ཕོ་ཤེལ་བརྟག་པའི་སྐབས་ཀྱི་མཉམ་འཇོག་བྱེད་དགོས་ས་འགའ།
2023.06.02 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 10

ཕོ་ཤེལ་ལ་བརྟག་པའི་སྐབས་སུ་ཚང་མས་གཤམ་གྱི་གནད་དོན་འདི་དག་ལ་མཉམ་འཇོག་དགོས།

གཅིག སྣོལ་མའི་རེད་པ་མི་འབྱུང་བའི་ཆེད་དུ། ཕོ་ཤེལ་བརྟག་ཁར། འབྲེལ་ཡོད་ཁྲག་བཤེར་བྱས་ཏེ། རང་ཉིད་ལ་མཆིན་ཚད་ཁ་པ་སོགས་ཀྱི་འགོས་ནད་ཡོད་མེད་ལ་བརྟག་དགོས།

གཉིས། ཕོ་ཤེལ་ལ་བརྟག་ཁའི་ཉིན་གཅིག་གི་སྔོན་ལ། བཟའ་བཏུང་ཉུང་བསྟེན་བྱེད་དགོས། འབྲས་ཁུ་དང་ཕྱེ་ཐུག་སོགས་ཀྱི་འཇུ་སླ་བའི་ཟས་རིགས་བསྟེན་པ་ལས། སྣུམ་ཅན་དང་ཁ་ཚ་བ་སོགས་ཀྱི་རིགས་བསྟེན་མི་རུང་ལ། རྒྱས་བཟའ་རྒྱས་འཐུང་དེ་བས་ཀྱང་བྱེད་མི་རུང་། ཕོ་ཤེལ་ལ་མ་བརྟག་པའི་སྔོན་གྱི་དུས་ཚོད6ནས8ཀྱི་ནང་དུ་ཟ་མ་ཟ་མི་རུང་། དེ་མིན་ན་ཟས་རིགས་ཀྱིས་བརྟག་དཔྱད་མཇུག་འབྲས་ལ་གནོད་པ་ཐེབས་ངེས་རེད།

གསུམ། སྐར་མ15ནས30ཡི་སྔོན་དུ་སྦྲིད་སྨན་འཐུང་སྟེ། ཕོ་ཤེལ་བརྟག་པའི་སྐབས་སུ་མིད་པར་ཕོག་ཐུག་མི་ཐེབས་པ་བྱེད་དགོས།

ཕོ་ཤེལ་ལ་བརྟག་རྗེས། ཚང་མས་གཤམ་གྱི་དོན་ཚན་འདི་དག་ལ་མཉམ་འཇོག་དགོས།

གཅིག ཕོ་ཤེལ་ལ་བརྟག་རྗེས། མིད་པ་མི་བདེ་བ་དང་མིད་པའི་ནང་དུ་ཅི་ཞིག་ཡོད་པའི་ཚོར་སྣང་འབྱུང་ཞིང་། སྐྱུགས་མེར་ལངས་སྲིད་ལ་ཐ་ན་གསུས་ཁོག་སྦོས་པ་སོགས་ཀྱི་སྣང་ཚུལ་འབྱུང་། སྤྱིར་བཏང་གི་གནས་ཚུལ་འོག་ཉིན་གཅིག་ནས་གཉིས་ཀྱི་ནང་དུ་སྣང་ཚུལ་དེ་དག་མེད་པར་འགྱུར་འགྲོ་བས་སེམས་ཁུར་བྱེད་མི་དགོས།

གཉིས། བརྟག་དཔྱད་བྱས་ཚར་རྗེས། མྱུར་དུ་ཁ་ནང་བཤལ་བའམ་ཡང་ན་ཟ་མ་ཟ་བ་སོགས་བྱེད་མི་རུང་། སྐབས་དེར་མིད་པའི་ནང་གི་སྦྲིད་སྨན་ད་རུང་སེལ་ཡག་མིན་པས། གལ་ཏེ་ཁ་ནང་བཤལ་བའམ་ཡང་ན་ཟ་མ་ཟོས་ན། མིད་ནོར་ཤོར་བའི་ཉེན་ཁ་ཆེ།

གསུམ།བརྟག་དཔྱད་བྱས་ཚར་རྗེས་ཀྱི་དུས་ཚོད་གཅིག་དང་ཕྱེད་ཀ་ནས་དུས་ཚོད་གཉིས་ཀྱི་རྗེས་སུ། ད་གཟོད་ཟ་མ་ཟོས་ཆོག་མོད། འོན་ཀྱང་སྣུམ་ཚ་ཉུང་བ་དང་ཕོག་ཐུག་ཆུང་བའི་ཟས་རིགས་བསྟེན་དགོས། ཟས་རིགས་སྙི་མོ་དང་དྲོད་འཇམ་བསྟེན་པ་ལས། སྲ་ཞིང་འཕེལ་སླ་བའི་ཟས་རིགས་མི་བསྟེན་པར་འཚལ།

བཞི། ཡུལ་དུ་ལོག་རྗེས་ད་རུང་རང་ཉིད་ཀྱི་ལུས་པོའི་གནས་ཚུལ་ལ་མཉམ་འཇོག་དགོས་ལ། གལ་ཏེ་གསུས་ཁོག་ན་ཚད་ཇེ་ལྕི་རུ་འགྲོ་བ་དང་བཤང་བ་རྒྱུན་ལྡན་མིན་པ་སོགས་ཀྱི་གནས་ཚུལ་བྱུང་ན། མྱུར་དུ་སྨན་ཁང་ལ་སོང་ནས་སྨན་པར་སྟོན་དགོས། །

རྩོམ་སྒྲིག་པ། འབྲུག་མོ།