མཚོ་སྔོན་ཞིང་ཆེན་གྱི་མེ་འགོག་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་གིས་སྡེ་ཁག་མང་པོ་དང་མཉམ་འབྲེལ་སྒོས་སྨན་བཅོས་དང་སྨན་གསོ་ལས་ཁུངས་ཀྱི་མེ་འགོག་བདེ་འཇགས་ཞིབ་བཤེར་བྱ་བ་སྤེལ།
2023.05.17 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 10

ཟླ5པའི་ཚེས10ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་མེ་འགོག་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་ནས་ཤེས་གསལ་ལྟར་ན། མེའི་གནོད་འཚེ་དོན་རྐྱེན་གྱི་བསླབ་བྱ་བསྡུ་ལེན་ཟབ་མོ་བྱེད་ཆེད། ཉེ་སྔོན། མཚོ་སྔོན་ཞིང་ཆེན་མེ་འགོག་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་དང་ཞིང་ཆེན་དམངས་སྲིད་ཐིན། ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་བཅས་ཀྱིས་མཉམ་འབྲེལ་སྒོས་སྨན་བཅོས་ལས་ཁུངས་དང་སྨན་བཅོས་རྒན་གསོ་ཟུང་འབྲེལ་གནས་ཀྱི་མེ་འགོག་བདེ་འཇགས་ཆེད་དོན་བཅོས་སྐྱོང་ལས་དོན་ཇུས་གཞི་དཔར་འགྲེམ་རྨང་གཞིའི་ཐོག མཐུན་སྦྱོར་བཅོས་སྐྱོང་ལ་མུ་མཐུད་དུ་ཤུགས་འདོན་པ་དང་། ཆེད་དོན་ཞིབ་བཤེར་ཚན་ཆུང་བཙུགས་པ། འབུར་ཐོན་ཉེན་ཁ་ཡོ་བསྲང་དག་ཐེར་བྱས་པ། མེ་འགོག་བདེ་འཇགས་ཀྱི་མཐའ་ཚད་མཐའ་གཅིག་ཏུ་བསྲུང་ཐུབ་པར་བྱས།

