ཧོན་ལོག་པ་འགོག་པའི་ཐབས་མཆོག་གསུམ།
2023.05.06 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 8

རྒན་པ་རྣམས་ལ་མཚོན་ན། ཀླད་པར་རྒས་འགྱུར་འབྱུང་བ་ནི་ལྡོག་ཏུ་མེད་པའི་རང་བྱུང་གི་ཆོས་ཉིད་ཅིག་ཡིན།

ཀྲུང་ལུགས་གསོ་རིག་གིས་རྒན་པ་ཧོན་ལོག་པའི་རྒྱུ་རྐྱེན་ནི་མཁལ་མའི་བཅུད་ཉམས་པ་དང་དོན་སྣོད་ཀྱི་བྱེད་ལས་སྙོམས་སྒྲིག་མི་ཡོང་བ། ཀླད་པའི་བྱེད་ནུས་ཉམས་པ་སོགས་དང་འབྲེལ་ཡོད་པས། དུས་རྒྱུན་དུ་བདེ་སྲུང་གསང་མིག་གསུམ་མནན་ན། ཀླད་པ་རྒས་འགྱུར་འབྱུང་ཚད་ཇེ་དལ་དུ་བཏང་སྟེ། ཧོན་ལོག་པ་སྔོན་འགོག་བྱེད་ཐུབ་པར་འདོད་ཀྱིན་ཡོད།

སྤྱི་གཙུག་གནོན་པ། སྤྱི་གཙུག་གི་གསང་མིག་ནི་མགོའི་མདུན་གྱི་དཀྱིལ་ཐིག་དང་རྣ་རྩེ་གཉིས་ཀྱི་འབྲེལ་ཐིག་སྣོལ་མཚམས་དེ་ཡིན། ཉིན་རེར་སྐར་མ་བཅུའི་རིང་སྤྱི་གཙུག་གསང་མིག་མནན་ན། བློ་རིག་དང་དྲན་པ་ཇེ་གསལ་དུ་སོང་སྟེ། ཀླད་པའི་ཚོར་སྐྱེན་ཇེ་བཟང་དུ་འགྲོ་བ་རེད།

སྐྱོར་ཀོང་གསང་མིག་གནོན་པ། སྐྱོར་ཀོང་གསང་མིག་ནི་ལག་པའི་རྒྱབ་ཏུ་ཡོད། མཐེབ་མོ་དང་གོང་མཛུབ་གཉིས་ཐོ་གཏུག་སྐབས། འབུར་དུ་ཐོན་པའི་ཤ་གནད་དེའི་ཆེས་མཐོ་ས་དེ་ཡིན། ལག་པ་གཅིག་གི་མཐེབ་མོས་ལག་པ་གཞན་པའི་སྐྱོར་ཀོང་གསང་མིག་སྐར་མ་གསུམ་གྱི་རིང་ལ་མནན་ཏེ། ན་ཟུག་ཅུང་ཙམ་བྱུང་ན་ཆོག་པ་དང་། དེ་ནས་ལག་པ་བརྗེ་སྟེ་སྔར་བཞིན་ནོན་དགོས། བྱེད་ཐབས་འདིས་ཁྲག་རླུང་གསོ་བ་དང་དབང་རྩའི་བྱེད་ནུས་ཉམས་པ་སྔོན་འགོག་བྱས་ཏེ། ཀླད་པའི་ཚོར་བ་སྐྱེན་པོ་ཡོང་བར་བྱེད།

ཐའེ་ཁྲུང་གསང་མིག་གནོན་པ། རྐང་བོལ་གྱི་མཐེབ་རུས་དང་པོ་དང་གཉིས་པའི་འབྲེལ་འཚམས་ཀྱི་རྡིབ་པའི་གནས་དེ་རུ་ཐའེ་ཁྲུང་གསང་མིག་ཡོད། ལག་པའི་མཐེབ་མོས་རྐང་པའི་ཐའེ་ཁྲུང་གསང་མིག་སྟེང་སྐར་མ་གསུམ་གྱི་རིང་ལ་མནན་པ་དང་། ན་ཟུག་ཅུང་ཙམ་འབྱུང་བ་ནི་མནན་ཚད་རན་པའི་རྟགས་ཡིན། དེ་ནས་རྐང་པ་བརྗེ་རྗེས་ཡང་བསྐྱར་གནས་དེ་ནོན་པ་དང་། ཉིན་རེར་ཐེངས་གཉིས་རེ་གནོན་དགོས། བྱེད་ཐབས་འདིས་ཀླད་པའི་ནང་གི་ཁ་ཤན་བུལ་ཟགས་ཐོན་བྱེད་ཚད་ཇེ་དྲག་ཏུ་གཏོང་བ་དང་། ཀླད་ཆེན་བར་སྟོང་གི་ཤེས་ཚོར་ནུས་པ་ཇེ་དྲག་ཏུ་བཏང་ནས། ཧོན་ལོག་ནད་ཀྱི་འབྱུང་ཚད་ཇེ་དམའ་རུ་གཏོང་ཐུབ། །

རྩོམ་སྒྲིག་པ། འབྲུག་མོ།