བོད་ཀྱི་གསོ་རིག་བསྟན་བཅོས་ཆེན་མོ《དཔལ་ལྡན་རྒྱུད་བཞི》མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཛམ་གླིང་དྲན་ཤེས་མིང་ཐོར་ཚུད།
2023.05.31 ཁུངས། མི་དམངས་དྲ་བ། ཀློག་གྲངས། 12

ཉེ་ཆར། ཧྥ་རན་སིའི་ཕེ་རིས་སུ་འཚོགས་པའི་མཉམ་འབྲེལ་རྒྱལ་ཚོགས་ཚན་རིག་སློབ་གསོ་དང་རིག་གནས་རྩ་འཛུགས་ཀྱི་ཐེངས216པའི་ལག་བསྟར་ཅུའུ་ཡི་གྲོས་ཚོགས་ཐོག དཔེ་རྙིང་ཤུལ་བཞག་ཁག་རེ་བཞི《འཛམ་གླིང་དྲན་ཤེས(རྒྱལ་སྤྱི)མིང་ཐོ》ནང་འཇུག་རྒྱུའི་ཁྱབ་བསྒྲགས་བྱས་པ་དང་། དེའི་ནང་རང་རྒྱལ་གྱི་རྒྱལ་ཁབ་ཡིག་ཚགས་ཅུའུ་ཡིས་རྩ་འཛུགས་བྱས་ནས་སྙན་ཞུ་ཕུལ་བའི《དཔལ་ལྡན་རྒྱུད་བཞི》དང《ཨའོ་མོན་ཀུན་བདེ་གླིང་གི་ཡིག་ཚགས་དང་བྲིས་མ(1645-1980)》དཔེ་རྙིང་ཡིག་ཚགས་གཉིས་ཐེངས་འདིའི་འཛམ་གླིང་དྲན་ཤེས་མིང་ཐོར་ཚུད།

《དཔལ་ལྡན་རྒྱུད་བཞི》ཡི་པར་མ་རིགས་ལྔ་ད་ལྟ་བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་དུ་གཅེས་ཉར་བྱས་ཡོད་པ་དང་། དེ་དག་ནི་དུས་རབས་བརྒྱད་པ་ནས་བཅུ་གཉིས་པའི་བར་གྱི་ཡིག་ཚང་ཡིན་ཞིང་། བོད་ཀྱི་གསོ་བ་རིག་པའི་ཆེས་ལེགས་ཤིང་ཤུགས་རྐྱེན་ཤིན་ཏུ་ཆེ་བའི་རྨང་གཞིའི་བསྟན་བཅོས་ཤིག་ཡིན། ཡིག་ཚང་དེས་བོད་ཀྱི་གསོ་བ་རིག་པའི་འཕེལ་རྒྱས་ཀྱི་ལོ་རྒྱུས་རྗེས་ཤུལ་ཕྱོགས་ཡོངས་ནས་མཚོན་ཡོད་པར་མ་ཟད། བོད་ཀྱི་གསོ་བ་རིག་པ་ཁྱབ་གདལ་དང་འཕེལ་རྒྱས་གཏོང་བར་གཞན་གྱིས་ཚབ་བྱེད་ཐབས་བྲལ་བའི་ནུས་པ་ཐོན་ཡོད། དེ་ཡིས་སྐབས་དེའི་བོད་ཀྱི་གསོ་བ་རིག་པའི་ཆེས་མཐོའི་ཆུ་ཚད་མཚོན་ཡོད་པར་མ་ཟད། དེ་ནི་བོད་ཀྱི་གནའ་རབས་མི་ཆོས་ལོ་རྒྱུས་དང་རིག་གནས་སྤེལ་རེས། མཚན་ཉིད་བསམ་བློ། སྲོལ་རྒྱུན་ལག་རྩལ་གྱི་གཅིག་སྡུད་འདུས་གྲུབ་ཅིག་ཡིན།

ད་ཐེངས《འཛམ་གླིང་དྲན་ཤེས་མིང་ཐོ》ནང་བདམས་པའི1546ལོའི་གྲྭ་ཐང་ཤིང་པར་མ་དང་། 1640ལོའི་རྟག་བརྟན་ཤིང་པར་མ། 1662ལོའི་དགའ་ལྡན་ཕུན་ཚོགས་གླིང་ཤིང་པར་མ། 1892ལོའི་ལྕགས་པོ་རིའི་ཤིང་པར་མ། 1942ལོའི་གསེར་བྲིས་མ་བཅས་དུས་རབས་མི་འདྲ་བའི་དཔེ་བསྡུར་དང་བཀས་བཅད་པར་མ་བཅས་སྙན་ཞུ་བྱས། 《གསོ་རིག་རྒྱུད་བཞི》ནི2018ལོར《འཛམ་གླིང་དྲན་ཤེས་ཀྱི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོའི་མིང་ཐོར》ཚུད་ཡོད་པ་རེད།

རྩོམ་སྒྲིག་པ། འབྲུག་མོ།