས་ཞུ་ལྟེ་གནས་ཀྱི་འགན་འཁུར་བས《སྨན་བཅོས་འགན་སྲུང་གི་ཡིད་རྟོན་ཁས་ལེན་ཡི་གེར》མིང་རྟགས་བཀོད་ནས“སྨན་བཅོས་འགན་སྲུང་སྲིད་ཇུས་ཀྱི་སྒྲོག་འགྲེལ་རུ་ཁག”ལ་དར་ཆ་སྤྲད་པ་དང་འབྲེལ་བྱེད་སྒོ་སྤེལ་ཡུལ་དུ་འཕྲེད་བྱང་སྦྱར་ཡིག་འགེལ་བ་དང་། སྲིད་ཇུས་བློ་འདྲིའི་ཞབས་ཞུའི་ལས་སྟེགས་བཟོ་བ། དྲིལ་སྒྲོགས་དཔྱད་ཡིག་སྤྲོད་པ། གཅིག་གཏད་གཅིག་ལན་འདེབས་པ། འོས་འགན་སྨན་བཅོས་དང་སྨན་རྫས་བདེ་འཇགས་ངང་སྤྱོད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་མང་ཚོགས་ཚོར་སྨན་བཅོས་འགན་སྲུང་ཐེབས་རྩའི་ལྟ་འདོམས་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་དང་། སྨན་བཅོས་འགན་སྲུང་ཐད་ཀྱི་ཤེས་བྱ་སོགས་ཀྱི་ནང་དོན་འགྲེལ་བཤད་གསལ་པོ་བྱས་ནས་སྨན་བཅོས་འགན་སྲུང་གི་སྲིད་ཇུས་མི་ཚང་མས་ཤེས་པ་དང་དམངས་ཕན་སྲིད་ཇུས་ལས་རྒྱབ་སྐྱོར་ཐོབ་པར་བྱས་ཡོད།

ཞིང་ཆེན་སྨན་བཅོས་འགན་སྲུང་ཅུའུ་ཡིས་ད་ཐེངས་ཀྱི་གཅིག་སྡུད་དྲིལ་སྒྲོགས་ཟླ་བའི་བྱེད་སྒོ་གོ་སྐབས་སུ་བཟུང་ནས། རྣམ་པ་སྣ་ཚོགས་དང་། ཐབས་ལམ་མང་པོ། སྣེ་མང་པོ་བཅས་ཀྱི་སྒོ་ནས་སྨན་བཅོས་འགན་སྲུང་སྲིད་ཇུས་ཀྱི“གཤམ་སྤེལ་བརྒྱད”ཀྱི་བྱེད་སྒོ(ཁྱིམ་ཚང་དང་། ལས་ཁུངས། སྡོད་ཁུལ། གྲོང་གསེབ། ཁེ་ལས། སྨན་ཁང་། སྨན་ཚོང་ཁང་། དགོན་སྡེ་བཅས་སུ་སྐྱོད་པ) སྤེལ་བ་དང་། “སྨན་བཅོས་འགན་སྲུང་སྲིད་ཇུས་དྲིལ་སྒྲོགས་ཀྱི་རྟ་དམག”ཅེས་པའི་དཔུང་ཁག་བཙུགས་ནས་ངོ་ཐུག་གདོང་འཕྲད་ཀྱིས་སྒྲོག་འགྲེལ་བྱས་ཏེ་དྲིལ་བསྒྲགས་བྱེད་སྒོ་སྤེལ་ཤུགས་ཆེ་རུ་བཏང་ཡོད། །

རྩོམ་སྒྲིག་པ། འབྲུག་མོ།