ཐེངས་འདིར། ཞིབ་བཤེར་ཚན་ཆུང་གིས་མེ་འགོག་བདེ་འཇགས་ཀྱི་འགན་འཁྲི་གསལ་པོ་མིན་པ་དང་ཚེ་སྲོག་བརྒྱུད་ལམ་ཤར་བགྲོད་མི་ཐུབ་པ། སྒྲིག་འགལ་སྒོས་མེ་དང་ཚ་ལ་སོགས་བྱེད་པ། སྒྲིག་འགལ་སྒོས་ལས་བསྟར་འཛུགས་སྐྲུན་བྱེད་པ། འབར་སླ་བའི་རྒྱ་ཆ་སྤྱོད་པ་སོགས་ཀྱི་ཉེན་ཁའི་རྐྱེན་ངན་གནད་དོན་ལ་དམིགས་ནས། སྐུལ་སློང་བཀོད་སྒྲིག་དང་གཅིག་སྡུད་བཅོས་སྐྱོང་། སྤྱི་སྡོམ་བརྟག་བཤེར་བཅས་རིམ་པ་གསུམ་བརྒྱུད་ཅིང་། སྨན་ཁང632དང་། དམངས་སྲིད་སྡེ་ཁག་གིས་གཙོ་སྐྱོང་བྱེད་པའི་སྨན་བཅོས་རྒན་གསོ་ཟུང་འབྲེལ་གནས་བཅུ་བདུན་དང་འཕྲོད་བསྟེན་སྡེ་ཁག་གིས་གཙོ་སྐྱོང་བྱེད་པའི་སྨན་བཅོས་རྒན་གསོ་ཟུང་འབྲེལ་གནས་གསུམ་བཅས་ལ་ཕྱོགས་ཡོངས་ནས་གྲལ་བཤེར་དང་གཅིག་སྡུད་བཅོས་སྐྱོང་བྱས་པར་མ་ཟད། མེའི་གནོད་འཚེ་ཉེན་ཁའི་ཕྱོགས་སྟོན་གཏན་འབེབས་བཟོས་པ། སྨན་བཅོས་སྒྲིག་གཞི་དང་སྨན་བཅོས་རྒན་གསོ་ཟུང་འབྲེལ་གནས་ཀྱི་གཙོ་གནད་མི་སྣ་དང་ཁ་ཏ་བྱས་པ། ཁོངས་མི་ཡོངས་ཀྱི་ཉེན་བརྡའི་སློབ་གསོ་སྤེལ་བ། མེའི་གནོད་འཚེ་ཉེན་ཟོན་འདུ་ཤེས་མཐོར་འདེགས་གཏོང་བ། དུས་མཚུངས་སུ། རང་ཞིང་གི་མེ་འགོག་སྡེ་ཁག་གིས་རིག་ནུས་མེ་འགོག་རྒྱུད་ཁོངས་དང་དངོས་འབྲེལ་སྒྲིག་ཆས་འཛུགས་སྐྲུན་ལ་ཧུར་ཐག་གིས་སྐུལ་འདེད་གཏོང་བ། ཆ་འཕྲིན་ལག་རྩལ་བཀོལ་ནས་མེ་སྐྱོན་ཉེན་ཁ་ཡུལ་དུས་ལྟ་སྡོམ་དང་འགུལ་རྣམ་ཚོར་ཤེས་སྔོན་བརྡ་གཏོང་བ། ལས་ཁུངས་ཀྱི་ལག་རྩལ་གྱིས་འགོག་པ་དང་དངོས་པོས་འགོག་པའི་ཆུ་ཚད་མཐོར་འདེགས་བཏང་།  དྲིལ་སྒྲོག་བྱེད་ས་རིགས་སྣ་ཚོགས་སྤྱོད་པ་དང་། དྲིལ་སྒྲོག་ཆེད་སྒྲིག་འཛུགས་པ་དང་རྐྱེན་ངན་དམར་འདོན་སོགས་ཀྱི་རྣམ་པ་སྤྱད་དེ། སྤྱི་པའི་བདེ་འཇགས་ལ་ཤུགས་རྐྱེན་ཚབས་ཆེན་ཡོད་པ་དང་འགོར་འགྱངས་མི་བྱེད་པའི་རྐྱེན་ངན་ལས་ཁུངས་ལ་ཉེན་བརྡ་གཏོང་བ། བཅོས་སྒྲིག་ལ་ཧུར་བརྩོན་བྱེད་པའི་ལས་ཁུངས་ལ་དྲང་ཕྱོགས་ནས་དྲིལ་སྒྲོག་བྱས་ནས། བྱ་བའི་ཕན་འབྲས་ལ་ཁག་ཐེག་བྱས།

ཞིང་ཆེན་མེ་འགོག་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་གི་འབྲེལ་ཡོད་མགོ་ཁྲིད་ཀྱིས། ད་ནས་བཟུང་ཞིབ་བཤེར་དང་བཅོས་སྐྱོང་། སློབ་གསོ་བཅས་མུ་མཐུད་དུ་རྒྱུན་སྐྱོང་རྒྱུ་དང་། གཙོ་གནད་ལས་རིགས་དང་གཙོ་གནད་ཁྱབ་ཁོངས་ཀྱི་མེ་འགོག་བདེ་འཇགས་ལ་ཡོ་བསྲང་བཅོས་སྐྱོང་ཟབ་མོ་བྱེད་པ། ཁྱབ་ཁོངས་མང་པོ་དང་སྡེ་ཁག་མང་པོ་ལ་འདུས་ཤུགས་ཆགས་སུ་འཇུག་པ། བྱེད་ཐབས་མང་པོ་མཉམ་དུ་སྤྱད་ནས། མི་དམངས་མང་ཚོགས་ཚོས་སྨན་བཅོས་རྒན་གསོ་ཕྱོགས་ལ་སེམས་བདེ་བ་དང་སྔར་ལས་བདེ་འཇགས་ཡིན་དུ་འཇུག་དགོས་ཞེས་བསྟན།  །

རྩོམ་སྒྲིག་པ། འབྲུག་མོ།